བླ་མའི་ཐུགས་སྒྲུབ་གཏེར་ཁ་བདུན་འདུས་ཀྱི་ཆོ་གའི་ལས་འགྲིགས་རབ་གསལ་ཡིད་ཀྱི་མེ་ལོང་།

From Dudjom Wiki
DJYD-KABUM-22-ZA-003
Wylie title bla ma'i thugs sgrub gter kha bdun 'dus kyi cho ga'i las 'grigs rab gsal yid kyi me long DJYD-KABUM-22-ZA-003.pdf
Location bdud 'joms rin po che bka' 'bum
Volume 22, Text 3, Pages 39-56 (Folios 1a1 to 9b3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bla ma'i thugs sgrub gter kha bdun 'dus kyi cho ga'i las 'grigs rab gsal yid kyi me long. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 39-56. Kalimpong: Dupjung Lama, 1979-1985.
Side notes Recto: las 'grigs   Verso: bla sgrub gter kha bdun 'dus
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre Activity Manual - las byang  ·  Liturgical Arrangements - 'don 'grigs
Cycle ཐུགས་སྒྲུབ་གཏེར་ཁ་བདུན་འདུས་ (thugs sgrub gter kha bdun 'dus)
[edit]
༄༅། །བླ་མའི་ཐུགས་སྒྲུབ་གཏེར་ཁ་བདུན་འདུས་ཀྱི་ཆོ་གའི་ལས་འགྲིགས་རབ་གསལ་ཡིད་ཀྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །


༄༅། །ཨོཾ་སྭསྟི། བླ་མའི་ཐུགས་སྒྲུབ་གཏེར་ཁ་དྲུག་འདུས་ཀྱི་ཆོ་གའི་ཕྱག་བཞེས་ལས་འགྲིགས་ཟིན་ཐོ་འགོད་པ་ལ། ཐོག་མར་རྟེན་དང་མཆོད་གཤོམ། ཚོགས་གཏོར་གྱི་ཡོ་བྱད། རོལ་མོའི་བྱེ་བྲག་སོགས་འདིར་དགོས་པའི་རིམ་པ་རྣམས་མཐོང་བརྒྱུད་བཞིན་ཚོགས་པར་བྱས་ནས། ཆོ་ག་དངོས་ལ། ཚིག་བདུན་གསོལ་འདེབས་ལན་གསུམ། འདིར་དགེ་བསྐོས་སམ་ལས་རྡོར་ནས་སྤོས་བསྐོར། བརྒྱུད་འདེབས་སྔོན་དུ་འགྲོ་བས། ཇ། ཇ་མཆོད་ སྡོམ་བརྩོན་དམ་པ། དགེ་བསྐོས་ཀྱིས་ཇ་གནང་ཞུ། དེ་ནས། རང་ཉིད་སྐད་ཅིག་གིས་སོགས། ལས་རྡོར་གྱིས་གྲལ་གཤམ་དུ་བགེགས་གཏོར་བཤམས། རྃ་ཡྃ་ཁྃ་ལ་ཆབ་བྲན། སྟོང་པའི་ངང་ལས་སོགས། ཨོཾ་ཨཱཿཧཱུྃ་ཧོཿ ར་སློབ་དཔོན་གྱིས་མཁའ་ [2a] ལྡིང་རྒྱ། ཨ་ཀརྵ་ཡ་ཛཿར་འགུགས་རྒྱ། སརྦ་བི་གྷྣཱན་སོགས་ལ་པད་སྐོར་མཛོད་རྒྱ་སེ་གོལ་བཅས་ལན་གསུམ་མཐར། འདིར་དམིགས་བསལ་རོལ་རྒྱ་བརྡུང་དུ་གྲགས་པ་༼རྐ་༤༽ ཐང་གསུམ་ཟིལ་འབེབས་མཐར། སྦྲམ་ སྦྲམ་ ཐང་༡ ཐང་༢ ཐང་༣ ཐང་ཟད་མཇུག་ བེཾར་ སྦྲམ་༠ ༠༡ བྱསཾ་ བེརཾ་ སྦྲམ་༠ ༠༢ བྱསཾ་ བེརཾ་ སྦྲམ་༠ ༠༣ བྱསཾ་ སྦྲམ་༠ སྦྲམ་༠ ཐང་ ༠༡ ༠༢ ༠༣ ༠༤ ༠༥ ༠༦ ༠༧ ༠༨ ༠༩ ཐང་ སྦྲམ་༠ ཡང་ ༡ ཐང་སོགས་གོང་གི་དེ་འདྲ་བ་ལན་གསུམ་མཐར། སྦྲམ་༠ ཞེས་ཐིང་ཌཱ༤རྐ༽གང་ཆེ་བ་གསུམ་ནས་ཟིལ་འབེབས་སུམ་བརྡུང་འཇོག་མེད་ཀྱིས། ཧཱུྃ༔ བླ་མ་རྣམས་ཀྱི་སོགས་ལྡེམ་དབྱངས་ཚིག་གཉིས་ནས་སུམ་བརྡུང་འཇོག་མེད་ཀྱིས། མཁའ་འགྲོ་ [2b] རྣམས་ནས་ལྷུག ། འདི་རུ་མ་འདུག་ལ་འཇགས་རྐ༣༽རོལ་འོག་ལས་རྡོར་གྱིས་བགེགས་གཏོར་ཕྱིར་གཏོང་ཞིང་གུ་གུལ་འདུག །སློབ་དཔོན་གྱིས་ཡུངས་ཐུན་འཐོར། ཟིལ་འབེབས་མཐར། སྦྲམ་ སྦྲམ་ བྱས་༡ ༢ ༣ བྱས་ ༡ ༢ བྱས་ སྦྲམ་ ཐང་ནས། ཧཱུྃ༔ ང་ནི་ཡེ་ནས་སོགས་མཚམས་གཅོད་རང་གདངས་བླ་མ་གསང་འདུས་ལྟར་དལ་ཤོས་ཚིག་གཉིས་མཚམས་རོལ་མོ་གོང་བཞིན། མཐར་ཡང་རོལ་གོང་འདྲ་ནས་ཟིལ་འབེབས་བཞག་རོལ། ཕོ་བྲང་དབུས་ཀྱི་སོགས་རང་གདངས། སྐུ་རུ་གྱུར༔ ཅེས་བསྐུལ་མཚམས་ཀྱིས། ཐལ་སྦྱར་བཅས། ན་མོ། བླ་མ་བདེ་གཤེགས་སོགས་སྐྱབས་འགྲོ་ལན་གསུམ་མཐར་བསྐུལ་མཚམས་མེད་པའི་སེམས་བསྐྱེད་ལན་གསུམ། བསྐུལ་མཚམས་ཀྱིས། ཧཱུྃ༔ བླ་མ་ཡི་དམ་སྔགས་བཅས་གདངས་མ། མཎྜལ་སྔགས་མཇུག་བསྐུལ་མཚམས་མེད་པས། བདག་གི་ལུས་དང་སོགས་གདངས་བཅས། བླ་མ་རྒྱལ་བ་སྲས་བཅས་ནས་ལྷུག །རོལ་ཐང་གསུམ་ཟིལ་འབེབས་སུམ་བརྡུང་ལ་སློབ་དཔོན་གྱིས་གཡབ་གཅིག་བཅས་འཇོག་མེད་ནས། ཧཱུྃ༔ ཆོས་དབྱིངས་རྣམ་དག་སོགས་ལྡེམ་དབྱངས་ལྷུ་གཅིག་ནས་མཚམས་རོལ་སུམ་བརྡུང་འཇོག་ཡོད་ཀྱིས། ཐུགས་རྗེ་དམ་བཅའ་ནས་ལྷུག བྱིན་ཕོབ་དངོས་གྲུབ་སྩོལ༔ ཞེས་སུམ་བརྡུང་ནས་བརྒྱུད་གསུམ་རོལ་མོའི་སྐབས་སློབ་དཔོན་ནས་དར་དམར་གྱི་གཡབ་དར་ལན་གསུམ་དང་། [3a] ལས་རྡོར་གྱིས་ལྡེམ་སྤོས་བཅས་དར་སྣའི་གཡབ་མོ་མཐར་ཟིལ་འབེབས་ཌཱརྐ༣༽ བཞག་རོལ། ལས་རྡོར་གྱིས་སྨན་རཀ་དང་ནང་མཆོད་ཀྱི་ཁེབས་བསལ། སྭབྷ་ཝར་ལས་ཆུ་འཐོར། ཨོཾ་ཨཱཿཧཱུྃ་ལན་གསུམ། བྷནྡྷ་གཞལ་ཡས་སོགས་ནས་ལྷུག །སྔགས་རྣམས་གྲངས་གཞུང་བཞིན་དང་། པུཥྤེ་སོགས་ལ་རང་རྒྱ། ཤཔྡར་ཌཱརྐ༣༽འཇམ་རོལ། མ་ཧཱ་མཱཾ་ས་དང་། བོ་ངྷི་ཙིཏྟ་བཅས་དལ་འདོན་མཐར། ལས་རྡོར་གྱིས་ཁེབས་སྒྲོན། རོལ་ཐང་གསུམ་ཟིལ་འབེབས་ནས། སྦྲམ་ སྦྲམ་ ཐང་ ༡ ཐང་ ༢ ཐང་ ༣ ཐང་ བྱས་ ཐང་ ༡ ཐང་ བྱས་ ཐང་ཟད་ནས། ཨོཾ༔ ཆོས་སྐུ་མི་འགྱུར་སོགས་དྲག་དམར་ལྷ་བསྐྱེད་རྟ། དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ ཞེས་སུམ་བརྡུང་མཚམས་ཅན་འཇོག་ཡོད་ཀྱིས། ཨཱཿ བློ་བྲལ་དེ་ཡི་སོགས་ལྷུག་འདོན་དལ་ཆགས་པ། སྤྲུལ་པའི་གུ་རུ་མཚན་བརྒྱད་གསལ༔ ཅེས་རོལ་ཚག་གིས་བཞག །བསྐུལ་མཚམས་ཀྱིས། ཧྲཱིཿ ཕོ་བྲང་ཕྱོགས་བཞི་སོགས་ལྷུག་འདོན། དུ་མར་སྣང་ཡང་ངང་དུ་གཅིག༔ ཅེས་སུམ་བརྡུང་མཚམས་ཅན་ལ་སློབ་དཔོན་གྱི་གཡབ་གཅིག་བཅས་འཇོག་མེད་དལ་བ་ནས། ཧྲཱིཿ སྔོན་གྱི་བསྐུལ་པའི་སོགས་རང་གདངས་ལྡེམ་དབྱངས་ལྷུ་གཅིག་ནས་མཚམས་རོལ་སུམ་བརྡུང་འཇོག་ཡོད་ཀྱིས། དྷ་ན་ཀོ་ཤའི་སོགས་ནས་ལྷུག ། བྱིན་གྱིས་རློབ་ཕྱིར་གཤེགས་སུ་ [3b] གསོལ༔ ཞེས་རོལ་ཚག་གིས་བཞག །བསྐུལ་མཚམས་ཀྱིས། ཧཱུྃ༔ ཡུལ་གྱི་མིང་ནི་སོགས་ལྷུག དངོས་གྲུབ་སྩོལ༔ ཐང་ ༡ ཐང་ ༢ ཐང་ བྱས་ ཐང་ ༡ ཐང་ ༢ ཐང་ བྱས་ ཐང་ཟད་ནས། ཧྲཱིཿ བདེ་ཆེན་འབར་བའི་སོགས་རྩ་གདངས་རྩེ་བྲན་ཅན། ཚིག་བཞི་མཚམས་སུ་རོལ་བཅས་ལྷུག་གཉིས་གཏོང་། དུར་ཁྲོད་ཆེན་པོའི་ནས་ལྷུག ། བརླབ་ཕྱིར་གཤེགས་སུ་གསོལ༔ ཐང་ ༡ ཐང་ ༢ ཐང་ བྱས་ ཐང་ ༡ ཐང་ ༢ ཐང་ ཐང་ བྱས་ ཐད་ཟད་ནས། གནས་མཆོག་འདི་རུ་སོགས་གོང་གི་བདེ་ཆེན་འབར་བའི་གདངས་བཞིན་དང་། མཇུག་གི་རོལ་མོའང་སྔར་བཞིན་མཐར་ཟིལ་འབེབས་གཡས་གཅིག་ནས་བཞག་རོལ། ཧཱུྃ༔ རིན་ཆེན་ཕོ་བྲང་སོགས་ལྷུག་འདོན་དལ་བ་བཅད་ཐོན། ཇ༽ འདིར་ཇ་མཆོད་ དུས་གསུམ་སངས་རྒྱས་སོགས། དེ་ནས་ཐལ་སྦྱར་གྱིས། ཨེ་མ་ཧོཿ སྐྱེ་འགགས་འགྱུར་མེད་སོགས་རྫོགས་ཆེན་ཕྱག་འཚལ་གདངས། པྲ་ཏཱིཙྪ་ཧོཿ ཞེས་ཐིང་གསུམ་ཟིལ་འབེབས་སུམ་བརྡུང་འཇོག་མེད་ནས། ཧྲཱིཿ བླ་མ་ཡི་དམ་སོགས་དྲག་དམར་མཆོད་གདངས། ཡིད་འོང་རྣམས༔ ཞེས་སུམ་བརྡུང་འཇོག་ཡོད་ཀྱིས། སྤྱན་ཤངས་ཐུགས་ཀ་ནས་ལྷུག །པུཥྤེ་སོགས་ལ་སློབ་དཔོན་གྱིས་དྲིལ་གསིལ། པཱ་ཛ་ཧོཿ ཞེས་སུམ་བརྡུང་འཇོག་མེད་ཀྱིས། ཧྲཱིཿ བླ་མ་ཡི་དམ་སོགས་ནང་མཆོད་གདངས་རོལ་གོང་བཞིན་དང་། ཚིག་བསྟན་རྐང་གླིང་༥དང་ [4a] ཐོད་རྔ། དུག་གསུམ་སྐུ་གསུང་སོགས་ནས་གསང་མཆོད་བཅས་ལྷུག ། གུ་ཧྱ་པཱ་ཛ་ཧོཿ ཞེས་གསུམ་བརྡུང་མཚམས་ཅན་འཇོག་མེད་ནས། ཧྲཱིཿ བླ་མ་ཡི་དམ་སོགས་སྨན་མཆོད་རྩ་གདངས་ལྡེམ་དབྱངས་ཚིག་གཉིས་ནས་སུམ་བརྡུང་འཇོག་ཡོད་ཀྱིས། རྩ་བརྒྱད་སྟོང་ལ་སོགས་ནས་ལྷུག །འདི་སྐབས་སློབ་དཔོན་གྱིས་ནང་མཆོད་ཕྱག་གཡས་པས་འདེབས། ལས་རྡོར་གྱིས་སྨན་ཐོད་དཔྲལ་བ་མདུན་བསྟན་ལག་གཡས་པས་འདེབས། གཡོན་གྱིས་སྒྲོན་ཐུར་འཛིན་བཞིན། སྔགས་རྣམས་ལ་སློབ་དཔོན་གྱི་ནང་མཆོད་ཕྱག་གཡོན་པའི་མཐེབ་སྲིན་གྱིས་འཐོར་ཞིང་། ལས་རྡོར་ནས་སྨན་ཕུད་སྒྲོན་ཐུར་གྱིས་བསྒྲེང་། ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཞེས་རོལ་ཚག་གིས་བཞག ། ཆོས་སྐུ་སྣང་བ་སོགས་སྨན་མཆོད་རྟ་ལྡེམ་དབྱངས། ཨོ་རྒྱན་རྡོ་རྗེ་གླིང་པ་ནས་ལྷུག །རྔ་ཆིངས་ཀྱིས། ཧྲཱིཿ བླ་མ་ཡི་དམ་སོགས་རཀྟའི་མཆོད་པ་ལྷུག ། རཀྟ་ཁ་རཾ་ཁཱ་ཧི༔ ཞེས་སུམ་བརྡུང་འཇོག་མེད་ཀྱིས། ཧཱུྃ༔ རྗེ་བཙུན་བླ་མ་སོགས་ལ་ལྷ་ཆེན་བསྟོད་དབྱངས་ཆེ་བ། གདངས་མི་བཏང་ན་དེའི་བར་ལ་རོལ་མེད། སྤྲོ་དགའ་གནས་ཀྱི་མཆོད་པ་བཞེས༔ ཞེས་སུམ་བརྡུང་འཇོག་མེད་ཀྱིས། ཧཱུྃ༔ སྣང་བ་སྣོད་ཀྱི་སོགས་སྔགས་སྲུང་མཆོད་དབྱངས་རྩེ་བྲན་ཅན། བཀོད་རེ་ལེགས༔ ཞེས་སུམ་བརྡུང་འཇོག་ཡོད་ཀྱིས། དཀར་གྱི་ཐིག་བཏབ་སོགས་ནས་ལྷུག ། བདུད་རྩི་བསྒྱུར་བའི་གཏོར་མ་ཆེན་པོ་འདིས༔ ཐང་ [4b] ༡ ཐང་ ༢ ཐང་ བྱས་ ཐང་ ༡ ཐང་ ༢ ཐང་ བྱས་ ཐང་ཟད་ནས། རྡོ་རྗེ་སློབ་དཔོན་སོགས་གདངས་རོལ་གོང་བཞིན། མཆོད་པར་འོས་པའི་ཐུགས་དམ་བསྐངས་གྱུར་ཅིག༔ ཐང་ ༡ ཐང་ ༢ ཐང་ བྱས་ ཐང་ ༡ ཐང་ ༢ ཐང་ སྦྲམ་ ཞེས་ཟིལ་འབེབས་ནས་སུམ་བརྡུང་འཇོག་མེད་ཀྱིས། ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་སོགས་བསྟོད་གདངས། རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཅེས་སུམ་བརྡུང་འཇོག་ཡོད་ན། འདིར་བླ་མ་སྤྲུལ་སྐུའི་སྐབས་ཡིན་ན། ཧཱུྃ༔ དུས་གསུམ་བདེ་གཤེགས་སོགས་བརྡ་བསྟོད་དང་། གང་ལྟར། ཧྲཱིཿ ཞི་བའི་ལས་མཛད་སོགས་ནས་ལྷུག ། རྗེ་ལ་ཕྱག་འཚལ་བསྟོད༔ ཅེས་རྩེ་ཚག་གིས་བཞག །བསྐུལ་མཚམས་ཀྱིས། ཧྲཱིཿ མ་ཆགས་སྐྱོན་གྱིས་སོགས་ལྷུག ། ཤཱཀྱ་སེང་གེའི་སྐུ་ལ་བསྟོད༔ ཅེས་རོལ་ཞིས་བརྡུང་མཚམས་འཇོག་ཅན་ནས། སེང་སྒྲོགས་དང་གྲོ་ལོད་གཉིས་འཆམས་དབྱངས་ལྟར་དང་། གྲོ་བསྟོད་མཇུག་གི་ཉིས་བརྡུང་དང་གིང་བསྟོད་འགོའི་བསྟོད་འགོའི་སུམ་བརྡུང་ཁོལ་མ་སྦྲེལ་ཏེ། ཧྲཱིཿ སྣང་བ་མ་འགགས་སོགས་གིང་བསྟོད་དབྱངས་རོལ་བཅས་ལྷུག་གཉིས་མཐར། སུམ་བརྡུང་ཁོལ་མའི་མཇུག་སུམ་བརྡུང་རྐྱང་པ་སྦྲེལ་ཏེ། སྐྱེ་འགག་གཉིས་སུ་སོགས་ནས་ལྷུག་མཐར། སུམ་ཕྱེད་ཟིལ་འབེབས་བཞག་རོལ། འོས་གྱུར་གསོལ་འདེབས་ཀྱིས་ཞོག་ཚོགས་གྲོལ། ༼ཚ་གུང་སྦྲེལ་མར་༽ སྣང་སྲིད་གཞལ་ཡས་སོགས་ལྷུག་ [5a] འདོན། རང་བཞིན་མེད་པར་བསྒོམ༔ ཞེས་བསྐུལ་མཚམས་ཀྱིས། ཀྱེ་ཀྱེ་བླ་མ་སོགས་ཕོ་བྲང་དབུས་གདངས་ཐལ་སྦྱར་བཅས། འདྲེན་པའི་བླ་མར་སོགས་ལྷུག་ནས། བཛྲ་གུ་རུ་སུམ་བརྒྱ་ཙམ་བཟླས་མཐར། བསྐུལ་མཚམས་ཀྱིས། ཐལ་སྦྱར་བཅས། བླ་མ་ཡབ་ཡུམ་སོགས་ཕོ་བྲང་དབུས་གདངས། བྱིན་གྱིས་བརླབས་ནས་ལྷུག །བསྐུལ་མཚམས་ཀྱིས། བླ་མའི་ཐུགས་ཀར་སོགས་ལྷུག་ནས། ཐོད་ཕྲེང་རྩལ་གྱི་བཟླས་པ་སུམ་བརྒྱ་མཐར། བླ་མ་འོད་ཞུ་སོགས་ལྷུག་ནས། ལྷུན་གྱིས་གྲུབ་པར་གྱུར༔ ཐོད་ཕྲེང་རྩལ་གྱི་ཤམ་དུ། ཧྲཱིཿམ་ཧ་རི་ནི་ས་སོགས་བཏགས་པ་ཉེར་གཅིག་ཙམ་བཟླས་མཐར། ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་སོགས་ལྷུག་འདོན། སྔགས་ལ་ཞི་རོལ། ཌཱ་རྐ༣༽ ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་སོགས་ཤློ་ཀས་བསྟོད་མཐར། ཇ༽ ཇ་མཆོད་ འཇིག་རྟེན་མཆོད་འོས། སྤྲོས་བྲལ་ཆོས་དབྱིངས་མ་ནས། དེང་འདིར་བསམ་པ་ལྷུན་གྲུབ་བཀྲ་ཤིས་ཤོག །བར་གྱི་ལེའུ་བདུན་མ་ཤར་འདོན། དེ་ནས་བསྐང་གསོའོ་མཆོད་བརླབ་ནས་ཕྱག་བཞི་པའི་དམ་བཞག ཇ༽ །ཇ་མཆོད་ ཕུན་ཚོགས་ནགས་ཚལ། རྣམ་སྲས་མཆོད་མཇུག ཐུག༽ །དམ་ཅན་ནས་ཞིང་སྐྱོང་སོགས་རྗེས་འབྲངས་ནར་འདེད་ཀྱིས་ཚེ་རིང་མར། ཇ༽ ཇ་མཆོད་ རྒྱལ་ཀུན་རིགས་ཀྱི་ཅོད་པན། བརྟན་མའི་མཇུག་དགེ་བསྐོས་ཀྱི་གུང་ཚིག་རྒྱལ་རྔ་བརྡུང་། [5b] བར་ཆད་ལམ་སེལ། འཛམ་གླིང་དག་པ། ཁྱོད་ལ་བསྟོད་ཅིང་སོགས་ཀྱི་མཇུག་ཞལ་ཐུག་མཆོད་ནས་ཡོན་སྦྱོང་ཆབ་བཀྱེས་ཏེ་གུང་ཚོགས་གྲོལ། ༼གསོལ་རྒྱབ་བར་ཆར་སྔ་མར། ༽ ཁྲོ་གཏུམ་དྲེགས་པ་ནས་གཏེར་གཞིའི་མཇུག་བར་སོང་ནས། མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱི་ཐུགས་ཀར་སོགས། ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ། ཐོད་ཕྲེང་རྩལ་ལན་བདུན། ལེགས་ལྡན་སོགས་མགོན་ཆེན་དགུའི་གཙོ་སྔགས་རྣམས་ལན་ཉེར་གཅིག་རེ། སྤྱི་སྔགས་ ཤཱ་ས་ན་ལན་བདུན་ཙམ་བཟླ། སྔགས་འདི་རྣམས་དབུ་མཛད་ནས་འགོ་བསྐུལ་ཙམ་རེ་མ་གཏོགས་གཞན་ཚང་མས་གོང་བས་མ་ཐོས་ཙམ་གྱི་ཤུབ་བཟླས་ཁོ་ན་ཡིན། མཐར་མཆོད་བསྟོད་དང་བསྐང་རྫས་བརླབ་ནས། བསྐང་བ་ཡོངས་རྫོགས། ཞྭ༽ ལྷ་ཆེན་མཇུག ཇ༽ །བཤགས་པ་ཕྲིན་བཅོལ་བཏང་ནས་བར་ཆར་སྔ་མ་གྲོལ། ༼བར་ཆ་རྗེས་མར། ༽ ལས་རྡོར་གྱིས་སྔར་ནས་ལིངྒ་ལོགས་སུ་བཅས་པ་ཡོད་ན་དང་དེ་མིན་ཚོགས་ཕུད་ཆ་གསུམ་པ་དེ་ལོགས་སུ་བཞག་ལ་བདུད་རྩིའི་ཟེག་མ་མི་འཐོར་བར་བྱ། ཕྱག་གསུམ་སྔོན་འགྲོས་ཞྭ་ལག་འདུད་ཀྱིས་ཚོགས་ཞུས་མཐར། ཞྭ་བཅས་སྤོས་མེ་དང་འཐོར་གཡབ་ཐོགས། ཐང་ རྐ༤༽ གསུམ་ཟིལ་འབེབས་སུམ་བརྡུང་འཇོག་མེད་དལ་བ་ནས། ཧཱུྃ༔ རང་ཉིད་ལྷ་ཡི་སོགས་ཚོགས་གདངས་ནར་འདེད། རྃ་རྃ་སོགས་ལ་ཚིག་བསྟུན་ལས་རྡོར་གྱིས་སྤོས་མེ་བསྐོར་ཞིང་འཐོར་གཡབ་ཀྱིས་རླུང་གཡབ་ལ་བསང་ཆུ་འཐོར། འདི་སྐབས་ལས་རྡོར་རོགས་བཅས་ཀྱིས་མར་མེ་དང་སྤོས་རྣམས་སྤར་ཏེ་གཞུང་གྲལ་གཡས་གཡོན་ [6a] གཡས་ཀྱི་དབུ་མཛད་འོག་གསུང་ལེན་པ་ནས་མར་བརྩིས་པའི་ལྔ་པར་མེ་ཏོག་ནས་བཟུང་སྟེ་ཡར་བདུག་སྤོས་སོགས་ཉེར་སྤྱོད་རྣམས་ཕུལ་བར་གསུང་ལེན་པར་ཞལ་ཟས་ཕུལ། དེ་བཞིན་དུ་གཡོན་གྲལ་ལའང་ཕུལ་རྗེས་དབུ་མཛད་ལ་ཏིང་ཤག་ཕུལ། གཉིས་འཛིན་བཀྲུས༔ སུམ་བརྡུང་འཇོག་ཡོད། ཧཱུྃ༔ རང་ཉིད་ལྷ་ཡི་སོགས་ལྷུག ། ཧྲཱིཿ ཧྲཱིཿཡིས་སོགས་ལ་༼རྐ༣༽འཇགས་རོལ་བཞག་རོལ་ཐོག་རྔ་སྦུག་གནས་སུ་འཇོག ། ཧཱུྃ༔ དུར་ཁྲོད་གསང་བ་སོགས་རྩ་གདངས། རྡོ་རྗེ་རྒྱལ་པོའི་ཕྱག་ན་ཌཱ་རུ་དང་བདུད་རྩིའི་བྷནྡྷ་བསྣམས། དགེ་བསྐོས་ཀྱིས་སྤོས་བསྐོར། གསང་བའི་དཀྱིལ་འཁོར་སོགས་ལ་དབུ་མཛད་ཀྱིས་ཏིང་ཤག་བརྡུང་། མཐར་ རུ་ལུ་ལན་བདུན་ལ་སློབ་དཔོན་གྱིས་ཌཱ་རུ་བཅད་མ་བདུན་དཀྲོལ། ཀུན་གཞི་མ་བཅོས་སོགས་ལྷུག་འདོན། དེ་ནས་ཐང་གསུམ་ཟིལ་འབེབས་སུམ་བརྡུང་འཇོག་མེད་ཀྱིས། ཧཱུྃ༔ དམ་རྫས་གཏོར་ཆེན་སོགས་དྲག་དམར་མཆོད་གདངས་ཚིག་གཉིས་རེའི་མཚམས་སུ་རོལ་རེ། རྐང་གླིང་ཐོད་རྔ་སོགས་ལ་སོ་སོའི་ཚིག་བསྟན་གྱིས་འབུད་དཀྲོལ། ༥ ཞུན་ཆེན་སྣང་གསལ་ནས་ལྷུག ། རཀྟ་ཁཱ་ཧི༔ ཞེས་རོལ་ཚག་གིས་བཞག་ལ། བསྐུལ་མཚམས་ཀྱིས། ཧོཿ དམ་རྫས་རྒྱན་གྱི་མཆོད་པ་སོགས་ལྷུག་འདོན་དལ་ཆགས་པ། སྐབས་འདིར་སྤྲེལ་ཟླ་ཚེས་བཅུའི་དུས་མཆོད་སོགས་ཕྱག་ལན་སྤྲོས་བཅས་ཀྱི་སྐབས་སུ་མཁའ་འགྲོ་སྡེ་ལྔ་ཆས་ཞུགས་དང་འབྲེལ་འདུད་ཕྱག་གསུམ་སྔོན་དུ་འགྲོ་བས། ཀུན་གྱི་ལག་གཡས་སུ་ཚོགས་ཀྱི་ཕུད་སྡེར་རྒྱན་སྤོས་ཅན་དང་། གཡོན་དུ་ཀ་པཱ་ལའི་ཚོགས་ཆང་དཔྲལ་བ་ [6b] མདུན་བསྟན་གྱིས་ཐོགས་ལ། གོང་གི་ཚིག་མཇུག་སུམ་ཕྱེད་ཟིལ་འབེབས་བཞག་རོལ་མཐར། མཁའ་འགྲོ་སྡེ་ལྔས། ཧོཿ གཟིགས་ཤིག་མཛེས་ལྡན་སོགས་ཀྱིས་ཚོགས་གླུ་སྙན་འགྱུར་ལྡན་པ་འབུལ། ལན་དུ་དབུ་མཛད་ཀྱིས་བསྐུལ་ཏེ། རིན་ཐང་མེད་ལས་སོགས་གར་གླུའི་དབྱངས་རྟ་གོང་མཚུངས་ལ་ཅུང་བརྗིད་ཉམས་དང་འབྲེལ་བར་སློབ་དཔོན་གྱིས་པད་བསྐོར་བྱ། མཁའ་འགྲོ་སྡེ་ལྔས་དེར་བསྟུན་བཞི་འགྲོས་ཀྱིས་གྲལ་གཞུང་དུ་ཡར་ཅུང་ཟད་འོང་བ་ལྟ་བུས་བསྐོར་ནས་དཀྱིལ་འཁོར་ལ་ཕྱོགས་པ་འགྲེང་སྟེ་འཁོད་ལ། ཐེང་གསུམ་ཟིལ་འབེམས་སུམ་བརྡུང་མཚམས་ཅན་འཇོག་བཅས་ཀྱིས། ཧཱུྃ༔ བདེ་བར་གཤེགས་སོ་སོགས་ཚོགས་གདངས། འདི་སྐབས་མཁའ་འགྲོ་སྡེ་ལྔའ་གསོལ་ཚོགས་ལས་རྡོར་ལ་སྤོད་བཞིན་དཀྱིལ་འཁོར་མདུན་དུ་ཕུལ་རྗེས་ཕྱི་འགྲོས་ཅུང་ཟད་དང་བཅས་གནས་སུ་ལྡོག ། དངོས་གྲུབ་སྩོལ༔ ཞེས་སུམ་བརྡུང་འཇོག་བཅས་ནས། ཧཱུྃ༔ སྔོན་བྱུང་དུས་ནས་སོགས་ཚོགས་གདངས་གོང་བཞིན། འདིར་ལས་རྡོར་གྱིས་སློབ་དཔོན་མདུན་དུ་བྲུབ་ཁུང་གདན་བཅས་འགོད། དེའི་ཉེ་ལོགས་སུ་ཤིང་ཁྲོལ་ཁེབས་ལྡན་ལ་ཐུན་སྣོད། སྒྲོལ་གྲི། ཕུར་བུ། གནམ་ལྕགས་རྡོ་རྗེ་མཐིང་ཁྲ་ཅན་བཅས་བཤམ། གོང་གི་ཚིག་མཇུག་སུམ་ཕྱེད་ཟིལ་འབེབས་ནས་བཞག་རོལ། ན་མོ། རིག་འཛིན་རྩ་བརྒྱུད་སོགས་སྤྱི་ལྟར་ལ། ཁྱད་པར་བླ་མ་དབང་དྲག་འབར་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཞེས་བསྒྱུར་བའི་འགུག་གཞུག་ལན་གཅིག་གི་ [7a] ཕརྐ༥༽འགུགས་རོལ་ལ་སློབ་དཔོན་གྱིས་རྡོ་རྗེ་མཐིང་ཁྲ་ཅན་གྱི་གཡབ་དྲིལ་རྒྱ་བཅས་མཐར། དྲག་བརྡུང་མཇུག་དགུ་བརྡུང་འཇོག་མེད་ཀྱིས། ཧཱུྃ༔ ཆེ་མཆོག་པདྨ་སོགས་གདངས་རོལ་སེང་སྒྲོགས་བཞིན་མཐར་སུམ་ཕྱེད་ནས་སྔགས་དང་བཅས་ཟིལ་རིང་གློག་མ་འདྲ་བའི་དུས་སུ་སློབ་དཔོན་གྱིས་ཐུན་བྲབ་ཅིང་ཚེ་ཁྲུས་ཀྱི་དགོངས་པས་བསྒྲལ། ལས་རྡོར་གྱིས་ལིང་རོ་ལ་ནང་མཆོད་བདུད་རྩི་བྲན། རོགས་ཀྱིས་བསྒྲལ་ཆས་སོགས་བསྡུ། གོང་གི་ཟིལ་འབེབས་མཐར་སུམ་བརྡུང་འཇོག་མེད་ནས། ཧཱུྃ༔ བླ་མ་ཡི་དམ་སོགས་གོང་གི་གཏོར་མཆོད་ལྟར་རམ་ཚོགས་གདངས་གང་རུང་། ལས་རྡོར་གྱིས་ལིང་རོ་ཆ་གསུམ་དུ་བྱས་པའི་དང་པོ་ཚོགས་གཏོར། གཉིས་པ་སྲུང་མའི་གཏོར་མར། གསུམ་པ་ལྷག་མར་བསྲེ་རྒྱུ་འཇོག ། མཆོད་པར་བཞེས༔ ཞེས་སུམ་ཕྱེད་ཟིལ་འབེབས་ནས། འདིར་ཚོགས་གྲངས་གསོག་དགོས་ན་སུམ་བརྡུང་སྦྲེལ་ཞིང་དེ་མིན་བཞག་རོལ། གསོལ་འདེབས་བསམ་པ་ལྷུན་གྲུབ། འདིའི་སྐབས་གསོལ་ཚོགས་འབུལ་ཞིང་ལྷག་མ་བསྡུ། ཞབས་བརྟན་གང་འོས་ཀྱིས་བར་ཆར་ཕྱི་མ་གྲོལ། ༼དགོང་ཚོགས་ལ། ༽ ཆ་གསུམ་ཤར་ཙམ་བཏང་རྗེས། ཚེས་བཅུའི་གསོལ་འདེབས་དང་ཇ༽ མཁན་སློབ་ཆོས་གསུམ་གསོལ་འདེབས་རྗེས། ཧེ་རུ་ཀ་དཔལ་སོགས་སྤྱི་གདངསཚིག་མཇུག་ལྷུག །འདི་སྐབས་ལས་རྡོར་གྱིས་གྲལ་གཤམ་དུ་བསྡུས་པའི་རྩོག་ལྷག་སྟེང་དུ་བསྒྲལ་བའི་ལིང་རོ་སོགས་གཙང་ལྷག་བཀོད། ཚོགས་ཆང་ཅན་གྱི་ཕུད་སྐྱོག་བཅས་བཤམས་ལ། ལྷག་ཞུས་ [7b] མཐར། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་སོགས་སུ་སློབ་དཔོན་ལ་ཞལ་ཆབ་ཞུས་ཏེ་སླར་གྲལ་གཤམ་མཉྫིར་བཀོད། དཔལ་འབར་རམ་སྦོས་བཙུག །རོལ་ཐིང་གསུམ་རྐ༤༽གསུམ་ཟིལ་འབེབས་ཉིས་བརྡུང་མཚམས་ཅན་འཇོག་བཅས་ཀྱིས། ཧཱུྃ༔ དང་པོ་ཕུད་ཀྱི་སོགས་གདངས་རོལ་ལྷུ་གསུམ་གྱི་དང་པོའི་སྐབས་ལས་རྡོར་གྱིས་རྩེ་གཅིག་རྒྱས་རྩོག་ལྷག་ནས་དུམ་གཅིག་བླངས་ཏེ་གཙང་ལྷག་ཏུ་ཡར་བླུགས ཐ་མ་ལྷག་མས་སོགས་སྐབས་གཙང་ལྷག་རྣམས་རྩོག་ལྷག་ཁར་མར་བླུགས། དབང་ཕྱུག་མེད་སྲིང་ནས་ལྷུག ། འདིར་གཤེགས་ལྷག་མའི་སོགས་སྐབས་ལས་རྡོར་ཞྭ་བཅས་མཁའ་ལྡིང་རྒྱས་ལྷག་གཏོར་བླངས་ཏེ་ཅུང་ཟད་ཕྱི་འགྲོས་ཀྱིས་སྒོའི་ཕྱི་རོལ་གཙང་སར་སྤུངས། བཅོལ་བའི་ཕྲིན་ལས་ནས་འཇགས་ཌཱརྐ༣༽ རོལ་གྱིས་ཟིལ་འབེབས་བཞག་རོལ། དེ་རྗེས་བསྐང་གསོའི་གཏོར་འབུལ་ནས་ཤིས་བརྗོད་བར་སྤྱི་ལྟར་དང་། ཤིས་བརྗོད་རོལ་ཟིལ་འབེབས་ཐོག་སུམ་བརྡུང་འཇོག་མེད་ཀྱིས། ཧཱུྃ༔ མ་གཡེལ་མ་གཡེལ་སོགས་དྲག་དམར་ཟོར་བསྐུལ་གདངས་བཅས་ལྷུ་གསུམ། མཁའ་འགྲོའི་ཚོགས་དང་ནས་ལྷུག ། དངོས་གྲུབ་སྩོལ༔ ཅེས་སུམ་ཕྱེད་ཟིལ་འབེབས་འོག་འབྲུ་གསུམ་བརྗོད་སྐབས་ལས་རྡོར་གྱིས་ཞྭ་བཅས་ཆད་མདོའི་གཏོར་མར་ལག་གཉིས་ཀས་སྒྲོན་ཐུར་གྱིས་བླངས་པའི་རཀྟ་སྔོན་དང་སྨན་རྗེས་སུ་བྲན་ཏེ་རཀྟའི་སྒྲོན་ཐུར་རང་གནས་སུ་འཇོག །སླར་སྨན་སྒྲོན་ཐུར་གྱིས་བླངས་པ་ལག་གཡོན་སོར་མོའི་གོང་སྲིན་རྒྱབ་ཏུ་གཅེར་བཞིན་བརྟན་གཏོང་ [8a] ཁ་རང་བསྟན་གྱིས་བཟུང་། ལག་གཡས་ཀྱིས་ཆད་མདོའི་གཏོར་མ་སྤོས་མེ་བཙུགས་པ་ཁ་ཕྱིར་བསྟན་གྱིས་གྲལ་གཤམ་དུ་བཏེགས་ལ། གོང་གི་ཟིལ་འབེབས་མཐར་ཉིས་བརྡུང་མཚམས་ཅན་འཇོག་མེད་ཀྱིས། ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་སོགས་ཆད་མདོའི་གདངས་རོལ་སྤྱི་ལྟར་ལ། ལྷུ་གཅིག་མཐར་མཚམས་རོལ་འཇོག་ཅན་གྱིས། དེ་འོག་བར་གྱི་ནས་ལྷུག ། དེ་འོག་བསྐལ་པ་ཐ་མའི་དུས་ཞེས་པའི་སྐབས་སློབ་དཔོན་གྱིས་འབྲུ་འཐོར་བ་ལས་རྡོར་གྱིས་ཞུ་བའི་ཉམས་ཀྱིས་ཅུང་ཕྱི་འགྲོས་ལྟ་བུས་སོང་ནས་སྒོའི་ཕྱི་རོལ་གྱི་སྟེགས་ལ་ཁ་ཕྱིར་བསྟན་དུ་བཞག །དེའི་གཏོར་གཞོང་སྨན་ཕུད་ཀྱིས་བཤལ་བ་གཞུང་གི་ཚིག་མཇུག་རོལ་མོའི་སྐབས་འབྲུ་གསུམ་བརྗོད་བསྟུན་བརྟན་གཏོར་ལ་བྲན་ཏེ། མཇུག་གི་ ཕྲིན་ལས་མཛོད༔ ཅེས་ཐང་གང་གིས་དྲངས་པའི་དགུ་བརྡུང་ངམ་སུམ་བརྡུང་འཇོག་བཅས་ནས། བརྟན་མ་སྐྱོང་མཛད་སོགས་རྒྱགས་བརྔན་བརྟན་མའི་རྟའམ་དྲག་དམར་ལྷག་མདངས་གང་རུང་ལྷུ་གཉིས་མཐར། དགུ་བརྡུང་ངམ་སུམ་བརྡུང་ནས་ཟིལ་འབེབས་གོང་མལས་རྡོར་གྱིས་བརྟན་གཏོར་ཕྱི་རོལ་དུ་ཁ་ནང་བསྟན་གྱིས་བཞག་ལ་ནང་དུ་བཞུགས་ནས་གྲལ་གཤམ་དུ་གཏོར་སྣོད་གཉིས་བརྩེགས་ཏེ་སྦུབས། ཞྭ་མ་ཕུད་པར་གདོང་གྲལ་ནས་སློབ་དཔོན་ཕྱག་གི་རྡོ་རྗེ་ཞུས་ཁྱེར་གྱིས་གཏོར་གཞོང་སྦུབས་སྟེང་རྒྱ་གྲམ་བཀོད་ཚུལ་བྱས་ཏེ་རྡོ་རྗེ་སླར་ཕུལ། གོང་གི་ཟིལ་ནས་སྲུམ་བརྡུང་འཇོག་མེད་ཀྱིས། ཧཱུྃ་ཧྲཱིཿ རྟ་ཡི་བརྟུལ་ཞུགས་སོགས་བྲོ་བརྡུང་རྟ། བསྐང་བའི་ཆོ་ག་ [8b] རྫོགས༔ ཞེས་གསུམ་བརྡུང་འཇོག་མེད་ཀྱིས། དབང་ཆེན་གར་གྱི་སོགས་ནས་ལྷུག །མཐར་ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་སུམ་བརྡུང་འཇོག་མེད་ཀྱིས། ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་སོགས། འདི་སྐབས་ལས་རྡོར་གྱིས་མཆོད་ཁ་གསོ། པཱུ་ཛ་ཧོཿ ཞེས་སུམ་བརྡུང་འཇོག་མེད་ཀྱིས། ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་སོགས་ཤློ་ཀ་གཅིག་མཐར་སུམ་ཕྱེད་ཟིལ་འབེབས་བཞག་རོལ། ལས་རྡོར་གྱིས་ཕྲག་ཁེས་བཅས་རྩ་གཏོར་བཏེགས། རོགས་བྱེད་པས་ཚེ་རིལ་དང་ཐོད་ཆང་ཐོགས་ལ། ཧཱུྃ༔ བདེ་མཆོག་བདེ་སྤྱོད་སོགས་རྩ་གདངས་སམ་ཕོ་བྲང་དབུས་གདངས། སིདྡྷི་ཕ་ལ་ཧོཿ ཞེས་བསྐུལ་མཚམས། འགོ་རོལ་མེད་པའི་རྔ་ཆིངས་ཀྱིས། བཛྲ་གུ་རུ་དང་། ཐོད་ཕྲེང་རྩལ་གྱི་སྔགས་དབྱངས་སྐབས་སློབ་དཔོན་གྱིས་གཏོར་དབང་བཞེས་ཤིང་བདུད་རྩི་མྱང་། ལས་རྡོར་སོགས་ནས་གྲལ་རིམ་གྱིས་བཀྱེ། མཐར་སྔགས་མཇུག་རོལ་མོ་འཆོལ་རྒྱག་ནས་སུམ་ཕྱེད་ཟིལ་འབེབས་བཞག་རོལ། སློབ་དཔོན་གྱིས་དྲིལ་གསིལ་བཅས་ཡིག་བརྒྱ་ལན་གསུམ་སྐབས་ལས་རྡོར་གྱིས་ཕྱག་གསུམ་བཙལ་མཐར། བླ་མ་རྡོ་རྗེ་ཐོད་ཕྲེང་སོགས། སྤྲོས་བྲལ་ཆོས་ཀྱི་སྐུ༔ ཞེས་བསྐུལ་མཚམས། ཨེ་མ་ཧོཿ བདག་གི་འགྲོ་བ་སོགས། དོན་རྟོགས་ཤིང་༔ ཞེས་བསྐུལ་མཚམས། ཞྭ་བཅས་ ཡེ་དྷརྨཱ་སྔོན་དུ་འགྲོ་བས། ཧོཿ ཆོས་སྐུའི་བཀྲ་ཤིས་འདི་ཐམས་ཅད་ཕོ་བྲང་དབུས་གདངས་ཁོ་ན་དང་། [9a] ཚིག་གཉིས་པ་རྣམས་ལ་དྲིལ་གསིལ་བཅས་མེ་ཏོག་འཐོར། མཐར་མཆོད་སིལ་གྱི་བཀྲ་ཤིས་འཁྱིལ་རོལ་ནི། ཌཱརྐ༡༣ ༡༡ ༢༢ ༣༣ ༤༤ འུར་ཟིལ་ནས་པད་བསྐོར་དང་ཟིལ་འཇམ་མཐར་པད་བསྐོར་གྱིས་ཁ་ཕྱེ་ནས། ༡༡ ༢༢ ༣༣ ༤༤ འུར་ཟིལ་འཇམ་ལ་བར་དུ་པད་བསྐོར་མེད་པའི་མཐར་པད་བསྐོར་གྱིས་ཁ་ཕྱེས་ཏེ། ༡༡ ༢༢ ༣༣ ༤༤ སླར་འུར་ཟིལ་འཇམ་བར་དུ་པད་བསྐོར་མེད་པ་སྔོན་བཞིན་མཐར། ༡༡ ༢༢ ༣༣ ༤༤ འུར་ཟིལ་འཇམ་རིང་པོ་རིམ་ཟད་ཀྱིས་བཞག །ཡང་སྐབས་འགར་བཀྲ་ཤིས་རྔ་ཆོག་བྱེད་ན་འགོ་རོལ་མེད་པས་དབྱངས་རྟ་རང་གཞུང་ལྟར་དང་། མཐར་རོལ་ཆེན་གྱི་བཀྲ་ཤིས་འཁྱིལ་རོལ་ནི། བདུན་བརྡུང་མཐར་ཐིང་གི་གང་དོར་བའི་ཟིལ་འབེབས་ནས། སྦྲམ་ སྦྲམ་ ཐང་ ༡ ཐང་ ༢ ཐང་ ༣ ཐང་ ༤ ཐང་༥ ཐང་ ༦ ཐང་ ༧ ཐང་ ༨ ཐང་ ༩ ཐང་ ༡ ༢ ༣ ༤ ༥ ༦ ༠༧ ༨ ༩ ཐང་ཟད་ནས་རོལ་བརྡེག་ཆུང་དུས། ༡ ༢ ༣ ༤ ༥ ༦ ༠༧ ༨ ༩ ཐང་ རོལ་བརྡེག་ཆེ་བས། ༡ ཐང་ ༢ ཐང་ ༣ ཐང་ ༤ ཐང་ ༥ ཐང་ ༦ ཐང་ ༧ ཐང་ ༡ ༢ ༣ ༤ ༠༥ ༦ ༧ ཐང་ཟད་ནས་རོལ་བརྡེག་ཆུང་དུས། ༡ ༢ ༣ ༤ ༠༥ ༦ ༧ ཐང་ རོལ་བརྡེག་ཆེ་བས། ༡ ཐང་ ༢ ཐང་ ༣ ཐང་ ༤ ཐང་ ༥ ཐང་ ༡ ༢ ༠༣ ༤ ༥ ཐང་ཟད་ནས་རོལ་བརྡེག་ཆུང་དུས། ༡ ༢ ༠༣ ༤ ༥ ཐང་ རོལ་བརྡེག་ཆེ་བས། ༡ ཐང་ ༢ ཐང་ ༣ ཐང་ ༠༡ ༠༢ ༠༣ ཐང་ཟད་ནས། ༠༡ ༠༢ ༠༣ ཞེས་རོལ་བརྡེག་ཆུང་བ་གཉིས་ [9b] དང་ཆེ་བ་གཅིག་གི་མཐར་ཐང་གང་དལ་བ་གསུམ་གྱིས་དྲངས་པའི་ཟིལ་འབེབས་རིང་པོ་ནས་བཞག་རོལ། །དེ་རྗེས་དགོང་ཐུན་ལ་དགེ་བསྐོས་ཀྱིས་རྒྱལ་རྔ་བརྡུང་། དཔལ་རིའི་སྨོན་ལམ། སྔ་འགྱུར་བསྟན་རྒྱས་སྨོན་ལམ། ཕྱོགས་བཅུ་དུས་བཞི། ཇི་སྙེད་ཕན་བདེ། བསླབ་གསུམ་འཕགས་ནོར། པདྨའི་རིང་ལུགས། ཨེ་ཝཾ་ཟུང་འཇུག །རྒྱལ་བ་ཀུན་གྱི། སྟོན་པ་འཇིག་རྟེན། མཁན་སློབ་ཆོས་གསུམ་རིང་ལུགས། དེ་ལྟར་འགྲུབ་པའང་སོགས་ཀྱིས་གྲོལ་ལོ།། །།