མཚོ་སྐྱེས་ཐུགས་ཐིག་དང་མཁའ་འགྲོ་ཐུགས་ཐིག་གི་གཏོར་མའི་དཔེའུ་རིས།

From Dudjom Wiki
DJYD-KABUM-22-ZA-041
Wylie title mtsho skyes thugs thig dang mkha' 'gro thugs thig gi gtor ma'i dpe'u ris DJYD-KABUM-22-ZA-041.pdf
Location bdud 'joms rin po che bka' 'bum
Volume 22, Text 41, Pages 607-610 (Folios 1a1 to 2b5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Mtsho skyes thugs thig dang mkha' 'gro thugs thig gi gtor ma'i dpe'u ris. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 607-610. Kalimpong: Dupjung Lama, 1979-1985.
Side notes Recto: gtor dpe   Verso: mtsho skyes thugs thig mkha' 'gro thugs thig
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre Illustrations - dpe'u ris
Cycle ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་ (zab lam mtsho skyes thugs thig)
Parent Cycle ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་ (zab lam mkha' 'gro'i thugs thig)
Notes There are illustrations (dpe'u ris) in this text entry that have not be reproduced on this site. Please click on the pecha image to view the PDF.
[edit]
༄༅། །མཚོ་སྐྱེས་ཐུགས་ཐིག་དང་མཁའ་འགྲོ་ཐུགས་ཐིག་གི་གཏོར་མའི་དཔེའུ་རིས་བཞུགས། །


[1b] ༈ མཚེ་སྐྱེས་ཐུགས་ཐིག་རྩ་གཏོར་གདན་གྲུ་བཞི་རིན་ཆེན་ཟུར་བརྒྱད་པད་འདབ་བརྒྱད་ཉི་ཟླའི་གདན་བཅས་སྟེང་བླ་གཏོར་ཟླུམ་པོ་རྩ་བཅད་མའོ། ། ༈ ཨོ་རྒྱན་ནོར་ལྷའི་གཡང་གཏོར་གདན་གྲུ་བཞི་སུམ་བརྩེག་སྟེང་རིལ་བུ་སུམ་སྒྲོམ་ཁར་བླ་གཏོར་ཟླུམ་པོ་རྩ་བཅད་མ། རིལ་མཚམས་སུ་ནོར་སྐྱུག་ནེའུ་ལེས་མཚན་པའོ། ། [2a] ༈ མཁའ་འགྲོ་ཐུགས་ཐིག་གི་རྩ་གཏོར་གདན་ཟླ་གམ་དང་། ཆོས་འབྱུང་བསྣོལ་མའི་སྟེང་ཟླ་ཉིའི་ཁར་དཔལ་གཏོར་གྲི་གུག་གི་དབྱིངས་ཅན་པད་འདབ་ཅན་ནོ། ། ༈ འབུལ་གཏོར་གདན་མེད་རྩ་གཏོར་འདྲ་བ་ལ་མཐེབ་ཀྱུ་གང་མང་གིས་བསྐོར་བའོ། ། [2b] ༈ དམ་ཅན་སྤྱི་གཏོར་སྤྱི་འགྲོ་ལྟར་རོ། ། ༈ སྔགས་སྲུང་གྲུ་གསུམ་དཔུང་རང་མཐེབ་ཀྱུ་ཅན། ༈ མཆོད་པའི་ཞལ་ཟས་སྤྱི་ལྟར།