ཚོགས་བསྡུས་བདེ་ཆེན་འཁོར་ལོ།

From Dudjom Wiki
DJYD-KABUM-24-YA-020
Wylie title tshogs bsdus bde chen 'khor lo DJYD-KABUM-24-YA-020.pdf
Location bdud 'joms rin po che bka' 'bum
Volume 24, Text 20, Pages 221 (Folios 1a1 to 1a4)
Author རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་
Citation Rje drung phrin las byams pa 'byung gnas. Tshogs bsdus bde chen 'khor lo. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: 221. Kalimpong: Dupjung Lama, 1979-1985.
Side notes Recto: tshogs bsdus   Verso: pad+ma gsang thig
More details More details
Tertön རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་ (rje drung phrin las byams pa 'byung gnas)
Genre Feast Offering - tshogs mchod - tshogs kyi 'khor lo
Cycle པདྨ་གསང་བའི་ཐིག་ལེ་ (pad+ma gsang ba'i thig le)
Colophon

ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་སྤེལ་བ་དགེ །མངྒ་ལཾ།

zhes pa'ang nyer mkho'i yan lag tu spel ba dge___/mang+ga laM/

[edit]
༄༅། །ཚོགས་བསྡུས་བདེ་ཆེན་འཁོར་ལོ་བཞུགས། །ཐབས་ཤེས་དམ་ཚིག་རྫས་རྣམས་ནི། །སེར་སྣས་མ་སྦགས་ལེགས་པར་བཤམས། །ཨོཾ་ཨཱཿཧཱུྃ། བདེ་སྐྱོང་བནྡྷའི་སྣོད་ཡངས་པར། །ཚོགས་རྫས་འདོད་ཡོན་རོལ་པའི་རྒྱན། །བདེ་བ་ཆེན་པོའི་ལོངས་སྤྱོད་འདིས། །འཆི་མེད་ཚེ་ཡི་ལྷ་ཚོགས་མཆོད། །གསང་གསུམ་དམ་ཚིག་ཉམས་པ་བཤགས། །ཐུགས་དམ་བསྐང་ལ་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ལྷག་གཏོར་འབུལ་ལོ་ཕྲིན་ལས་སྒྲུབས། །མ་ཧཱ་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་སྤེལ་བ་དགེ །མངྒ་ལཾ། །