DJYD-KABUM-17-TSA-Karchag

From Dudjom Wiki

DJYD-KABUM-17-TSA-Karchag.pdf

[edit]
༄༅། །ཨོཾ་སྭ་སྟི། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་དག་བསྒྲིགས་བརྩམས་ཆོས་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡེབས་པའི་གླེགས་བམ། ཙ༽ པ་འདིར། རྩོམ་ཐོར་སྣ་ཚོགས་ཀྱི་སྐོར་ལ། རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་ལས་བྱང་ཕྲིན་ལས་རྣམ་པར་རོལ་པའི་དགའ་སྟོན་ལ་ནང་གསེས་ལེ་ཚན་ཉེར་བཞིར་ཁྱོན་ལྡེབ་གྲངས་ ༡༠༣ དང་། ༈ བདུད་འཇོམས་སྔགས་སྲུང་མཆོད་ཕྲིན་ལྡེབ ༣ ལྷ་ཆེན་རྒྱུན་གསོལ་ལྡེབ ༤ ཤན་དམར་ཕྲིན་ལས་ལྡེབ ༡༤ ཡང་ཤན་དམར་ཕྲིན་ལས་ལྡེབ ༤ དེའི་མདོས་ཆོག་ལྡེབ ༡༥ ཨ་པ་ར་ཙིཏྟའི་སྐོར་བ་ལྡེབ ༢ གནོད་སྦྱིན་ནང་སྒྲུབ་ཕྲིན་ལས་ལྡེབ ༦ དེའི་མེ་མཆོད་ལྡེབ ༣ དང་། སྒབ་འདྲེ་མནན་པ་ལྡེབ ༣ གཟའི་ཕྲིན་ལས་ལྡེབ ༥ བཅས། ༈ དམ་ཅན་ཕུད་སྐོང་ལྡེབ ༢ པེ་ཧར་གསོལ་ཕྲིན་ལྡེབ ༨ ཡང་པེ་ཧར་གསོལ་ཕྲིན་ལྡེབ ༢ ཀོང་བཙུན་དེ་མོའི་མཆོད་ཕྲིན་ལྡེབ ༢ དྲག་ཤུལ་དབང་པོའི་གསོལ་ཕྲིན་ལྡེབ ༤ ཇག་མེའི་ཕྲིན་ལས་ལྡེབ ༡༥ དེའི་སྨད་ལས་ལྡེབ ༡༠ རླུང་ལྷར་ཕྲིན་བཅོལ་ལྡེབ ༡ བཅས། ༈ གསོལ་མཆོད་སྐོང་ཕྲིན་སྣ་ཚོགས་སྐོར་ལྡེབ ༣༩ དང་། གླེགས་བམ་གྱི་དཀར་ཆག་ང་རང་ལྡེབ ༡ བཅས་བསྡོམས་ལྡེ་བགྲངས ༢༤༦ ཡོད་དོ། །བླ་མའི་ཕྲིན་ལས་ཆ་ཙམ་སྤེལ་སླད་དུ། །བདུད་འཇོམས་གསང་མིང་རིག་འཛིན་དབང་མོ་ཡིས། །གསུང་འབུམ་སྤར་དུ་བཏབ་པའི་ལེགས་བྱས་གང་། །མོས་ལྡན་ཡོངས་ལ་ཕན་པའི་དཔལ་གྱུར་ཅིག །དགེའོ།། །། ༈ མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །མི་འབྲལ་དུས་གསུམ་དགེ་ལེགས་ཤོག །།།