DJYD-KABUM-14-PHA-Karchag

From Dudjom Wiki

DJYD-KABUM-14-PHA-Karchag.pdf

[edit]
༄༅། །ཨོཾ་སྭསྟི། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ངག་བསྒྲིགས་བརྩམས་ཆོས་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡེབས་པའི་གླེགས་བམ། ཕ༽ པ་འདིར། གཏེར་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེའི་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་དང་། དེའི་ཆ་ལག་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྐོར་བཅས་སྒོས་ཀྱི་བཞུགས་བྱང་རབ་དགའི་དཔལ་སྟེར་དུ་གསལ་བ་ལྟར། དཀར་ཆག་འདི་ཉིད་ཀྱིས་ཐོག་དྲངས་རྩ་བ་དང་ཡན་ལག་ཁ་སྐོང་བཅས་ལེ་ཚན་སུམ་ཅུ་ཐམ་པ་ལ་ཁྱོན་ལྡེབ་གྲངས་ ༢༧༧ དང་། གླེགས་བམ་གྱི་དཀར་ཆག་ང་རང་ལྡེབ་ ༡ བཅས་བསྡོམས་ལྡེབ་གྲངས ༢༧༨ ཡོད་དོ། །བླ་མའི་འཕྲིན་ལས་ཆ་ཙམ་སྤེལ་སླད་དུ། །བདུད་འཇོམས་གསང་མིང་རིག་འཛིན་དབང་མོ་ཡིས། །གསུང་འབུམ་སྤར་དུ་བཏབ་པའི་ལེགས་བྱས་གང་། །མོས་ལྡན་ཡོངས་ལ་ཕན་པའི་དཔལ་གྱུར་ཅིག །དགེའོ།། །། ༈ མཁན་སློབ་ཆོས་གསུ༷མ་རིང་ལུགས་ཆེ། །འཛམ་གླིང་ས་གསུ༷མ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུ༷མ་སྣང་བ་དང་། །མི་འབྲལ་དུས་གསུ༷མ་དགེ་ལེགས་ཤོག། །།