མྱོང་གྲོལ་དམ་རྫས་རིགས་ཀྱི་ཕབ་རྒྱུན་དཀར་ཆག་དང་ཕན་ཡོན་མདོར་བསྡུས་ངེས་ཤེས་འདྲེན་པའི་ཕོ་ཉ།

From Dudjom Wiki
DJYD-KABUM-24-YA-041
Wylie title myong grol dam rdzas rigs kyi phab rgyun dkar chag dang phan yon mdor bsdus nges shes 'dren pa'i pho nya DJYD-KABUM-24-YA-041.pdf
Location bdud 'joms rin po che bka' 'bum
Volume 24, Text 41, Pages 471-572 (Folios 1a1 to 51b2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Myong grol dam rdzas rigs kyi phab rgyun dkar chag dang phan yon mdor bsdus nges shes 'dren pa'i pho nya. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: 471-572. Kalimpong: Dupjung Lama, 1979-1985.
Side notes Recto: dam rdzas dkar chag   Verso: sna tshogs skor
More details More details
Genre Catalogue of Contents - dkar chag  ·  Ritual Substances - rdzas
[edit]
༄༅། །མྱོང་གྲོལ་དམ་རྫས་རིགས་ཀྱི་ཕབ་རྒྱུན་དཀར་ཆག་དང་ཕན་ཡོན་མདོར་བསྡུས་ངེས་ཤེས་འདྲེན་པའི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། །


༄༅། །ཨོཾ་སྭསྟི། མྱོང་གྲོལ་དམ་རྫས་རིང་བསྲེལ་གྱི་སྐོར་སྡེ་ཚན་དུ་བསྡེབས་པ་ལ་བཞི་ལས། དང་པོ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཕྱོགས་བསྡུས་རིལ་བུ་དམ་རྫས་ཏོག་གི་བློ་གྲོས་ནི། ཐབས་ལ་མཁས་པའི་མདོ་ལས། སངས་རྒྱས་བཅོམ་ལྡན་བཅོས་མ་མིན། །དེ་བཞིན་གཤེགས་རྣམས་མ་སྐྱེས་ཏེ། །རྡོ་རྗེ་ལྟ་བུར་མཁྲེགས་པའི་སྐུ། །སྤྲུལ་པའི་སྐུར་ཡང་སྟོན་པར་མཛད། །ཡུངས་འབྲུ་ཙམ་གྱི་རིང་བསྲེལ་ཀྱང་། །འབྱུང་བར་འགྱུར་བ་ཡོངས་མེད་དེ། །རུས་པ་ཁྲག་དང་ཤ་མེད་ན། །རིང་བསྲེལ་ཡོད་པར་ག་ལ་འགྱུར། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། ། [2a] ཐབས་ཀྱི་རིང་བསྲེལ་བཞག་པར་མཛད། །ཅེས་དང་། སྔ་འགྱུར་གྱི་རྒྱུད་མདོ་དགོངས་འདུས་སོགས་ལས་ཀྱང་དེ་མཚུངས་བསྟན་པ་ལྟར་དེ་བཞིན་གཤེགས་པ་ཟག་པ་ཟད་པས་ཐབས་མཁས་སུ་སྤྲུལ་པའི་རིང་བསྲེལ་ནི་ལྷ་དང་བཅས་པའི་འགྲོ་བ་མ་ལུས་པའི་སྐྱབས་བླ་ན་མེད་པ་སྟེ། རྒྱལ་བ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་སྐུ་གདུང་རྣམས་ཀྱིས་སངས་རྒྱས་ཀྱི་མཛད་པ་བསྐལ་པ་ཆེན་པོ་སངས་རྒྱས་ཀྱི་ཞིང་ལྔའི་རྡུལ་སྙེད་མ་འདས་ཀྱི་བར་བསྒྲུབ་ཅིང་། ནད་ལ་སྨན། བཀྲེས་ལ་ཟས་སྐོམ། མཚོན་ལ་གོ་ཆ་སོགས་འདོད་རྒུ་མ་ལུས་པ་འབྱུང་བའི་ [2b] ནོར་བུའི་མཆོག་ཡིན་ལ། གང་ཟག་མཆོག་རྣམས་ལས་གདུ་དང་རིང་བསྲེལ་འབྱུང་བའི་ཁུངས་ཀྱང་། སྔ་འགྱུར་སྐུ་གདུང་འབར་བའི་རྒྱུད་དང་རྡོར་སེམས་སྙིང་ཐིག་སོགས་ལས། གང་ཟག་དེས་ལྷའི་སྐུ་གསུང་ཐུགས་ཐོབ་པའི་རྟགས་སུ་ལྷ་སྐུ་ཡིག་འབྲུ་གདུང་དང་རིང་བསྲེལ་རྣམ་ལྔ་འབྱུང་བར་གསུངས་པ་དང་། དགོངས་པ་ཟང་ཐལ་ལས། རྣལ་འབྱོར་ཕྱིར་མི་ལྡོག་པའི་རྟགས༔ རྡོ་རྗེ་རིན་ཆེན་པདྨ་དང་༔ ལས་དང་དེ་བཞིན་གཤེགས་པའི་གདུང་༔ ཞེས་དང་། ཤ་ཁྲག་རུས་པ་ཡན་ལག་དང་༔ འབྱུང་འདུས་ལྔ་རུ་རྟེན་དུ་འབྱུང་༔ ཤ་རཱི་རཾ་དང་དཀར་ ཆུ་རཱི་རཾ་དམར་ བ་རཱི་རཾ་མཐིང་ ཉ་རཱི་རཾ༔ལྗང་ པཉྩ་རཾ་དང་སེར་པོའམ་འོད་ལྔ་ ལྔ་ལྡན་གདུང་༔ རིགས་ལྔའི་གདུང་དང་སྐུ་ཡང་འབྱུང་༔ ཆོས་སྐུ་ཐོབ་པའི་རྟགས་ཡིན་ནོ༔ ཞེས་སོགས་རྒྱས་པར་གསུངས་པས་འདིར་ཡང་ཆབ་གཅིག་ཏུ་བསྡོམས་པ་ལ། བདག་ཅག་གི་སྟོན་པ་དོན་ཐམས་ཅད་གྲུབ་པའི་རིང་བསྲེལ་ཀུན་མཁྱེན་ལྔ་པའི་རྟེན་ཁྲོད་ནས་བྱོན་པ་རྡོག་ལྔ། རིང་བསྲེལ་སྲན་མ་སྦོས་པ་ཙམ་ལ་ཕྲ་མོ་གྲངས་མེད་པ་འཕེལ་བ་སྐྱབས་ཆེ་ནགས་ཚང་གི་རྟེན་ཁྲོད་ནས་བྱོན་པ། རིག་འཛིན་བདུད་འདུལ་རྡོ་རྗེས་འགགས་མེད་རྫུ་འཕྲུལ་གྱི་རོལ་པས་ [3a] བསམ་ཡས་དབུ་རྩེ་ནས་སྤྱན་དྲངས་པའི་སངས་རྒྱས་ཀྱི་འཕེལ་གདུང་རྡོག་བཅུ་གསུམ་དང་། སངས་རྒྱས་དཔའ་བོ་བདུན་གྱི་རྟེན་འདམ་རིལ་བུ། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཚེམས། ལྷ་སའི་བཅུ་གཅིག་ཞལ་རང་བྱོན་ལྔ་ལྡན་ལས་འཁྲུལ་བྲལ་དུ་ཕེབས་པའི་རིང་བསྲེལ་གཅིག །བྲམ་ཟེ་དུང་རྣ་ཅན་གྱི་སྐུ་ཤ་ལས་འཕེལ་བའི་རིང་བསྲེལ་སྟག་ཤམ་རྡོ་རྗེའི་གཏེར་བྱོན་བརྒྱ་ཕྲག་ལས་ཀྱང་བརྒལ་བ། ཀརྨ་པ་དུས་གསུམ་མཁྱེན་པའི་དབུ་ཀླད་རིང་བསྲེལ་གྱི་གོང་བུ་ཅན། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་ཞུན་ཐིག་བདེ་མཆོག་ཡབ་ཡུམ་ལས་ཕེབས་པའི་རིང་བསྲེལ་གཅིག །མ་གཅིག་ལབ་སྒྲོན་གྱི་རིང་བསྲེལ་སྐྱབས་ཆེའི་རྟེན་ཁྲོད་ནས་བྱུང་བ་རྡོག་གཉིས། སྟག་ལུང་པ་སངས་རྒྱས་ཡར་བྱོན་གྱི་རིང་བསྲེལ་གཅིག །སྤང་མཁན་ཆེན་འོད་ཟེར་བླ་མའི་གདུང་། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་གདུང་བ་རཱི་རཾ། རིག་འཛིན་འཇའ་ཚོན་སྙིང་པོའི་གདུང་གི་ཞུན་ཐིག་རིང་བསྲེལ་རྣམ་པ་ལྔ་ཀ་ཚང་བ་ཤིན་ཏུ་ཞིབ་པ་འགའ་ཞིག །ཀུན་མཁྱེན་ཀློང་ཆེན་པའི་དབུ་ཀླད་གདུང་ཤ་རཱི་རཾ་གསེར་མདོག་མཛུབ་འགོ་ཙམ་དང་གདུང་གི་རིང་བསྲེལ་རྡོག་ [3b] སུམ་ཅུ། གཏེར་སྟོན་མི་འགྱུར་རྡོ་རྗེའི་ཚེམས་ལས་འཁྲུངས་པའི་རིང་བསྲེལ་མང་ཙམ། ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཀྱི་ཚེམས་རིང་བསྲེལ་ཟད་མེད་དུ་འཇོ་བ་ལས་འཁྲུངས་པའི་འཕེལ་གདུང་རྡོག་ཤིན་ཏུ་མང་བ་སྟེ། འདི་ནི་བཀའ་གདམས་གླེགས་བམ་དུ། བྱང་ཆུབ་སེམས་ལས་རིང་བསྲེལ་འཛག །བསྐྱེད་རིམ་ཅན་ལ་ལྷ་སྐུ་འབྱུང་། །འཁོར་བ་མི་སྤོངས་སེམས་དཔའ་ལ། །ཐུགས་དང་ལྗགས་ནི་འབྱུང་བ་ཡིན། །ཞེས་གསུངས་པ་ལྟར། འདས་པའི་བསྐལ་པར་དགེ་སློང་བྱང་ཆུབ་སེམས་དཔའ་བྱམས་པར་གྱུར་པ་ནས་བཟུང་། བྱང་ཆུབ་སེམས་རིན་པོ་ཆེ་ལ་མྱོང་གོས་བརྟན་པ་མཐར་ཕྱིན་པའི་རྟགས་གང་ཟག་གཞན་གྱིས་བསྐྲུན་ཏུ་མེད་པ་སྟེ། ཆུ་བྱི་ལོར་ཚེམས་འདི་རྗེ་པདྨ་ཉིན་བྱེད་ཀྱི་ཕྱག་ཏུ་སོན་པ་ན་ཁྲུས་གསོལ་མཛད་པ་ཙམ་གྱིས་དེ་ཉིད་དུ་དཀར་ལ་འཚེར་བའི་རིང་བསྲེལ་བརྒྱ་ཕྲག་ལྷག་པ་མངོན་དུ་ཕེབས་པའི་ཡིད་ཆེས་བྱིན་རླབས་དང་ལྡན་པ། པདྨ་བཀོད་ཀྱི་རྡོ་རྗེ་ཕག་མོའི་སྣང་བརྙན་རང་བྱོན་གྱི་གསང་ལམ་ནས་བྱུང་བའི་རིང་བསྲེལ་རྡོག་བདུན་རྣམས་དང་། ཁྱད་པར་ཁྲག་འཐུང་ནུས་ལྡན་རྡོ་རྗེས་བྱ་ཕུ་ [4a] ལྕགས་ཕུར་ཅན་དང་། ན་བུན་རྫོང་གི་གུ་རུའི་གསང་ཕུག་ནས་སྤྱན་དྲངས་པའི་ཟག་མེད་འཇའ་ལུས་རིལ་བུ་གཏའ་སྤེལ་རྡོག་བདུན་བཞུགས་པ་སྟེ། དེ་ནི་དཀར་ཆག་ལས། ཟག་མེད་མཐོང་གྲོལ་འདི་ཡི་རྒྱུ་མཆོག་ནི༔ རྒྱ་གར་ཡུལ་དབུས་མཆོད་རྟེན་བདེ་ཅན་ན༔ ཁྲི་འཕང་འོག་མར་འཕགས་པ་ཉན་ཐོས་རྣམས་ཀྱི་རིང་བསྲེལ་དང་༔ གོང་མ་རྣམས་སུ་བྱང་ཆུབ་སེམས་དཔའ་དང་༔ སེམས་དཔའ་ཆེན་པོ་རྣམས་རིང་བསྲེལ་དང་༔ བུམ་པ་ཡན་ལ་བླ་མེད་སྟོན་པའི་མཆོག༔ སངས་རྒྱས་དཔའ་བོ་བཅུ་གསུམ་གྱི༔ སྐུ་གདུང་རིང་བསྲེལ་ཁྱད་འཕགས་བཞུགས་པ་ལས༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་གིས༔ སྐུ་གདུང་རིང་བསྲེལ་དཔག་མེད་སྤྱན་དྲངས་ནས༔ ཁྱད་པར་རྒྱལ་བ་ཀུན་གཟིགས་ཡབ་ཡུམ་གྱི༔ མི་ཟད་བདེ་རྒྱུན་གསང་བས་རྒྱས་གདབ་ཅིང་༔ ཟག་མེད་རིལ་བུ་ཁྲི་འབུམ་མང་པོར་དྲིལ༔ ཞེས་པ་ལྟར་རོ། །གཞི་དེ་ལས་བྱས་ཟིང་འཕེལ་གདུང་རྣམ་གྲངས་མང་བ་རིག་འཛིན་པདྨ་ལྷུན་གྲུབ་ནས་ཕྱོགས་གཅིག་སྦྱར་བའི་དམ་རྫས་རྡོག་གསུམ་བཅས། གཉན་ཆེན་ཐང་ [4b] ལྷས་འཇམ་དབྱངས་མཁྱེན་བརྩེའི་དབང་པོར་དངོས་སུ་ཕུལ་བའི་གུ་རུ་རིན་པོ་ཆེའི་ཚེམས་ཀྱི་རིང་བསྲེལ་ངོ་མ་རྡོག་གསུམ་བཅས། གངས་ཏི་སེ་དང་། ཤམ་པོ་གངས་ཀྱི་ར་བ་སོགས་ནས་བྱུང་བའི་གངས་ཏིག་ལ་གཞི་བྱས་ནས་རིལ་བུ་ཆུ་ཤེལ་གྱི་མདོག་ཅན་ཏུ་སྦྱར་བ་སྟེ། མདོ་སྡེ་པད་དཀར་ལས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རབ་ཏུ་བྱུང་བའམ། ཁྱིམ་ན་གནས་པ་གང་དག་ཁ་ཅིག་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་ད་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ན་ཀུན་དགའ་བོ་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཏེ་ཐ་མ་ཡོངས་སུ་མྱ་ངན་ལས་འདའ་བར་སྨྲའོ། །ཞེས་དང་། དེ་ལ་གང་ཞིག་མཆོད་པ་དང་། རིམ་གྲོ་བྱེད་པ་དེ་ནི་མ་འོངས་པའི་དུས་ན་མི་ཁོམས་པ་བརྒྱད་ཡོངས་སུ་སྤོངས་ཏེ། དེ་བཞིན་གཤེགས་པ་རྣམས་དང་འཕྲད་ཅིང་དགེ་བའི་བཤེས་གཉེན་དང་ལྡན་པ་དང་། བྱང་ཆུབ་ཀྱི་སེམས་མི་སྤོང་བ་དང་། བསོད་ནམས་དཔག་ཏུ་མེད་པ་འཕེལ་བ་དང་། འཁོར་བ་ལས་མྱུར་དུ་འབྱུང་ཞིང་འཁོར་བའི་འཆིང་བས་གླགས་རྙེད་པར་མི་འགྱུར་བའི་སྤྱོད་པ་དམ་པ་འདི་ཡིན་ནོ། ། [5a] ཞེས་སོགས་ཡང་ཡང་གསུང་ས་ཤིང་། གོང་གི་རིལ་བུའི་དཀར་ཆག་ལས། རིལ་བུ་འདི་ཉིད་མཐོང་བ་ཙམ་གྱིས་ནི༔ ངན་སོང་གསུམ་ལ་འགྲོ་རེ་ཀན༔ རེག་མྱང་སྐལ་ལྡན་འཇའ་སྐུར་གྲོལ༔ ཞེས་གསུངས་ཏེ། མདོར་ན་འབྲེལ་ཚད་དོན་དང་ལྡན་པའི་ཕྱིར་མང་དུ་སྨོས་མ་དགོས་སོ། །གཉིས་པ་ཆོས་ཀྱི་རིང་བསྲེལ་ཕྱོགས་བསྡུས་རིལ་བུ་དམ་རྫས་གསེར་ཞུན་ཆེན་མོ་ནི། གུ་རུ་རིན་པོ་ཆེའི་ཕྱག་དཔེ་རྒྱ་གར་གྱི་དཔེ་ཁྱད་ཅན་སྟག་ཤམ་རྡོ་རྗེའི་གཏེར་བྱོན། ལོ་ཆེན་བཻ་རོ། སྐ་བ་དཔལ་བརྩེགས། ཡེ་ཤེས་མཚོ་རྒྱལ་རྣམས་ཀྱི་ཕྱག་བྲིས་རྒྱ་དཔེ། བཻ་རོའི་ཕྱག་བྲིས་འབུམ་ཤ་སྒྲོ་མ། །མངའ་བདག་ཉང་རིན་པོ་ཆེས་སྤྱན་དྲངས་པ་ཆོས་རྒྱལ་བླ་དཔེ་བཀའ་བརྒྱད་བདེར་འདུས་ཤོག་སེར་བཻ་རོ་དང་རྩེ་མང་ཕྱག་བྲིས་འཁྲུལ་མེད། ཁྲོས་ནག་ཤོག་སེར། གུ་རུ་ཆོས་དབང་གི་ཤོག་སེར་དང་། གཏེར་བྱོན་བཻ་རོའི་རྒྱ་དཔེ། གཏེར་སྒྲོམ་སོ་ཕག་ཚལ། རིག་འཛིན་རྒོད་ལྡེམ་ཅན་གྱི་ཤོག་སེར། བཻ་རོའི་རྒྱ་དཔེ། སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་ལས་བཏགས་གྲོལ་དང་། ཐུགས་རྗེ་ [5b] ཆེན་པོའི་ཤོག་སེར། དགོངས་འདུས་གཏེར་སྒྲོམ་བཟང་ཤིང་དྲི་རོ་ཁ་དོག་ཁྱད་པར་འཕགས་པའི་ཚལ་ཆེ་བ། རཏྣ་གླིང་པའི་ཤོག་སེར་རིགས་གཉིས། པདྨ་གླིང་པའི་ཐུགས་སྒྲུབ་ནོར་རྒྱམ་གྱི་ཤོག་སེར། འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱི་དམ་ཆོས་དགོངས་པ་ཡང་ཟབ་ཤོག་སེར། རིག་འཛིན་འཇའ་ཚོན་སྙིང་པོའི་ཕྱག་བྲིས་ཧཱུཾ་ནག་སྙིང་ཐིག་ཤོག་སེར་འབྲུ་རེས་རྒྱལ་གདོན་ཐུབ་པ་ཁྱད་འཕགས། གཏེར་ཆན་བདུད་འདུལ་རྡོ་རྗེའི་གཏེར་བྱོན་དམ་ཆོས་དགོངས་པ་ཡོངས་འདུས། ཕུར་པ། མགོན་པ་སྟ་གཞོན། ཞིང་སྐྱོང་བཅས་ཀྱི་ཤོག་སེར་རིགས་བཞི། གཏེར་བདག་གླིང་པའི་བདེ་གཤེགས་ཀུན་འདུས་ཤོག་སེར། བདེ་ཆེན་གླིང་པའི་མཁའ་འགྲོ་སྙིང་ཐིག་ཤོག་སེར། སྟག་ཤམ་རྡོ་རྗེའི་ཡི་དམ་དགོངས་འདུས་དང་། དེའི་ཆོས་སྡེ་འོད་དཔག་མེད་ཀྱི་ཤོག་སེར་རིགས་གཉིས། །ཆོས་གླིང་རྩ་གསུམ་དྲིལ་སྒྲུབ་ནང་སྒྲུབ་ཤོག་སེར་རྩ་འཁོར་བཀོད་པ་ཁྱད་ཅན་དང་། ཕུར་པ་མཁའ་འགྲོ་གསང་ལམ་ཤོག་སེར་བས་རིགས་གསུམ། མི་འགྱུར་རྡོ་རྗེའི་གྲོ་ལོད་ཤོག་སེར་བལ་འབངས་ཀ་ལ་སིདྡྷིའི་རོ་རས་ལ་ལི་ཁྲིས་བྲིས་པ་ [6a] བཅས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཕྱག་བྲིས་རྒྱ་དཔེ། ག་རོན་ལོ་ཙཱའི་ཕྱག་བྲིས་རྣལ་འབྱོར་རྫོགས་ཕྲེང་རྒྱ་དཔེ། རྒྱལ་བ་མི་བསྐྱོད་ཞབས་ཀྱི་ཕྱག་བྲིས་བྱིན་ལྡན། གནམ་ཆོས་ཕྱག་བྲིས་རྒྱལ་འགོང་ཐུབ་ངེས་སུ་གྲགས་པ། ཆགས་མེད་རིན་པོ་ཆེ་དང་ཀུན་གཟིགས་བསྟན་པའི་ཉིན་བྱེད་ཕྱག་བྲིས། གཏམ་ཤོད་མཁའ་འགྲོ་པདྨ་མཚོའི་གསང་ཆབ་ལས་རྫུ་འཕྲུལ་གྱིས་བྲིས་པའི་གསེར་འབུམ་རྣམས་ཀྱི་ཚལ་པ་ཆེ་ཆུང་ཅི་རིགས་པ་དང་། པད་ལྷུན་ནས་ཤོག་སེར་ཁུངས་ལྡན་རྙེདཚད་སྦྱར་བའི་རིལ་བུ་གསུམ། འཇིགས་མེད་གླིང་པ། འཇམ་དབྱངས་མཁྱེན་བརྩེ། འཇམ་མགོན་ཀོང་སྤྲུལ། འཇུ་མི་ཕམ་རྣམ་རྒྱལ། རྡོ་གྲུབ་བསྟན་པའི་ཉི་མ་རྣམ་ཀྱི་ཕྱག་བྲིས་བཅས། སྡེ་དགེ་པར་ཁང་ཆེན་མོའི་བཀའ་འགྱུར། རྙིང་རྒྱུད། བསྟན་འགྱུར་རྣམས་ཀྱི་པར་ཁྲུས་ལ་གཞི་བྱས་རིལ་བུ་གསེར་ཞུན་མའི་མདོག་ཏུ་བསྒྲིལ་བ་སྟེ། ཤོག་སེར་རྨས་ནི་རྩ་གསུམ་རྒྱ་མཚོའི་བླ་རྡོ། མཁའ་འགྲོས་སྤྲིན་བཞིན་དུ་འདུ་བའི་སྲོག་རྟེན། གནས་སྐབས་མཐར་ཐུག་གི་འཇིགས་པ་ལས་སྐྱོབས་ནུས་པ་གཏེར་ལུང་རྣམས་ [6b] ནས་བསྔགས་པར་མཛད་དེ། ཀློང་གསལ་ལས། བཀའ་ཤོག་ལན་ཅིག་མཐོང་བ་ཙམ་གྱིས་ཀྱང་༔ ཨོ་རྒྱན་སྨོན་ལམ་མཐུ་ཡིས་ངན་སོང་ཁེགས༔ ཞེས་གསུངས་སོ། །གསུམ་པ་སྐུ་གདུང་རིང་བསྲེལ་ནི། བདུད་རྩི་ལྔའི་སྐབས་སུ་འབྱུང་བའི་དམ་རྫས་ས་ལེ་སྦྲམ་དང་དོན་གྲུབ་རིལ་བུ་བཅས་ལེན་དགོས་ལ། བཞི་པ་སྐུ་བལ་རིང་བསྲེལ་ཕྱོགས་བསྡུས་རིལ་བུ་དམ་རྫས་འཇའ་འོད་འཁྱིལ་བ་ནི། འོག་གི་དམ་རྫས་ཨུ་དུམྦ་རའི་སྐབས་སུ་སྨོས་པའི་དབུ་ལོ་ན་བཟའི་རིགས་ཕྱོགས་སུ་བསྡུས་པ་ཡིན་པས་བཞུགས་ཚོགས་དེ་ལས་གསལ་ཞིང་། འདི་དག་ནི་རྟེན་གྱི་ནང་གཞུག་སྐབས་སུ་རིལ་བུ་རེ་ལ་སྡེ་ཚན་ཏུ་སྨོས་པའི་བྱིན་རླབས་ཆ་ཤས་ཡོངས་རྫོགས་འདུ་བ་དང་། རྟེན་ཆེ་ཆུང་ཀུན་ལ་ཁྱབ་པར་བདེ་བའི་དགོས་པ་ལ་བསམ་ནས་སྡེ་ཚན་གཅིག་ཏུ་བྱས་པའོ།། །། ༈ །མྱང་གྲོལ་དམ་རྫས་བདུད་རྩི་ལྔའི་དཀར་ཆག་གྲུབ་པའི་བཅུད་ལེན་ཞེས་བྱ་བ་བཞུགས། ཨོཾ་སྭསྟི། དམ་རྫས་བདུད་རྩི་ལྔའི་སྐོར་ལ། བདུད་རྩིའི་བྱུང་ཁུངས་སྦྱོར་ཚུལ་སོགས་སྔ་འགྱུར་གྱི་རྒྱུད་བདུད་རྩི་བམ་བརྒྱད་སོགས་བཀའ་གཏེར་རྣམས་དང་། གསར་ [7a] མའི་བདེ་དགྱེས་གསང་གསུམ་སོགས་ལས་རྒྱ་ཆེར་འབྱུང་བ་ལྟར་རྟོགས་པར་བྱ་བ་ལས་འདིར་སྨོས་ཀྱིས་མ་ལངས་ཤིང་། ངོས་འཛིན་ཙམ་གྱི་དབང་དུ་བྱས་ན། གསང་སྙིང་ལས། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པ་སྣོད་ཆུ་མི་འདོར་དོ། །ཞེས་དང་། རྒྱུད་ཕྱག་ཐིག་གི་དགོངས་པ་མཐུན་པར་སྔ་འགྱུར་བ་རྣམས་དང་། དྲིལ་བུ་པ། ནཱ་རོ་ཡབ་སྲས་ཀྱིས་བཀྲལ་བ་ལྟར་ཤ་ཆེན་བཅས་པའི་བདུད་རྩི་ལྔ་དང་། སྡོམ་འབྱུང་ལས་ཤ་ཆེན་གྱི་དྭངས་མ་རབ་འབྲིང་ཐ་གསུམ་གསུངས་པ་ལྟར་ཀླད་པ་དང་རུས་པ་ཟུང་དུ་དབྱེ་ཞིང་དེའང་དོན་གྲུབ་ཀྱི་རིགས་སུ་བཞག་ནས་ཚན་དྲུག་ཏུ་བྱས་པ་སྟེ། དང་པོ་གསང་ཆབ་ཀུན་འདུས་མི་བསྐྱོད་རིལ་བུ་དམ་རྫས་ཨིནྡྲ་ནཱི་ལ་ནི། གུ་རུ་ཆོས་ཀྱི་དབང་ཕྱུག །ཨོ་རྒྱན་གཏེར་བདག་གླིང་པ། རིག་འཛིན་ཚེ་དབང་ནོར་བུ། འབྲུག་ཆེན་པདྨ་དཀར་པོ། །མི་ཕམ་ཆོས་ཀྱི་སྣང་བ། གྲུབ་བརྙེས་ཀརྨ་ཆགས་མེད། གནམ་ཆོས་མི་འགྱུར་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ། །འཇམ་མགོན་བློ་གྲོས་མཐའ་ཡས། མཆོག་ [7b] གྱུར་བདེ་ཆེན་གླིང་པ་རྣམས་ཀྱི་གསང་ཆབ་ཕྱོགས་གཅིག་ཏུ་བསྡུས་པ་ལ་གཞི་བྱས། གུར་གུམ། གླ་རྩི། ཅོང་ཞི། བྲག་ཞུན། ལི་ག་དུར། ལི་ཤི། ལྕེ་ཕོག་དཀར་པོ་རྣམས་སྐྱོབས་སུ་སྦྱར་ཏེ་རིལ་བུ་དབང་སྔོན་ཁ་དོག་ཏུ་བྱས་པའོ། །གཉིས་པ་གསང་ཆེན་ཕྱོགས་བསྡུས་རྣམ་སྣང་རིལ་བུ་དམ་རྫས་དཔལ་གྱི་སྙིང་པོ་ནི། དཔལ་ལྡན་དུས་གསུམ་མཁྱེན་པ། གྲུབ་ཆེན་ཀརྨ་པཀྴི། གྲུབ་མཆོག་ཐང་སྟོང་རྒྱལ་པོ་རྣམས་ཀྱི་གསང་ཆེན་ཅིང་ཞིར་གནས་གྱུར་པ། ངོར་ཆེན་ཀུན་དགའ་བཟང་པོའི་རྣམ་སྣང་རིལ་བུ་བདུན་ཕྲག་གཅིག །རིག་འཛིན་འཇའ་ཚོན་སྙིང་པོ། ཨོ་རྒྱན་གཏེར་བདག་གླིང་པ། དཔལ་ལྡན་བསྟན་འཛིན་ཉིན་བྱེད་རྣམས་ཀྱི་རྣམ་སྣང་དང་། ཀཿཐོག་དམ་གཙང་བྱམས་གསུམ་སློབ་བརྒྱུད་རྨུགས་སངས་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་མི་ཟས་སྤངས་ནས་ས་རྡོའི་བཅུད་ལ་ལོངས་སྤྱོད་པའི་གསང་ཆེན་ལ་གཞི་བྱས། གླ་རྩི། ཛཱ་ཏི་ཕ་ལ། ཨ་ག་རུ་དཀར་ནག །སྤང་སྤོས་བཅས་སྐྱོབས་སུ་སྦྱར་ཏེ་རིལ་བུ་དུང་མདོག་ཏུ་དྲིལ་བའོ། །གསུམ་པ་བྱང་སེམས་ཟླ་ཐིག་རིན་འབྱུང་རིལ་བུ་དམ་རྫས་ཟླ་ཤེལ་ [8a] གཞོན་ནུ་ནི། སློབ་དཔོན་ཆེན་པོའི་བྱང་སེམས་གཙོས་རྒྱ་བོད་པཎ་གྲུབ་རྣམས་ཀྱི་བྱང་སེམས་དཀར་པོ་ཁྲག་འཐུང་བདུད་འདུལ་གླིང་པས་ཕྱོགས་གཅིག་ཏུ་སྦྱར་བ་རྡོག་ལྔ། དེ་ཉིད་ཀྱིས་སྒྲུབ་གནས་ཟིལ་ཕྲོམ་དཀར་ཡག་དང་བདུད་རི་གནམ་ལྕགས་འབར་བ་ནས་གཏེར་དུ་བཞེས་པའི་ཐབས་ཤེས་ཕྱག་ཆེ་རིལ་བུ་གཏའ་སྤེལ་རྡོག་གསུམ་སྟེ། དེ་ནི་དཀར་ཆག་ལས། ཀུན་བཟང་ཀུན་གཟིགས་ཀུན་བྱེད་ཡབ་ཡུམ་དང་༔ རིགས་ལྔ་ཡབ་ཡུམ་ཐུགས་ཆེན་ལྕམ་དྲལ་དང་༔ རྟ་ཕག་ཡབ་ཡུམ་འཕགས་མ་སྒྲོལ་མ་དང་༔ བདག་འདྲ་པད་འབྱུང་མཚོ་རྒྱལ་མནྡཱ་ར་བ་སོགས༔ མཁའ་དབྱིངས་སྐྱེ་མེད་དབྱིངས་ཀྱི་བདེ་གསང་རྒྱུན༔ རྣམ་ཀུན་གཅིག་བསྡུས་རིལ་བུ་དམར་འོད་གསལ༔ ཁྱད་པར་འཕགས་པའི་ཡི་གེ་ཨཱཿཡིས་མཚན༔ འདི་འདྲའི་རྫས་མཆོག་འཇིག་རྟེན་གསུམ་ན་དཀོན༔ རེག་མཐོང་རྣམས་ཀྱང་འཁོར་བའི་སྒོ་ཁེགས་ཤིང་༔ མྱང་བ་རྣམས་ནི་ཚེ་གཅིག་སངས་རྒྱས་འགྲུབ༔ ཅེས་གསུངས་པ་ལྟར་དང་། སྨིན་གླིང་བདེ་ཆེན་རིལ་བུ། སྟག་ཤམ་རྡོ་རྗེས་གླང་ལུང་ཙིཏྟ་ [8b] བྲག་ནས་བཞེས་པ་མཚོ་རྒྱལ་དང་ཨཱརྻ་ས་ལེའི་བྱང་སེམས། ཡང་ཨ་རྒྱ་མ་གཅིག །ཆོས་རྗེ་གླིང་བས་འཕྱོང་རྒྱས་བང་སོ་དམར་པོ་དང་། སྟོང་སྐུ་ནང་ནས་བཞེས་པའི་གུ་རུ་ཡབ་ཡུམ་གྱི་བྱང་སེམས་རིགས་གཉིས། པདྨ་བདེ་ཆེན་གླིང་པའི་ཨ་རྒྱ་མ་བཅས། གངས་རིའི་འཁོར་ལོ་བདེ་མཆོག་གི་གསང་བ་ནས་བྱུང་བར་གྲགས་པ་དང་། པྲེ་ཏ་པུ་རི་སོགས་གནས་ཆེན་མང་པོའི་ཅུ་གང་། ཀཾ་པ་གང་རའི་གངས་ཏིག །ཀེ་རོང་ཅོང་ཞི། པདྨ་བཀོད་ཀྱི་རཏྣ་ཚེ་ཕུག་གི་ཅོང་ཞི་སོགས་ལ་གཞི་བྱས། ཤེལ་ག་བུར། ཤ་རཱི་རཾ། ཐལ་དཀར་རྡོ་རྗེ་སོགས་སྐྱོབས་སུ་སྦྱར་ཏེ་རིལ་བུ་ཟླ་བའི་མདོག་ཏུ་སྤེལ་བའོ། །བཞི་པ་བྱང་སེམས་དམར་པོ་ཤངས་མཚལ་ཕྱོགས་བསྡུས་སྣང་མཐའ་རིལ་བུ་དམ་རྫས་པདྨ་རཱ་ག་ནི། གུ་རུའི་ཐུགས་སུ་བྱོན་པའི་མཁའ་འགྲོ་རྣམ་ལྔ་སོགས་མཚན་ལྡན་གཟུངས་མ་རྣམས་ཀྱི་རཀྟའི་རིལ་བུ་བདུད་འདུལ་གཏེར་བྱོན་དངོས་དང་གཏའ་སྤེལ་བསླད་མེད་རྡོག་བདུན། དེ་ཉིད་ཀྱི་དམ་རྫས་པདྨ་རཱ་ག་རྡོག་བདུན་ཏེ། དེའི་བཞུགས་ཚོགས་དཀར་ཆག་ལས་འབྱུང་བ་བསྡུ་ན། ཉང་ཆོས་རྒོད་ལྡེམ་རྡོར་གླིང་ཡེ་ཤེས་ཁྱུང་གྲགས་ཞིག་པོ་འགྲོ་འདུལ་ [9a] གླིང་པ་རྨས་ཀྱི་གཏེར་བྱོན་ཐབས་ཤེས་རིལ་བུ་དང་། གོང་སྨོས་ཐབས་ཤེས་ཕྱག་ཆེན་རིལ་བུ་ལ་གཞི་བྱས། ཉང་རལ། ཆོས་དབང། རྡོར་གླིང། རད་གླིང་། པདྨ་དབང་རྒྱལ། ཚེདབང་རྒྱལ་པོ། བདེ་ཆེན་གླིང་པ། ཤེས་རབ་འོད་ཟེར། བཀྲ་ཤིས་ཚེ་བརྟན། གར་དབང་ཆོས་ཀྱི་རྒྱ་མཚོ། རྩེ་ལེ་སྣ་ཚོགས་རང་གྲོལ་སོགས་ལུང་ཟིན་སྐྱེས་ཆེན་རིག་འཛིན་མང་པོའི་ཤངས་མཚལ་སྐུ་མཚལ་ཕྱོགས་གཅིག་བསྡུས་པར་གསུངས། དེ་སྟེང་གསར་དུ་སྦྱར་བ། སྨིན་གླིང་ནས་བྱུང་བའི་མཚོ་རྒྱལ་རཀྟ། གྲུབ་ཆེན་ཀརྨ་པཀྴི་དང་། མཁར་དྲུང་བསོད་ནམས་བཀྲ་ཤིས་ཀྱི་ཤངས་མཚལ། འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་སྐུ་མཚལ། ཁྲག་འཐུང་བདུད་འདུལ་རྡོ་རྗེ། གནམ་ཆོས་མི་འགྱུར་རྡོ་རྗེ། གཏེར་བདག་གླིང་པ། ཆོས་རྗེ་གླིང་པ། ཡོན་དགེ་མི་འགྱུར་རྡོ་རྗེ་རྣམས་ཀྱི་ཤངས་མཚལ། རྗེ་པདྨའི་མཚན་ཅན་གྱི་སྐུ་མཚལ་བུང་ཆེ་བ་རྣམས། གངས་རི་ཙཱ་རི་པདྨ་བཀོད་གསུམ་གྱི་རྡོ་རྗེ་ཕག་མོ་རང་བྱོན་གྱི་གསང་གནས་ནས་འབབས་པ་སོགས་སིནྡྷུ་ར་རིགས་མང་པོ་སྤེལ། [9b] ཙནྡན་དམར་པོ། ལི་ཤི། སྐྱུ་རུ་ར། སྟར་བུ། རྒུན་འབྲུམ། གུ་གུལ། བུ་རམ་སོགས་སྐྱོབས་སུ་བྱས་ཏེ་རིལ་བུ་པདྨ་རཱ་གའི་ཁ་དོག་ཏུ་སྦྱར་བའོ། །ལྔ་པ་དབུ་ཀླད་དང་གདུང་རུས་ཕྱོགས་བསྡུས་དོན་གྲུབ་རིལ་བུ་དམ་རྫས་གཡུ་ཞུན་འཁྱིལ་བ་ནི། སངས་རྒྱས་འོད་སྲུང་དབུ་ཀླད་གཏེར་ཆེན་བསམ་གཏན་གླིང་པའི་གཏེར་བྱོན། དཔལ་ལྡན་དུས་གསུམ་མཁྱེན་པའི་དབུ་ཀླད་རིང་བསྲེལ་གྱི་ཕུང་པོ། ཁྲག་འཐུང་བདུད་འདུལ་རྡོ་རྗེའི་དབུ་ཀླད་རྣམས་དང་། བྱང་སེམས་ཆོས་འཕགས་ཀྱི་ཚེམས། ནཱ་རོ་པའི་སྐུར་བཞེས་རུས་རྒྱན། མར་པ་ལོ་ཙཱའི་ཞལ་འགྲམ། སྲས་དར་མ་མདོ་སྡེའི་གདུང་རུས། དཔལ་ཆེན་རྒྭ་ལོའི་དབུ་ཐོད། ཕག་གྲུའི་གདུང་རུས། གྲུབ་ཆེན་ཀརྨ་པཀྴིའི་དབུ་ཐོད་དང་ཞལ་འགྲམ། གྲུབ་ཆེན་ཨོ་རྒྱན་བ་དང་། རྒྱལ་བ་འབྲི་གུང་པའི་གདུང་རུས། དྲུང་རྨ་སེ་རྟོགས་ལྡན་དང་། དུལ་མོ་བཀྲ་ཤིས་འོད་ཟེར་གྱི་དབུ་ཐོད། སྤང་མཁན་ཆེན་འོད་ཟེར་བླ་མའི་དབུ་ཐོད་དང་གདུང་རུས། སྟག་ལུང་ཐང་པ་ཆེན་པོ། མཁར་དྲུང་བསོད་ནམས་བཀྲ་ཤིས། ངག་དབང་བཀྲ་ཤིས་དཔལ་གྲུབ་རྣམས་ཀྱི་ [10a] གདུང་རུས། ཀུན་མཁྱེན་པདྨ་དཁར་པོ། ཡོངས་འཛིན་ལྷ་རྩེ་བ། དཔག་བསམ་དབང་པོ། ཡོངས་འཛིན་འཇམ་དཔལ་དཔའ་བོ། རྗེ་བཙུན་ཀརྨ་ཕྲིན་ལས། ཏྲེ་ཧོ་ཆོས་ཀྱི་དབང་པོ། རྡོ་རྗེ་གཙུག་ལག་དགའ་བ། རིག་འཛིན་རྡོ་རྗེ་དྲག་པོ། འབྲུག་པའི་ཡོངས་འཛིན་སྒྲུབ་བརྒྱུད་མི་ཕམ་དབང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྗེ་སྒོ་རུམ་པ། ཚར་ཆེན་བློ་གསལ་རྒྱ་མཚོ་རྣམས་ཀྱི་གདུང་རུས་བཅས་གསར་མ་དང་། རྙིང་མའི་ཕྱོགས་ལ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། རིག་འཛིན་རྒོད་ལྡེམ་ཅན། རཏྣ་གླིང་པ། ཀརྨ་གླིང་པ། ཕྱོགས་མེད་བྱང་སེམས་ཆོས་རྗེ། བྱང་སེམས་གསེར་ལོ་པ། ཁ་བ་དཀར་པོ་ནམ་མཁའ་ཆོས་རྗེ། འཁྲུལ་ཞིག་དབང་དྲག་རྒྱ་མཚོ། རིག་འཛིན་བདུད་འདུལ་རྡོ་རྗེ། གནམ་ཆས་མི་འགྱུར་རྡོ་རྗེ། སྟག་ཤམ་ནུས་ལྡན་རྡོ་རྗེ། རྭ་སྟོན་སྟོབས་ལྡན་རྡོ་རྗེ། རིག་འཛིན་ཚེ་དབང་ནོར་བུ། གཏེར་སྲས་ཆོས་སྐྱོང་དཔལ་ལྡན། གྲུབ་ཆེན་བསོད་ནམས་དཔལ་གྲུབ་བཅས་ཀྱི་གདུང་རུས། དྲུང་རྡོ་རྗེ་དཔལ་བ། རྒྱ་རབ་ནམ་མཁའ་རྒྱ་མཚོ། [10b] ཨ་རྡོ་དཀོན་མཆོག་རྒྱལ་མཚན། སྐད་པ་རིན་ཆེན་ཟླ་བ། གྲུབ་དབང་རྒྱ་གར་བླ་མ། པདྨ་ཡེ་ཤེས་རྒྱ་མཚོ་བཅས་ཀྱི་དབུ་ཐོད་དེ་སོ་སོའི་ཕྱེ་མ་རྣམས། ལུས་ཟིན་རྒྱལ་བ་པདྨའི་མཚན་ཅན་གྱི་ཚེམས་དང་གདུང་རུས་ལ་གཞི་བླངས། ཤ་ཆེན་གྱི་སྐབས་སུ་བཤད་པ་རྣམས་དང་ཀ་ར་བཅས་སྐྱོབས་སུ་བཏང་སྟེ་རིལ་བུ་མ་རྒད་ཀྱི་མདོག་ཏུ་སྦྱར་བའོ། །དྲུག་པ་སྐུ་ཤ་ཕྱོགས་བསྡུས་རིལ་བུ་དམ་རྫས་ས་ལེ་སྦྲམ་ནི། གཙོ་བོ་བདུད་འདུལ་ནུས་ལྡན་རྡོ་རྗེའི་དམ་རྫས་ས་ལེ་སྦྲམ་རྡོག་བདུན་བཞུགས་ཏེ། དཀར་ཆག་ལས། མགོན་མཆོག་དྲུག་ཅུ་སྟོན་པ་སངས་རྒྱས་བདུན་གྲགས་པའི། །སྐུ་ཤ་གདུང་གི་དྭངས་མ་དང་། །དགའ་རབ་འཇམ་དཔལ་ཤྲཱི་སེང་པྲ་ཧ་སྟིའི། གདུང་གི་དྭངས་མ་ཆོས་སྨན་དང་། །རིག་འཛིན་བརྒྱད་སོགས་རིག་འཛིན་དམ་པ་ཡོངས་གྲགས་པའི། །འོད་སྐུར་གཤེགས་རྣམས་སྐུ་ཤ་དང་། །ཆེད་དུ་བྲམ་ཟེ་དྲི་མེད་པད་དཀར་དུང་གི་རྣ་བ་ཅན། །བྲམ་ཟེ་དྲི་མེད་པདྨ་མཆོག་གྲུབ་སྐུ་ཤ་དང་། །བྲམ་ཟེ་དུང་གི་གཙུག་ཕུད་ཅན་དང་ཤཱ་རིའི་བུ། །དེ་དག་རྣམས་ཀྱི་ཤ་རིལ་ཁྱད་འཕགས་ནི། །སོགས་ནས། ཡེ་ཤེས་རོལ་རྩལ་རཏྣ་ཁྱུང་གྲགས་སོགས། །གཏེར་སྟོན་རིམ་བྱོན་ད་དུས་ཁོ་བོ [11a] ཡིས། །ཟབ་གསང་མཁའ་འགྲོའི་གསང་མཛོད་རྒྱ་བཀྲོལ་ནས། །འདི་དག་གཞི་བླངས་རིག་འཛིན་སྐྱེས་ཆེན་མཆོག །གྲུབ་ཐོབ་དངོས་གྲུབ་ཉང་རལ་རཏྣ་པདྨ་གླིང་། །བསྟན་གཉིས་གླིང་དང་སྤེ་ལྕོགས་ལས་འཕྲོ་གླིང་། །ཨོ་རྒྱན་ཞིག་གླིང་ཕ་རྒོད་འགྲོ་འདུལ་གླིང་པ་སོགས། །གཞན་ཡང་མདོ་སྔགས་ལུང་ཟིན་པའི། །རྒྱ་བོད་གངས་ཅན་མདོ་ཁམས་ཀྱི། །རིག་འཛིན་སར་གནས་བྱང་ཆུབ་སེམས་ཀུན་གྱི། །རོ་གཅིག་མྱོང་གྲོལ་བདེ་ཆེན་རིལ་བུ་མཆོག །རིལ་བུ་སེར་ལ་གསེར་མདོག་འོད་འབར་ཞིང་། །རིན་ཆེན་གསེར་ལས་ལྷག་པར་ཆེས་དཀོན་པས། །དམ་རྫས་ས་ལེ་སྦྲམ་ཞེས་མཚན་དུ་གྲགས། །ཞེས་པ་ལྟར་ལ། །དེ་སྟེང་གསར་དུ་སྦྱར་བ། དཔལ་ལྡན་ཕག་མོ་གྲུ་པའི་སྐུ་ཤ། རྒྱལ་བ་ལོ་རས་པའི་ཐུགས། བན་སྒར་འཇམ་དཔལ་བཟང་པོའི་ཐུགས། རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐུ་ཤ ཆགས་ལོ་ཙཱ་བའི་སྐུ་ཤ། སངས་རྒྱས་མཉན་པ་གྲུབ་ཆེན་གྱི་ཐུགས། སི་ཏུ་ཆོས་ཀྱི་རྒྱལ་མཚན་ཐུགས། ཀཿདམ་པ་བདེ་གཤེགས་ཀྱི་སྐུ་ཤ གཏེར་ཆེན་གུ་རུ་ཆོས་དབང་གི་ཐུགས་དང་སྐུ་ཤ་ཕོན་ཆེ། རིག་འཛིན་རྒོད་ [11b] ལྡེམ་ཅན། བྱང་བདག་བཀྲ་ཤིས་སྟོབས་རྒྱལ། འཁྲུལ་ཞིག་དབང་དྲག་རྒྱ་མཚོ། གཏེར་ཆེན་ཆོས་རྗེ་གླིང་པ། པདྨ་བདེ་ཆེན་གླིང་པ། རྒྱལ་སྲས་པདྨ་དབང་རྒྱལ། རིག་འཛིན་ཀུན་བཟང་ཤེས་རབ། རྨུགས་སངས་རྡོ་རྗེ་ཀུན་བཟང་རྣམས་ཀྱི་སྐུ་ཤ ཆེ་ཚང་གསུང་རབ་རྒྱ་མཚོ་དང་། ཀཿསེང་གེ་བླ་མའི་ཐུགས། བསྟན་སྐྱོང་བླ་མའི་ལྗགས། དཔལ་མོ་ཤེས་རབ་རྒྱ་མཚོའི་ཐུགས། གུ་རུ་ལེགས་པ་རྒྱ་མཚོའི་སྐུ་ཤ རྒྱ་བོད་པཎ་གྲུབ་ཚད་ཐུབ་མང་པོའི་སྐུ་ཤ་རིག་འཛིན་པད་ལྷུན་མཆོག་ནས་ཕྱོགས་གཅིག་དྲིལ་བ་རྡོག་གསུམ་བཅས། གངས་རིའི་སྐུ་ཤར་གྲགས་པ་ལ་གཞི་བྱས། ཤིང་ཀུན། ཞོ་ཤ་རྣམས་གསུམ། ཙི་ཏྲ་ཀ །ཀ་ཀོ་ལ་རྣམས་སྐྱོབས་སུ་སྦྱར་ཏེ་རིལ་བུ་ས་ལེ་སྦྲམ་གྱི་ཁ་དོག་ཏུ་དྲིལ་ཞིང་། ལེ་ཚན་དྲུག་དཀར། བཟང་པོ་དྲུག་དང་། ཨ་རུ་རས་འཕྲད་དང་དབུང་ལེགས་པར་བྱས་པའོ། །ཞེས་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཀྱིས་ཕྱག་བསྟར་རྩ་ཕབ་དངོས་དང་། སྨིན་གླིང་རྟེན་ཁྲོད་ལས་སོན་པའི་ཕབ་རྒྱུན་ཁུངས་ལྡན་ལ་བརྟེན་ནས་གཏའ་སྦེལ་འགྲོ་ཕན་གྱི་བཙས་སུ་འགྲེམས་པ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ་འབྲེལ་ཚད་དོན་དང་ལྡན་པར་གྱུར་ཅིག། །།[12a] ༈ །མྱང་གྲོལ་དམ་རྫས་ཨུ་དུམྦ་ར་བློ་གཏད་གཅིག་ཆོག་མའི་དཀར་ཆག་དད་པའི་ཕོ་ཉ་ཞེས་བྱ་བ་བཞུགས། ཨོཾ་སྭསྟི། མྱང་གྲོལ་དམ་རྫས་ཨུ་དུམྺ་ར་བློ་གཏད་གཅིག་ཆོག་མ་འདིར། རིང་བསྲེལ་རིགས་བཞི། བདུད་རྩི་ལྔ། སྐྱེ་བདུན་རྣམས་གཞིར་བཞག་ཐོག །སྔ་འགྱུར་རྙིང་མ་བཀའ་གཏེར་གྱི་སྐོར་ལ། འཕགས་པ་འཇམ་དཔལ་དབྱངས་ཀྱི་ཤེས་རབ་སྤེལ་བའི་རིལ་བུ་བློ་གྲོས་མཆོག་སྟེར། ཕྱག་ན་རྡོ་རྗེའི་མཐུ་སྟོབས་བསྐྱེད་པའི་རིལ་བུ་བདུད་འཇོམས་རྡོ་རྗེ། སྤྱན་རས་གཟིགས་ཀྱི་འགྲོ་དོན་མཁའ་ཁྱབ་རིལ་བུ་ཁམས་གསུམ་ཡོངས་སྒྲོལ། སའི་སྙིང་པོའི་བརྟན་གཡོ་བཅུད་སྤེལ་རིལ་བུ་བཀྲ་ཤིས་འཁྱིལ་བཞ སྒྲིབ་པ་རྣམ་སེལ་གྱི་གྲིབ་འཇོམས་རྫས་མཆོག་ཡེ་ཤེས་ཆུ་རྒྱུན། ནམ་མཁའི་སྙིང་པོའི་ལྟུང་བ་སེལ་བའི་རིལ་བུ་འབྲེལ་ཚད་རང་གྲོལ། བྱམས་པ་མགོན་པོའི་ཚུལ་ཁྲིམས་རྣམ་དག་གི་རིལ་བུ་དྲི་མེད་གཟི་བསྐྱེད། ཀུན་ཏུ་བཟང་པོའི་སྨོན་ལམ་གྲུབ་པའི་རིལ་བུ་ཡིད་བཞིན་ནོར་བུ་བཅས་གཙང་རོང་བཀྲ་ཤིས་བརྩེགས་རྫོང་ནས་འཇམ་མགོན་པདྨ་གར་དབང་གིས་སྤྱན་དྲངས་པ། རིག་འཛིན་ཤྲཱི་སིཾ་ [12b] ཧའི་དབུ་ལྗོན་འཕྱོང་རྒྱས་བང་སོ་དམར་པོ་ནས་ཆོས་རྗེ་གླིང་པས་སྤྱན་དྲངས་པ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་དབུ་ལྗོན་སྟག་ཤམ་དང་ཆོས་གླིང་གཏེར་བྱོན། གུ་རུ་ཆོས་དབང་གིས་ལྷོ་བྲག་ནས་སྤྱན་དྲངས་པའི་ཟབ་བེར་ཚལ་པ། ཆོས་གླིང་གཏེར་བྱོན་ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན་གྱི་ཚལ་པ། འཇའ་ཚོན་གཏེར་བྱོན་པད་ཞུའི་ཚལ་པ་དང་བྱང་སེམས། ཉང་གཏེར་མཆོག་ལྡན་རྡོ་རྗེའི་གཏེར་བྱོན་མཁའ་འགྲོ་འབུམ་ཞུའི་ཚལ་པ། ཉང་རིན་པོ་ཆེའི་གཏེར་བྱོན་ཨོ་རྒྱན་རྗེ་དང་མཚོ་རྒྱལ་སོ་སོའི་ཞབས་ཆགས་དུམ་བུ། བི་མ་ལ་མི་ཏྲའི་དབུ་སྐྲ། དེའི་ན་བཟའ་མཁར་ཆུའི་གཏེར་མ། ཉང་བན་ཏིང་འཛིན་བཟང་པོའི་ན་བཟའ། གནུབས་ཆེན་སངས་རྒྱས་ཡེ་ཤེས་དང་། ཟུར་ཆེན་ཤཱཀྱ་འབྱུང་གནས་ཀྱི་ཕུར་དར། ཟུར་ཆུང་ཤེས་རབ་གྲགས་ཀྱི་ན་བཟའ། གྲུབ་ཆེན་མེ་ལོང་རྡོ་རྗེའི་རས་གོས། ཀློང་ཆེན་རབ་འབྱམས་ཀྱི་ན་བཟའ། གཏེར་མའི་ཕྱོགས་གཙོ་ཆེ་བ་ལ། མངའ་བདག་ཉང་རིན་པོ་ཆེའི་ན་བཟའ། གུ་རུ་ཆོས་དབང་གི་དབུ་ཞྭ། ན་བཟའ། གྲ་པ་མངོན་ཤེས་ཀྱི་ཕྱག་ཕྲེང་། སྤང་སྟོན་གསང་བདག་རྡོ་རྗེ། སངས་རྒྱས་གླིང་པ། རཏྣ་གླིང་པ། [13a] རྒྱལ་སྲས་ཚེ་དབང་གྲགས་པ། མཚོ་རྒྱལ་རྣམ་འཕྲུལ་སྣང་གསལ་འོད་དེ་འབུམ། བྱང་པ་སྔགས་འཆང་རྡོ་རྗེ་མགོན་པོ། མཚན་ལྡན་བྱམས་པ་བཤེས་གཉེན་བཅས་ཀྱི་ན་བཟའ། སེ་སྟོན་རིན་ཆེན་རྒྱལ་མཚན་གྱི་ཕུར་དར། པདྨ་གླིང་པའི་དབུ་ལྗོན། བཞུགས་གདན། ལེགས་ལྡན་བདུད་འཇོམས་རྡོ་རྗེའི་སྐུ་རེག་མཚོན་ཐུབ་མ། བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་ན་བཟའ། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཞལ་ནས། སླེ་བེམ་འདི་དང་མ་བྲལ་ན། །རྣལ་འབྱོར་བསམ་པ་འགྲུབ་པ་ཡིན། །ཅེས་གསུངས་པ་ལྟར་འབྲལ་མེད་ཀྱི་སླེ་བེམ་བྱིན་ལྡན། དབུ་ལོ། ཕྱག་ཕྲེང་། ཀླུའི་རྒྱལ་པོས་ཕུལ་བའི་ཕྱག་མཁར། དེ་ཉིད་ཀྱི་རྟེན་འདུས་ཁྱད་འཕགས། གྲུབ་ཐོབ་རིལ་དཀར་ཕབ་གཏའ་བསླད་མེད། སྐུ་དབོན་བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོའི་སྐུ་བེར། སྐུ་རགས། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱི་དབུ་སྐྲ། དེ་ཉིད་ཀྱིས་སྦྱར་བའི་བྱང་གཏེར་རྟེན་འདུས་ཁྱད་འཕགས། རིག་འཛིན་འཇའ་ཚོན་སྙིང་པོའི་དབུ་སྐྱེས། ལོ་བཅུ་གཉིས་སུ་སྐུ་མཚམས་བཞུགས་སྐབས་ཀྱི་ན་བཟའ་དང་སྐུ་འགག་ [13b] ཚལ། ལྗགས་གུལ། སྤུར་རས། དེ་ཉིད་ཀྱི་རྟེན་འདུས་དཀར་ཆག་འོད་ཟེར་དྲྭ་བར་གསལ་བའི་རིམ་བུ་ནམ་མཁའི་མདོག་ཅན་ཆོས་བདག་བསྟན་པ་དར་རྒྱས་ཀྱི་ཕྱག་ནས་བྱུང་བ་རྡོག་གསུམ། ཡང་ཕྱེ་མའི་རིགས་གཅིག །རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་དབུ་ཞྭའི་ནང་རས། གནམ་ཆོས་མི་འགྱུར་རྡོ་རྗེའི་དབུ་སྐྲ། ན་བཟའ། ཕྱར་བུ། གདུང་ཐལ། རྟེན་འདུས་བཅས། གྲུབ་བརྙེས་ཀརྨ་ཆགས་མེད་ཐུགས་ཆེན་རྒྱལ་རྒྱམ་གྱི་སྐུ་མཚམས་ལོ་བཅུ་གསུམ་བཞུགས་སྐབས་ཀྱི་དབུ་ལྗོན། ན་བཟའ། ཕྱག་ཕྲེང་། པད་ཞྭ། ཤངས་ཕྱིས། གདུང་ཐལ། ཕྱག་ནས། སྒྲུབ་ཁང་གི་ས། དེ་ཉིད་ཀྱིས་སྦྱར་བ་ཁྱད་འཕགས་རྟེན་འདུས་རིགས་གཉིས་དང་། སྨན་རཀ་གཏོར་གསུམ་བུམ་ཆུ་གྲངས་མེད་ཕྱོགས་བསྡུས་དཀར་ཆག་ཟུར་གསལ་ལྟར། གནམ་ཆོས་རིལ་བུ་གསུམ་སོགས་དམ་རྫས་ཕྱོགས་དྲིལ་ཡབ་སྲས་ལྷན་རྒྱས་ནས་བསྒྲུབས་པ། མཆོག་སྤྲུལ་བསྟན་འཛིན་ཕྲིན་ལས་ཀྱིས་ཐུགས་གྲུབ་དང་། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་སྒོ་ནས་བསྒྲུབས་པའི་རིལ་བུ། གཏེར་ཆེན་བདུད་འདུལ་རྡོ་རྗེའི་ན་བཟའ། སྐུ་བེར། སྐུ་ཆིངས། ཨོ་རྒྱན་ཆེན་པོས་དངོས་སུ་སྩལ་བའི་དབུ་ཞྭ་མཁའ་ [14a] འགྲོའི་སྦྲིན་ཕུང་གི་ཚལ་པ་འཁྲུལ་བྲལ། ཉིད་ཀྱི་གཏེར་བྱོན་མྱང་གྲོལ་སྟོང་རྩ་གཙོར་བྱས་གཏེར་སྟོན་བརྒྱ་རྩའི་དམ་རྫས་གཅིག་བསྡུས་ཕབ་གཏའ་རྡོག་གསུམ། རྗེ་ཉིད་ཀྱི་གཏེར་ཁ་བཅུ་གསུམ་གྱི་དམ་རྫས་གཅིག་བསྡུས་རིལ་བུ། རྟེན་འདུས་ཆེན་མོ། ཁྱད་པར་རུ་ཐོག་རྡོ་རྗེའི་ཀེའུ་ཚང་ནས་སྤྱན་དྲངས་པའི་དམ་རྫས་རིལ་བུ་ཆེན་པོ་ནི། དཀར་ཆག་ལས། མྱང་གྲོལ་རོལ་པ་ཆེན་པོ་ཞེས་བྱ་བའི༔ ཡང་གསང་ཁྱད་པར་རྫས་མཆོགནི༔ ཀུན་བཟང་ཡབ་ཡུམ་དྲུག་པ་རྡོ་རྗེ་འཆང་༔ རིགས་ལྔ་ཡབ་ཡུམ་འཕགས་མཆོག་ནམ་མཁའི་རྒྱལ༔ སྐྱེ་མེད་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ༔ རྡོ་རྗེ་ཕག་མོ་གསང་ཡེ་དྷཱ་ཀི་མ༔ དབྱངས་ཅན་འཕགས་མ་སྒྲོལ་མ་ལ་སོགས་ཀྱི༔ མཁའ་གསང་བདེ་བའི་རྒྱུན་མཆོག་དཀར་དམར་དང་༔ སངས་རྒྱས་དཔའ་བོ་བཅུ་གཉིས་དང་༔ རིག་འཛིན་རྣམ་བརྒྱད་དགའ་རབ་ཤྲཱི་སེང་༔ སངས་རྒྱས་རིག་འཛིན་པཎ་གྲུབ་མཆོག༔ ཟག་མེད་འོད་སྐུར་གཤེགས་རྣམས་ཀྱི༔ སྙིགས་མའི་སྐུ་ཡི་གདུང་མཆོག་དང་༔ ཉན་ཐོས་བྱང་ཆུབ་སེམས་རྣམས་ཀྱི༔ སྐུ་གདུང་རིང་བསྲེལ་མཐའ་དག་ [14b] དང་༔ མཉམ་མེད་ཐུབ་པའི་དབང་པོའི་གདུང་ཐལ་དང་༔ རྒྱལ་པོ་སྙིང་སྟོབས་ཆེན་པོ་ཡི༔ ལུས་སྦྱིན་རྣམ་དག་སྐུ་མཚལ་ས༔ པད་འབྱུང་བདག་གི་ཟག་མེད་བདེ་དགའ་རྒྱུན༔ ལྷན་ཅིག་སྦྱོར་བ་རིལ་བུ་དམར་འོད་འབར༔ ཁྱད་པར་མཚན་རྟགས་ཨ་མས་མཚན༔ རེག་མྱང་དྲི་ཚོར་ལུས་ཅན་ཀུན༔ ཚེ་རབས་གྲངས་མེད་བསགས་པའི་སྡིག་སྒྲིབ་ཀུན༔ མྱུར་དག་ཚེ་འདི་ཉིད་ལ་ནི༔ རྒྱལ་བ་ཀུན་བཟང་མྱུར་འགྲུབ་ཐེ་ཚོམ་མེད༔ ཅེས་བསྔགས་པའི་གཏའ་སྤེལ་འཁྲུལ་མེད་དང་། དམ་རྫས་ཟླ་ཤེལ་ཆེན་མོའི་ཕབ་གཏའ། དམ་རྫས་ཨ་བོ་མ། དམ་རྫས་ཡིད་བཞིན་ནོར་བུ་རྡོག་གཅིག་བཅས། དེ་རྣམས་ཀྱི་བཞུགས་ཚོགས་ནི་ཉིད་མཛད་དཀར་ཆག་ལྟར་ལས་འདིར་སྨོས་ཀྱིས་མ་ལངས། སྲས་ནོར་བུ་ཡོངས་གྲགས་ན་བཟའ། ཨོ་རྒྱན་གཏེར་བདག་གླིང་པའི་དབུ་ཞྭ། ན་བཟའ། སྐུ་ཤམ། སྤུར་རས གདུང་ཁྲུས་རིལ་བུ། དེ་ཉིད་ཀྱིས་སྦྱར་བའི་རྟེན་འདུས་དབང་མདོག་རྡོག་བཅུ། གསེར་མདོག་རྡོག་བདུན། ཉང་གུར་རྡོར་གླིང་པད་གླིང་སོགས་གཏོར་རྙིང་རྣམས་དང་ཉིད་ཀྱི་གཏེར་བྱོན་དམ་རྫས་ཀུན་འདུས་རིལ་བུ། [15a] བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་རིལ་སོགས་དང་། ལོ་ཆེན་དྷརྨ་ཤྲཱིའི་དབུ་ལོ། སྐུ་གཟན། མི་འགྱུར་དཔལ་སྒྲོན་གྱི་དབུ་ལོ། ན་བཟའ། སྤུར་རས། རྒྱལ་སྲས་ཡིད་བཞིན་ལེགས་གྲུབ་ཀྱི་དབུ་ལྗོན། ཁྲི་ཆེན་པདྨ་བསྟན་འཛིན་གྱི་སྤུར་རས། མཁན་ཆེན་ཨཽ་ཌི་ཡཱ་ནའི་དབུ་ལོ། མཁན་ཆེན་གསང་སྔགས་བསྟན་འཛིན་གྱི་དབུ་ལོ། སྨིན་གླིང་བཀའ་གཏེར་ཆོ་ག་ཁག་སྒྲུབ་མཆོད་ཡོད་དོ་ཅོག་གི་བུམ་ཐོད་བཅུད་ཀྱི་རིལ་བུ། རབ་གནས་མེ་ཏོག དཔའ་བོ་སྟག་ཤམ་རྡོ་རྗེའི་དབུ་ལྗོན། དབུ་སྐྲའི་ཐོར་ཅོག་འཆིང་སྤྱད་དར་ལྗང་སྐུ་དྲེགས་ཅན། དབུ་ཞྭ། ན་བཟའ། སྤུར་རས། རྟེན་འདུས་ཁྱད་འཕགས། ཨོ་རྒྱན་ཆོས་རྗེ་གླིང་པའི་དབུ་ལྗོན། ན་བཟའ། མགུལ་གའི་ཐུམ། སྤུར་རས། མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་དབུ་ལོ། དབུ་ཞྭ་དང་ན་བཟའ་སྐུ་དྲེགས་ཅན། དགོ་ཐུལ་རོལ་པའི་རྡོ་རྗེའི་ན་བཟའ། དབུ་ཞྭ། རྡོར་བྲག་རིག་འཛིན་པདྨ་ཕྲིན་ལས་ཀྱི་ན་བཟའ། སྐུ་རེགས། ཞལ་ཕྱིས། སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོས་བསྒྲུབ་པའི་མ་ཎི་རིལ་བུ། ཙནྡན་སྦྲུལ་ [15b] སྙིང་གཏེར་བྱོན་བཅས། སྔ་འགྱུར་བསྟན་པའི་ཆུ་འགོ་མདོ་ཁམས་ཀྱི་ཕྱོགས་སུ་ཐོག་མར་བཙུགས་པ་རྒྱལ་བ་ཀཿཐོག་པའི་སྐོར་ལ། ཀཿདམ་པ་བདེ་གཤེགས་ཀྱི་དབུ་ལོ། སྐུ་བེར་འཁོར་ལོ་དགུ་བརྩེགས་། འཇའ་ལུས་སུ་གཤེགས་པའི་གྲུབ་ཆེན་མ་ཎི་རིན་ཆེན་ན་བཟའ། དྲུང་ཕྱག་གཡུ་བའི་ན་བཟའ། དྲུང་དབང་འབྱོར་བའི་དབུ་ལོ། ཧེ་པ་ཆོས་འབྱུང་དབུ་ལྗོན། གྲུབ་བརྙེས་སངས་རྒྱས་བཀྲ་ཤིས་དབུ་ལོ། ན་བཟའ། རིག་འཛིན་ཀློང་གསལ་སྙིང་པོའི་དབུ་ཞྭ། ན་བཟའ། གདུང་རུས། སྐུ་ཆིངས། རྟེན་འདུས་ཁྱད་འཕགས། རྒྱལ་སྲས་བསོད་ནམས་ལྡེ་བཙན་སྐུ་བེར། དྲུང་པ་ལུང་ཟིན་ཆོས་ཉིད་རྒྱ་མཚོའི་དབུ་ལོ། ན་བཟའ། དྲུང་ནམ་མཁའ་རྒྱ་མཚོའི་ན་བཟའ། སྟག་བླ་པདྨ་ནོར་བུའི་ན་བཟའ། དེ་ཉིད་ཀྱིས་བསྒྲུབ་འི་དམ་རྫས་ཀུན་འདུས་ནོར་བུ་དང་། དམ་རྫས་རྡོ་རྗེའི་རྒྱ་ལྡན་ཆེ་གཅིག །པདྨ་བློ་གྲོས་དབུ་ལྗོན། ན་བཟའ། བར་ཁྱིམ་ཤེས་རབ་བློ་གྲོས་དང་ཆོས་ཉིད་རྒྱ་མཚོའ་ན་བཟའ། རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་དབུ་ལོ། ན་བཟའ། སྐུ་ཤམ། དབུ་སྔས། སྤུར་རས། གདུང་སོལ། རབ་གནས་མེ་ཏོག །རྟེན་འདུས་ཁྱད་འཕགས། རྒྱལ་སྲས་ཚེ་དབང་དཔལ་དར་ན་བཟའ། སྨར་ཚང་བཀའ་བརྒྱུད་ཆོས་རྒྱུན་རང་གྲོལ་ཆོས་སྐྱོང་རྒྱ་མཚོས་བསྒྲུབས་པའི་དམ་རྫས་ཀུན་འདུས་རིལ་ [16a] བུ། དེ་ཉིད་ཀྱི་ན་བཟའ། འཁྲུལ་ཞིག་སྟོན་པ་རྒྱལ་མཚན་དང་སྟོནཔ་སེང་གེའི་དབུ་སྐྲ། ཨ་རྡོ་དཀོན་མཆོག་རྒྱལ་མཚན་གྱི་དབུ་སྐྲ། ན་བཟའ། དཔལ་འབར་ནམ་མཁའ་རྡོ་རྗེའི་དབུ་ལྗོན། དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་དབུ་ལྗོན། སྐུ་ཆོས། པད་ཞྭ། གསེར་གྲུབ་དབང་ཡེ་ཤེས་སེང་གེའི་ན་བཟའ། རྨུགས་སངས་ཉི་མ་རྒྱལ་མཚན་གྱི་དབུ་སྐྲ། གཏེར་ཆེན་མཆོག་གྱུར་གླིང་པའི་ན་བཟའ་དང་སྐུ་རེགས། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གདུང་ཐལ། ན་བཟའ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་དབུ་ལོ། གདུང་ཚྭ། རྗེ་མི་ཕམ་པའི་ཤངས་མཚལ། ན་བཟའ། གཏེར་ཆན་བདུད་འཇོམས་གླིང་པའི་གདུང་ཐལ། ན་བཟའ། གཏེར་འབྱིན་ཌཱ་ཀི་བདེ་བའི་རྡོ་རྗེའ་གདུང་ཐལ། ན་བཟའ་བཅས། བཀའ་རྒྱུད་རིན་པོ་ཆེའི་སྐོར་ལ། དཔལ་ས་ར་ཧ་པའི་དུག་སྦྲུལ་ལྤགས་པའི་སྒོམ་ཐག གྲུབ་ཆེན་ཤ་བ་རི་པའི་དྲྭ་ཕད། ཏཻ་ལོ་པའི་སྒོམ་ཐག ནཱ་རོ་པའི་ཁྲི་སྙན་ལྤགས་པའི་བཞུགས་གདན། རྗེ་མར་པ་ལོ་ཙཱའི་ཕྱག་དར། ན་བཟའ། གཏོར་གདན། ཞལ་དཀར་དུམ་བུ། མར་པ་མགོ་ཡག་གི་ཕྱག་ [16b] དར། རྗེ་བཙུན་མི་ལའི་རས་གཟན་དང་སྒོམ་ཐག་སྐུ་དྲེགས་ཅན་འབའི་རིམ་པའི་རྟེན་སྐལ་དུ་བྱོན་པ། རྭ་ཞལ་གྱི་ཆ་ཤས། མཉམ་མེད་དྭགས་པོ་ལྷ་རྗེའི་སྐུ་ཆོས། སྐྱེ་མེད་ཞང་ཚལ་པའི་གདུང་རུས། དེ་ནས་ཀརྨ་ཀཾ་ཚང་གི་སྐོར་ལ། དཔལ་ལྡན་དུས་གསུམ་མཁྱེན་པའི་དབུ་ཞྭ། གདུང་ཐལ། གྲུབ་ཆེན་ཀརྨ་པའི་དབུ་ཞྭ། སྒོམ་ཐག གདུང་ཐལ། ཀུན་མཁྱེན་རང་བྱུང་རྡོ་རྗེའི་དབུ་སྐྱེས། བཞུགས་གདན། ཁྲི་སྙན་ལྤགས་པའི་ཚལ་བུ། རོལ་པའི་རྡོ་རྗེའི་སྐུ་མཚམས་གནང་སྐབས་ཀྱི་དབུ་ལྗོན། དེ་བཞིན་གཤེགས་པའི་དབུ་སྐར། སྐུ་ཆིངས། མཐོང་བ་དོན་ལྡན་བཞུགས་གདིང་། རྗེ་ཆོས་གྲགས་རྒྱ་མཚོའི་དབུ་ཞྭ། རྗེ་མི་བསྐྱོད་རྡོ་རྗེའི་ཁྲུས་རས། གདུང་ཐལ། དབང་ཕྱུག་རྡོ་རྗེའི་སྤུར་རས། ཆོས་དབྱིངས་རྡོ་རྗེའི་དབུ་ལྗོན། ཡེ་ཤེས་རྡོ་རྗེའི་དབུ་ལྗོན་བུབ་གཅིག སྐུ་ཆུང་དུས་བཞེས་པའི་སྐུ་སླག བྱང་ཆུབ་རྡོ་རྗེའི་དབུ་ལོ། སྐུ་བེར། བདུད་འདུལ་རྡོ་རྗེའི་དབུ་སྐྱེས་ཕོན་མང་། ཕྱག་ཕྲེང་། དེ་ཉིད་ཀྱི་སྦྱར་བའི་གསར་རྙིང་གི་རྟེན་གཅེས་སོ་ཅོག་འདུས་པའི་དམ་རྫས་ཡིད་བཞིན་ནོར་བུ་ཕྱག་བསྒྲིལ་རྡོག་ཆེ་གཅིག ན་རིམ་བཅུ་ [17a] གསུམ་ས་སོའི་ན་བཟའ། སྐུ་ཆོས། རྒྱལ་སྲས་སྤོམ་བྲག་པའི་དབུ་ལྗོན། བན་སྒར་འཇམ་དཔལ་བཟང་པོའི་སྒོམ་ཐག ཞྭ་དམར་བ་གཉིས་པ་རྟོགས་ལྡན་མཁའ་སྤྱོད་དབང་པོའི་དབུ་ཞྭ། སྤྱན་སྔ་ཆོས་ཀྱི་གྲགས་པའི་སྐུ་བེར། དཀོན་མཆོག་ཡན་ལག་གི་སྐུ་ཆོས། ཆོས་ཀྱི་དབང་ཕྱུག་གི་རུས་རྒྱན་གཞི་སྐུ་དྲེགས་ཅན། ན་བཟའ། གདུང་ཚྭ། ཡེ་ཤེས་སྙིང་པོའི་ན་བཟའ། ཆོས་ཀྱི་དོན་གྲུབ་ཀྱི་དབུ་ལྗོན། ན་བཟའ། གདུང་རུས། དཀོན་མཆོག་བདེ་བའི་འབྱུང་གནས་ཀྱི་གདུང་ཐལ། ཆོས་གྲུབ་རྒྱ་མཚོའི་དབུ་སྐྱེས། ན་བཟའ། རྒྱལ་ཚབ་གྲགས་པ་དོན་གྲུབ། སི་ཏུ་མི་འཁྲུགས་ཆོས་ཀྱི་གོ་ཆ། བསོད་ནམས་རྣམ་རྒྱལ། ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོ་རྣམས་ཀྱི་སྐུ་ཆོས་དང་ན་བཟའ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་དབུ་སྐྱེས། སྐུ་ཆོས། བཞུགས་གདན། སྤུར་ཚྭ། སི་ཏུ་པདྨ་ཉིན་བྱེད་དབང་པོའི་དབུ་སྐྱེས། ན་བཟའ། སྤུར་རས། གདུང་རུ། སྤུར་ཚྭ། རྗེ་ཉིད་ཀྱིས་པདྨ་བཛྲ་དང་ཐུགས་ཆེན་གསང་འདུས་སོགས་ཀྱི་སྒོ་ནས་བསྒྲུབས་པའི་རྟེན་འདུས་རིགས་མང་པོ། དཔལ་ [17b] སྤུངས་སྒྲུབ་ཁང་ནས་སྤུ་བོ་ཤོལ་རྫོང་དུ་རབ་གནས་ཟང་ཐལ་ཕེབས་པའི་ཕྱག་འབྲས། དཔའ་བོ་ཆོས་དབང་ལྷུན་གྲུབ་ཀྱི་དབུ་ཞྭ། གཙུག་ལག་ཕྲེང་བ་དང་གཙུག་ལག་རྒྱ་མཚོའི་ན་བཟའ། སྐུ་ཆིངས། ཕྲིན་ལས་རྒྱ་མཚོའི་ན་བཟས། གཙུག་ལག་དོན་གྲུབ་ཀྱི་དབུ་ལྗོན། གཙུག་ལག་དགའ་བའི་དབུ་སྐྲ་ལྕང་ལོ། ན་བཟའ། གསང་ཡུམ་བདེ་ཆེན་རྒྱལ་མོའི་གདུང་རུས། གཙུག་ལག་ཆོས་ཀྱི་རྒྱལ་པོའི་དབུ་སྐྲ། གདུང་ལྕིབས། ཏྲེ་ཧོ་དཔག་བསམ་དབང་པོ་དང་། བསྟན་འཛིན་དར་རྒྱས་ན་བཟའ། ཏྲེ་ཆེན་ཆོས་ཀྱི་དབང་པོ་སྨིན་གླིང་རྒྱལ་ཚབ་མཛད་སྐབས་ཀྱི་སྐུ་ཆོས། ཟུར་མང་བཀའ་བརྒྱུད་ལས། དྲུང་ཀུན་དགའ་རྣམ་རྒྱལ། རྟོགས་ལྡན་དོན་གྲུབ་བཀྲ་ཤིས། སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་གསུམ་གྱི་དབུ་ལྗོན། གར་དབང་ཆོས་སྐྱོང་རྣམ་རྒྱལ་གྱི་ན་བཟའ། རྟེན་འདུས་ཁུངས་ལྡན། དཔའ་བོ་རྟ་མགྲིན་མགོན་པོའི་ཕྱག་ཕྲེང་། གདུང་རུས། གནས་མདོ་བདེ་ཆེན་སྙིང་པོའི་དབུ་སྐྱེས། ཕག་གྲུ་བཀའ་བརྒྱུད་སོགས་ཀྱི་སྐོར་ལ། འགྲོ་མགོན་རྡོ་རྗེ་རྒྱལ་པོའི་སྐུ་འགག སངས་རྒྱས་ཡེལ་པའི་སྐུ་བེར། གཙང་པ་རྒྱ་རས་ཀྱི་དབུ་ཞྭ། གྲུབ་ [18a] ཆེན་ཨོ་རྒྱན་པའི་སྒོམ་ཐག སྟག་ཚང་རས་པ་ངག་དབང་རྒྱ་མཚོ་ཨོ་རྒྱན་དུ་ཕེབས་སྐབས་ཌཱ་ཀིའི་ཁ་ནས་མེ་འབར་ཡང་མ་ཚིག་པའི་རྫུ་འཕྲུལ་བསྟན་པའི་རས་གོས། འབྲུག་ཆེན་པདྨ་དཀར་པོའི་དབུ་ལོ། སྐུ་ཆོས། གདུང་ཚྭ། ཞུན་ཐིག་རིལ་བུ། རྗེ་ལྷ་རྩེ་བའི་ན་བཟའ། བཀའ་བརྒྱུད་འཕྲིན་ལས་ཤིང་རྟའི་དབུ་ལྗོན། ཀུན་གཟིགས་ཆོས་ཀྱི་སྣང་བའི་དབུ་ལོ། ན་བཟའ། ཕྱག་ནས། སྤུར་རས། སྤུར་ཚྭ། དེ་ཉིད་ཀྱིས་སྦྱར་བའི་རྟེན་འདུས་ཁྱད་འཕགས། ཡང་རྟེན་འདུས་རིགས་གཅིག་བཅས་ཕོན་མང་། བྱང་འགྲོའི་རིལ་བུ། ཡོངས་འཛིན་འཇམ་དཔལ་དབང་པོའི་ཕྱག་དྲིལ་རྟེན་འདུས་རིལ་བུ། རིག་འཛིན་ཐུགས་ཀྱི་རྡོ་རྗེའི་དབུ་ལྗོན། གསོལ་ཕྱིས། སྤུར་ཚྭ། འབྲི་གུང་སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱི་སྐུ་ཆོས། རིན་ཆེན་ཕུན་ཚོགས་ཀྱི་བསྙེལ་འབོལ། ན་བཟའ། ཆོས་ཀྱི་གྲགས་པའི་དབུ་ལྗོན། སྒོམ་ཐག སྟག་ལུང་ཐང་པ་རིན་པོ་ཆེའི་ན་བཟའ། ཆོས་སྐུ་ཨོ་རྒྱན་མགོན་པོའི་སྐུ་ཆོས། མཁས་གྲུབ་ངག་དབང་རྣམ་རྒྱལ་གྱི་ན་བཟའ། གཙང་སྨྱོན་ཧེ་རུ་ཀའི་སྒོམ་ཐག་སྐུ་དྲེགས་ཅན་བཅས། [18b] བཀའ་གདམས་རིན་པོ་ཆེ་གཙོ་བོ་གྱུར་པའི་འཕགས་བོད་སྐྱེས་ཆེན་ཁྱད་པར་ཅན་རྣམསཀྱི་སྐོར་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཞབས་ཆགས། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་དབུ་ཞྭ། སྐུ་ཆོས། གདན་དྲངས་པའི་མདོ་ལིའི་ཤིང་། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱི་ན་བཟའ། ཕ་དམ་པའི་ཤངས་མཚལ། དམ་པ་འཕྱར་ཆེན་གྱི་དབུ་ལྗོན། མ་གཅིག་ལབ་སྒྲོན་གྱི་དབུ་སྐྲ། རྒྱལ་བ་འབྲོམ་སྟོན་པའི་ཚེམས་ཀྱི་ཆ་ཤས། ཞབས་ཆགས། རྔོག་ལོ་ཆེན་པོའི་དཔེ་ཐག །རམ་སྡིངས་པ་འབྱུང་གནས་རྡོ་རྗེའི་ཞབས་ཆགས། དགོན་པ་དབང་ཕྱུག་རྒྱལ་མཚན་གྱི་གདུང་ས། གཏུམ་སྟོན་གྱི་ཆོས་གོས། སྐྱོ་སྟོན་གྱི་སྐུ་འགག །མཆིམས་ཆེན་ནམ་མཁའ་གྲགས་ཀྱི་ཞབས་ཆགས། རྒྱལ་སྲས་ཐོགས་མེད་བཟང་པོའི་དབུ་སྐྲའི་རྟེན་འདམ། རྭ་ལོའི་ཕྱག་མཚན་རྡོ་རྗེའི་མགུལ་དར། ཇོ་ཞལ་བོ་དོང་སོགས་ལས། ཆོས་རྗེ་ཀུན་མཁྱེན་ཆེན་པོའི་ན་བཟའ། དེ་ཉིད་ཀྱི་ཞུན་ཐིག་ལས་གྲུབ་པའི་དུས་འཁོར་གསང་འདུས་བདེ་མཆོག་རྣམས་ཀྱི་རྟེན་ཁྲས་བྱིན་རླབས་ཆ་ཤས། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་ན་བཟའ། བཀའ་བཞི་པ་རཏྣ་ཤྲཱི། རིན་ཆེན་གྲགས་པ། ཆོས་རྗེ་ [19a] དཔལ་འབྱོར་བཟང་པོ་རྣམས་ཀྱི་ན་བཟའ། རྗེ་བཙུན་ཏཱ་ར་ནཱ་ཐའི་ན་བཟའ། སྐུ་ཆོས། སྐུ་ཤིང་དུ་སྐྱེས་པའི་སེ་བའི་ཡལ་འདབ། བཞུགས་གདིང་། བཞུགས་གདན་དོམ་ལྤགས་ཚལ་བུ། སྤུར་རས། ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་དབུ་ལྗོན། ན་བཟའ། བོ་དོང་འཇིགས་བྲལ་ཆེན་པོའི་སྣམ་སྦྱར། གར་ཞྭའི་སྐྲ་ཚབ་ཡེ་ཤེས་མཁའ་འགྲོའི་དབུ་སྐྲ་ལས་གྲུབ་པ། གསང་ཡུམ་རྗེ་བཙུན་ཨོ་རྒྱན་མཚོ་མོའི་ཤ་གོས། རིན་སྤུངས་ནོར་བཟང་པའི་གདུང་བཅས། དཔལ་ལྡན་ས་ངོར་ཚར་གསུམ་གྱི་སྐོར་ལ། ས་ཆེན་ཀུན་དགའ་སྙིང་པོའི་ན་བཟའ། འཇམ་དབྱངས་ས་སྐྱ་པཎ་ཆེན་གྱི་དབུ་ཞྭ། སྐུ་ཆོས་འཁྲུལ་མེད་བྱིན་ལྡན་རིགས་གཉིས། འགྲོ་མགོན་ཆོས་རྒྱལ་འཕགས་པའི་གདུང་། ཤོ་ཀ་ལིའི་ནང་སྦྱར། དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་གྱི་ན་བཟའ། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ཀྱི་སྣམ་སྦྱར། ཨ་གཉན་དམ་པ་ཀུན་དགའ་གྲགས། བདག་ཆེན་གྲགས་པ་བློ་གྲོས། སྔགས་འཆང་ཀུན་དགའ་བསོད་ནམས་བཅས་ཀྱི་ན་བཟའ། ངོར་ཆེན་ཀུན་དགའ་བཟང་པོའི་སྐུ་ཆོས། བཞུགས་གདིང་། [19b] བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་གྱི་ན་བཟའ། མུས་ཆེན་སེམས་དཔའ་ཆེན་པོའི་དབུ་སྐྲ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག་གི་ཆོས་གོས། ཡོངས་འཛིན་དཀོན་མཆོག་འཕེལ་བའི་ན་བཟའ། གངས་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱི་སྐུ་ཆོས། ཐུགས་དམ་གསང་བའི་མགོན་ཁང་ནས་སྤྱན་དྲངས་པའི་དམ་རྫས། སྒོ་རུམ་པ་ཀུན་དགའ་ལེགས་པའི་དབུ་ལོ། གདུང་ཚྭ། གདུང་ཁྲུས་རིལ་བུ། ཚར་ཆེན་བློ་གསལ་རྒྱ་མཚོའི་ན་བཟའ། གདུང་ཐལ། སྐུ་ཆིངས། གནས་གསར་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་གདུང་ཐལ། སྐུ་རེགས། མགོན་པོ་བསོད་ནམས་མཆོག་ལྡན་གྱི་གདུང་ཐལ། སྐུ་ཐིག་རིལ་བུ། ལོ་བཞིར་སྐུ་མཚམས་བཞུགས་སྐབས་ཀྱི་དབུ་ལོ། སྐུ་ཆོས་བཅས་དང་། ཁྱད་པར་དུ་འཕགས་པའི་རྟེན་འདུས་དཔེ་བྲལ་མ་སྔོན་ཡོད་རྙིང་མ་འཁྲུལ་མེད་རྡོག་བརྒྱད་བཞུགས་པ་སྟེ། དེ་ནི་གྲུབ་པའི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་སློབ་མ་བདེ་བ་ཆེན་པོ་པདྨ་འབྱུང་གནས། སངས་རྒྱས་གསང་བ་སོགས་དངོས་གྲུབ་བརྙེས་པ་རྣམས་ཕྱོགས་བཅུར་བཏང་ནས། སངས་རྒྱས་ [20a] བྱང་སེམས་ཉན་རང་གྲུབ་ཐོབ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་ན་བཟའ་དབུ་སྐྲ་བྱང་སེམས་སྐུ་གདུང་རིགས་དཔག་ཏུ་མེད་པ་རྣམས་བསྡུས། འོ་སྐོལ་གྱི་སྟོན་པ་རྒྱལ་པོ་སྙིང་སྟོབས་ཆེན་པོར་སྐུ་འཁྲུངས་པའི་ཚེ་སྟག་མོ་ལ་སྐུ་ལུས་སྦྱིན་པ་བཏང་བའི་སྤུར་རུས་དང་སྐུ་མཚལ་འདྲེས་པའི་ས་ལ་གཞི་བྱས། སྒྱུ་སྩལ་འགྲན་པའི་སྐབས་ཕྱག་མདའི་ཤུལ་ལས་བྱུང་བའི་ཆུས་སྦྲུས་པའི་རྟེན་འདམ་ཁ་ཆེ་པཎ་ཆེན་གྱི་ཕྱག་ཏུ་བབས་པ་ལས། པཎ་ཆེན་ཉིད་ནས་ཀྱང་། རྫོགས་པའི་སངས་རྒྱས། བསྟན་པའི་གཏད་རབས་སོགས་ཉན་ཐོས་ཆེན་པོ་རྣམས་དང་། འཛམ་གླིང་མཛེས་པའི་རྒྱན་དྲུག ཆོས་རྒྱལ་རིགས་ལྡན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་སོགས་མཁས་གྲུབ་གྲགས་ཆེ་བ་ཕལ་མོ་ཆེའི་བྱིན་རླབས་ཆ་ཤས་རྣམས་དང་། བདག་ཅག་གི་སྟོན་པས་མཛད་ཆེན་སྟོན་པའི་གནས་རྣམས་དང་། དུར་ཁྲོད་བརྒྱད། ཡུལ་ཉེར་བཞི། གནས་ཆེན་སོ་གཉིས་སོགས་ཡུལ་གྲུ་ཐ་དད་ཀྱི་བྱིན་རྟེན་དང་ས་ཆུའི་བཅུད་རྣམས་སྦྱར་བའི་རྟེན་འདམ་བོད་དུ་བསྣམས་པ་འཇམ་མགོན་ས་སྐྱ་པཎ་ཆེན་གྱི་ཕྱག་ཏུ་བབས། སླར་ཆོས་རྗེ་ས་པཎ་གྱིས་ཀྱང་། [20b] མཁན་སློབ་ཆོས་གསུམ། རྗེ་འབངས་ཉེར་ལྔ། འཁོན་གྱི་གདུང་རབས་སོགས་བསྟན་པ་སྔ་དར་དང་། ཇོ་བོ་ཡབ་སྲས་ལོ་ཆེན་རིན་བཟང་སོགས་བསྟན་པ་ཕྱི་དར་སྐབས་ཀྱི་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱི་བྱིན་རླབས་ཀྱི་ཆ་ཅི་རིགས་པ་བསྣན་ཏེ་རྟེན་འདམ་དཔེ་བྲལ་མ་ཞེས་མཚན་དུ་གསོལ་བ་དེ་ལ། སླད་ནས་ཀྱང་སྔགས་འཆང་ངག་གི་དབང་པོ་དང་། འཇམ་མགོན་ཨ་མེས་ཞབས་བཅས་ཀྱིས་ཁུངས་ལྡན་སེལ་མེད་ཀྱི་རྫས་ཁྱད་འཕགས་འབའི་ཞིག་གིས་ཁ་བསྐངས་པའི་མྱོང་གྲོལ་སྲིད་པ་གསུམ་ན་དཔེ་ཟླ་དང་བྲལ་བ་མཚན་དང་དོན་དུ་མཐུན་པའོ། །གཞན་ཡང་ཚེའི་རིལ་བུ་དང་། སྐྱེ་བདུན་རིལ་བུ། འཇམ་དབྱངས་རིལ་བུ་ལ་སོགས་པའི་བྱིན་རྟེན་སོགས་ཕྱོགས་སུ་བསྡུས། ཟ་ཧོར་རྒྱལ་པོའི་ནོར་བུ་བསམ་འཕེལ་ལ་ཁྲུས་ཆབ་གསོལ་བའི་ཆབ་རིལ་དང་། བུམ་ཆུ་ཁྲུས་ཆབ་ཀུན་འདུས་ཀྱིས་བརྫིས་ནས་རིལ་བུ་པདྨའི་ཁ་དོག་ཏུ་སྦྱར་བའོ། །དེ་ལྟར་སྨོས་པའི་དམ་རྫས་དེ་དག་ཐམས་ཅད་ཀྱང་གཏེར་བྱོན་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོ་དང་གསང་བ་འདུས་པའི་སྒྲུབ་ཆེན་གཙོ་བོར་གྱུར་པའི་སྒྲུབ་ཆེན་དང་སྒྲུབ་ཕྲན་མང་པོའི་སྒོ་ནས་བསྒྲུབས་ཤིང་བྱིན་ [21a] གྱིས་བརླབས་པ་སྟེ། ཡང་སྙིང་འདུས་པ་དང་། ཡེ་ཤེས་འོད་མཆོག གསང་འདུས་རྒྱུད་སོགས་ཚིག་ཕལ་ཆེར་མཐུན་པར། རིལ་བུ་སུ་ཡི་ལྟོར་སོང་བ། །ཚེ་རབས་གང་དང་གང་སྐྱེས་ཀྱང་། །སྤྱན་རས་གཟིགས་དང་འབྲལ་མི་སྲིད། །སྐྱེ་བ་དྲན་ཅིང་ཐོས་པ་འཛིན། །ཡོན་ཏན་བསྔགས་པ་ཚད་ལས་འདས། །ཞེས་དང་། དཀར་ཆག་འགྲོ་བ་ཀུན་གྲོལ་ལས། འདི་ཉིད་འགྲོ་བ་གང་གི་ཁོང་ཉིད་དུ། སྲོ་མ་ཙམ་ཞིག་སུ་ཡི་ལྟོར་སོང་བ། །བཟང་ངན་འབྲེལ་གྱུར་རྔ་ཡབ་དཔལ་རི་རུ། །ཕྱམ་གཅིག་འཚོགས་པ་མངོན་སུམ་སྨོན་ལམ་ཐེབས། །ཞེས་དང་། སེམས་ཅན་གང་གི་ཁོང་དུ་སོང་ན་ཡང་། །ཡོན་ཏན་བདུན་ལྡན་མི་ལུས་ཐོབ་ནས་ཀྱང་། །སྐད་ཅིག་ཉིད་ལ་ཆོས་སྐུ་མི་ཐོབ་རེ། །འདི་ཉིད་མྱང་བའི་འགྲོ་བ་བསོད་ནམས་བསགས། །བདག་གི་དྲུང་དུ་སླེབ་པར་ཐེ་ཚོམ་མེད། །སླར་ཡང་ཐེག་ཆེན་ཆོས་ཀྱང་དོན་རྟོགས་ནས། །ལྷུན་གྲུབ་རྫོགས་ཆེན་རིག་འཛིན་ཨེ་མ་ཧོཿ ཞེས་སོགས་ཕན་ཡོན་གྱི་ཁྱད་པར་སྤྱི་དང་། བྱེ་བྲག་གོང་སྨོས་སོ་སོའི་ཕན་ཡོན་རྣམས་ཀྱང་རྟེན་འདུས་འདི་དག་ལ་འདུས་པ་ [21b] ཤེས་པར་བྱའོ། །ཞེས་དཀར་ཆག་ཏུ་ཇི་ལྟར་གསལ་བ་བཞིན་འཇམ་མགོན་མཁྱེན་བརྩེའི་དབང་པོས་ཕྱག་བསྟར་རྩ་ཕབ་རིལ་བ་ཉིད་གཞིར་བཟུང་། སླར་ཡང་སེལ་མེད་ཁུངས་ལྡན་གྱི་བྱིན་རྟེན་རིགས་མང་པོ་དང་བཅས་གཏའ་སྤེལ་གསར་དུ་སྦྱར་སྒྲུབ་བགྱིད་པ་པོ་ནི་མྱང་གྲོལ་དམ་རྫས་ཀྱི་བཀའ་བབ་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ་སྐྱེ་འགྲོ་ཡོངས་ལ་ཁྱབ་ཅིང་སྨན་པའི་བཙས་སུ་གྱུར་ཅིག། །།

༈ །སྐུ་གསུང་ཐུགས་ཀྱི་རིལ་བུའི་དཀར་ཆག་བྱིན་རླབས་དབྱིག་གི་སྙིང་པོ་ཞེས་བྱ་བ། ཨོཾ་སྭསྟི། སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་སྐུའི་གསུང་གི་གནས་མཆོག་འོག་མིན་ཀརྨའི་དཔལ་གྱི་དེའུ་ནས་ཁྲག་འཐུང་མངོན་རྫོགས་རྒྱལ་པོའི་མན་ངག་མ་མོ་སྤྱི་བསྡུས་ཀྱི་ཟབ་ཆོས་དང་ལྷན་ཅིག་ཏུ་སྤྱན་དྲངས་པའི་སྐུ་གསུང་ཐུགས་ཀྱི་རིལ་བུ་ཁྱད་འཕགས་ཚུལ་དྲུག་དང་ལྡན་པ་ལ། གཟི་བརྗིད་བསྐྱེད་པ་སྐུའི་རིལ་བུ་དམ་རྫས་ཉི་མའི་སྙིང་པོ་ནི། དམ་རྫས་སྒྲུབ་པའི་ཡན་ལག་ལས། དཔལ་ཆེན་མངོན་རྫོགས་རྒྱལ་པོ་ཡི༔ འཆི་མེད་བདུད་རྩིའི་ལུང་བསྒྲུབ་ཚེ༔ ལས་ཀྱི་ཁ་བསྒྱུར་ཡན་ལ་ནི༔ སྐུ་གསུང་ཐུགས་ [22a] ཀྱི་རིལ་བུ་བསྒྲུབ༔ གཟི་བརྗིད་སྐུ་ཡི་རིལ་བུ་ནི༔ ཨ་རུ་དབང་ལག་ཀ་ར་དང་། དམར་སེར་བ་ཡི་འོ་མས་བསྒྲིལ༔ ཞེས་གསུངས་པ་ལྟར། ཨ་རུ་གསེར་མདོག་དང་། དབང་ལག་དུག་འདོན་བཅུད་འགགས་སོགས་ཚད་ལྡན་དུ་བྱས་པ་ཆ་མཉམ་པ་ཕྱེ་མ། བ་གསར་དམར་ཟལ་གྱི་འོ་མ་དང་ཤེལ་ཀ་ར་སྦྱར་བས་སྦོལ་བ་ལ་ཕབ་གཏའ་བ་འོར་སྦྱར་བ་བྲན་ཏེ། ཐོག་མར་བདུད་རྩི་ཕུར་མའི་ཚུལ་དུ་འོག་མིན་ཚོགས་ཆེན་འདུས་པའི་བདུད་རྩི་སྨན་གྱི་ཆོ་གས་བསྒྲུབས། སླར་ཡང་རིལ་བུ་སྲན་འཕོས་ཙམ་དུ་དྲིལ་ནས་སངས་རྒྱས་ཀུན་གྱི་སྐུ་རྡོ་རྗེའི་བདག་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔའི་ངོ་བོར་བྱིན་གྱིས་བརླབས་པ་སྟེ། ཕན་ཡོན་ནི། གནས་སྐབས་སུ་ལུས་ཀྱི་ནད་གདོན་ཞི། སྡིག་སྒྲུབ་དག །ཚེ་དང་སྟོབས་དང་གཟི་བརྗིད་རྒྱས། གཞན་སྣང་ཟིལ་གྱིས་གནོན། སྐྲ་དཀར་དང་གཉེར་མ་མི་འབྱུང་། མཐར་ཐུག་ལུས་ཀྱི་རྩ་མདུང་གྲོལ་ཞིང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུར་འགྲུབ་པར་བྱེད་པ་སོགས་ཕན་ཡོན་མཐའ་ཡས་པས་ན་མྱོང་གྲོལ་གྱི་རིགས་སྤྱི་དང་། བཅུད་ལེན་གྱི་རྫས་སོགས་ལ་མཆོག་ཏུ་བསྔགས་སོ། ། ༈ །དཔལ་གྱི་ [22b] དེའུ་ནས་སྤྱན་དྲངས་པའི་ཚངས་དབྱངས་སྐྱེད་པ་གསུང་གི་རིལ་བུ་དམ་རྫས་ཟླ་བའི་བདུད་རྩི་ནི། གཏེར་གཞུང་ལས། ཚངས་དབྱངས་གསུང་གི་རིལ་བུ་ནི༔ ཁུག་གྲེ་སྤང་རྒྱན་གྱི་ཀྱེ་དང་༔ ཙནྡན་དམར་པོ་ཆ་མཉམ་སྦྱར༔ ཞེས་པ་ལྟར། སྤང་རྒྱན་དཀར་པོ། ཀྱི་ཀྱེ་དཀར་པོ། ཙནྡན་དམར་པོ་རྣམས་ཆ་མཉམ་དང་། ཁུ་བྱུག་གི་གྲེ་བ་བཅས་ཞིབ་པར་བཏགས་པ་ཙནྡན་དམར་པོའི་ཁུ་བས་སྦོལ། ཕབ་གཏའ་ཙན་དམར་གྱི་ཁུ་བ་དང་སྦྱར་བས་བྲན་ཏེ་འོག་མིན་ཚོགས་ཆེན་འདུས་པའི་བསྙེན་སྒྲུབ་བཞི་ལྡན་བདུད་རྩི་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབ་ཅིང་། སླར་རིལ་བུ་སྲན་མ་ཙམ་དུ་བསྒྲིལ་ཏེ་གསུང་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ངོ་བོར་བསྒྲུབ་པ་སྟེ། ཕན་ཡོན་ནི། གནས་སྐབས་ངག་གི་ནད་གདོན་ཞི། སྡིག་སྒྲིབ་དག ལྕེ་བདེ། གྲེ་བ་སྙན། དབང་པོ་གསལ་ཞིང་དྭངས། ཡིད་འཕྲོག་པ་ཚངས་པའི་དབྱངས་ལྟ་བུ་འཐོབ་ཅིང་། མཐར་ཐུག་རླུང་དབུ་མར་ཐིམ་ནས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པ་སོགས་མཐའ་ཡས་པས་ན། མྱོང་གྲོལ་བདུད་རྩིའ་རིགས་སྤྱི་དང་། ཁྱད་པར་བློ་འཕེལ་གྱི་རོལ་བུའི་རིགས་ [23a] སོགས་ལ་མཆོག་ཏུ་བསྔགས་སོ། ། ༈ །དཔལ་གྱི་དེའུ་ནས་སྤྱན་དྲངས་པའི་བདེ་ཆེན་སྐྱེད་པ་ཐུགས་ཀྱི་རིལ་བུ་དམ་རྫས་དགའ་བཞིའི་ཐིག་ལེ་ནི། གཏེར་གཞུང་ལས། བདེ་ཆེན་ཐུགས་ཀྱི་རིལ་བུ་ནི། ཤ་ཆེན་ལུག་མུར་ཅོང་ཞི་གཉིས༔ རྒྱལ་བའི་གདུང་རྟེན་རིང་བསྲེལ་བཅས༔ ཞེས་གསུངས་པ་ལྟར། སྟོན་དུས་བརྐོས་པའི་ལུག་མུར་གྱི་ཕྱེ་མ་དང་། ཅོང་ཞི་མཛོ་མོའི་འོ་མར་འདམ་བཏགས་ཆ་མཉམ། ཤ་ཆེན་ནུས་ཐོན་ཞིབ་བཏགས་བཅས་གར་ཆང་གིས་སྦོལ། དེ་ལ་ཕབ་གཏའ་ཆང་གི་ཉིང་ཁུར་སྦྱངས་པ་ལ། སངས་རྒྱས་ཀྱི་འཕེལ་གདུང་དང་། དགའ་རབ་རྡོ་རྗེའི་གདུང་རྟེན་ཅོང་ཞི་དང་ལྷན་ཅིག་ཞིབ་ཏུ་བཏགས་པས་བྲན་པའི་བདུད་རྩི་ཕུར་མ་ཉིད་དཔལ་ཚོགས་ཆེན་འདུས་པའི་བདེ་ཆེན་སྦྱོར་བའི་དཀྱིལ་འཁོར་དུ་ཧེ་རུ་ཀ་བྱེད་བྱེ་བ་སྙེད་ཡབ་ཡུམ་གྱི་དགའ་བཞིའི་ཟིལ་དངར་དང་རོ་གཅིག་ཏུ་བྱིན་གྱིས་བརླབས། སླར་རིལ་བུ་སྲན་མ་ཙམ་དུ་དྲིལ་ནས་ཐུགས་རྡོ་རྗེ་གསང་བའི་བདག་པོའི་ཡེ་ཤེས་སུ་བསྒྲུབས་པ་སྟེ། ཕན་ཡོན་ནི། གནས་སྐབས་སུ་ཡིད་ཀྱི་ནད་གདོན་ཞི། སྡིག་སྒྲིབ་དག་ [23b] ཉམས་རྟོགས་དང་རིག་རྩལ་ཕྱོགས་མེད་དུ་རྒྱས། གཟུངས་དྲན་དང་། མངོན་ཤེས་ཏིང་ངེ་འཛིན་འགྲུབ། དགའ་བཞིའི་ཡེ་ཤེས་ལ་བརྟེན་ནས་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་གོ་འཕང་ལ་སྦྱོར་བ་སོགས་ཕན་ཡོན་བསྔགས་པ་མཐའ་ཡས་པས་ན། མྱོང་གྲོལ་གྱི་རིགས་སྤྱི་དང་། ཁྱད་པར་བདུད་རྩི་ཕུར་མ་དང་རིལ་བུ་སོགས་བླ་མེད་ཀྱི་རྫས་མཐའ་དག་ལ་མཆོག་ཏུ་གཅེས་ཤིང་། ཚོགས་ཀྱི་འཁོར་ལོའི་དུས་སུ་མ་དན་ལ་སྦྱར་ནས་བསྙེན་ན་ཉམས་རྟོགས་རྩོལ་མེད་དུ་འཆར་བ་དང་། ཡེ་ཤེས་དབབ་པའི་སྐབས་སུ། གླ་རྩི་ཙནྡ་དཀར་དམར། མིའི་སྐྲ་སེན་དང་ཉྭ་བཞིའི་ཤ། །མི་ཀླད། ཚིལ་ཆེན། བྱང་སེམས་དཀར་དམར། བྱི་ལའི་བྲུན། གུ་གུལ། སྤོས་དཀར། ཤུ་དག་ནག་པོ་བཅས་ཀྱི་ཕྱེ་མ་ཆང་གིས་སྦོལ་བ་དང་སྦྱར་ཞིང་། ཐུགས་སྒྲུབ་སྙིང་བྱང་གི་པདྨ་དཔའ་བོའི་ལས་ཚོགས་ལྟར་བསྒྲུབས་པ་རོ་སོལ་གྱི་མེར་བདུག་པས་ཡེ་ཤེས་ཀྱི་ཟིལ་ཆེན་ལྷག་པར་འབེབས་པ་སྟེ། བསྙེན་སྒྲུབ་དུས་སུ་བདུག་པ་ཡིས༔ ཡེ་ཤེས་པ་རྣམས་དབང་མེད་འདུ༔ བྱིན་ཆེན་ཕེབས་ཤིང་ཉམས་རྟོགས་འཕེལ༔ དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར༔ ཞེས་སོགས་ [24a] གསུངས་པས་མཚོན་ཏེ། དབང་བསྐུར་བའི་དུས་སུ་བདུད་རྩིར་སྦྱར་ནས་བྱིན་པས་དཔེ་དོན་གྱི་ཡེ་ཤེས་འདྲེན་པ་དང་། ཟབ་མོའི་རྣལ་འབྱོར་གྱི་སྐབས་སུ་བསྙེན་པས་ཏིང་ངེ་འཛིན་གནད་དུ་འགྲོ་བ་སོགས་མཐའ་ཡས་པར་རྟོགས་པར་བྱའོ། །ཞེས་དཀར་ཆག་ཏུ་ཇི་ལྟར་གསལ་བ་བཞིན་འཇམ་མགོན་མཁྱེན་བརྩེའི་དབང་པོའི་ཕྱག་བསྟར་རྩ་ཕབ་འཁྲུལ་མེད་ལ་བརྟེན་ནས་གཏའ་སྤེལ་དུ་འདུ་བགྱི་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ། ཡོངས་ལ་ཁྱབ་ཅིང་སྨན་པའི་རྒྱུར་གྱུར་ཅིག། །། ག་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། དེ་ཡང་འདུལ་བ་མདོ་སྡེ་སོགས་ཐེག་པ་ཐུན་མོང་པ་རྣམས་ལས་ཁྱད་པར་དུ་མས་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པའི་རྩེ་རྒྱལ་བླ་མེད་ཡོ་ག་སྐོར་གསུམ་འདི་དག་ཏུ། ཐབས་མང་། ཐབས་ཆེ། ཐབས་ཟབ་པའི་དོན་གྱིས་དཀའ་བ་མེད་པར་སངས་རྒྱས་ཀྱི་གོ་འཕང་ལ་སྦྱོར་བའི་ཐབས་མང་དུ་གསུངས་པའི་ནང་ནས་དམ་རྫས་བདུད་རྩིའི་སྒྲུབ་པ་འདི་ཉིད་ཆེས་མཆོག་ཏུ་བསྔགས་པར་མཛད་པ་བཞིན། བདུད་རྩི་ལྔ་ [24b] སོགས་སྐྱེས་ཆེན་རྣམས་ཀྱི་སྐུའི་ཆ་ཤས་ལས་བྱུང་བ་དང་། གཤམ་གསལ་རིག་འཛིན་གོང་མ་རྣམས་ཀྱི་སྒྲུབ་སྨན་ཕབ་རྒྱུན་སྣེ་མང་ཕོན་ཆེ་བ་ལ་གཞི་བྱས། སྒྲུབ་པ་ལག་ལེན་གྱི་རྩ་བ་བརྒྱད་པོ་རེ་རེ་ལའང་ལྔ་ཚན་ལྔ་རེ། དེ་ལ་ཡན་ལག་སྟོང་དུ་སྦྱར་བའི་དམ་རྫས་ཀྱི་རྒྱུ་གཙང་ལ་ཁུངས་དང་ལྡན་པ་རྣམས་མང་དུ་བསགས་ཤིང་། ཉམས་ལེན་ཕྱག་བཞེས་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་སྟེ། ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ། ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། བདུད་འདུལ་རྡོ་རྗེའི་ཐུགས་སྒྲུབ་དགོངས་པ་ཡོངས་འདུས། བདུད་འཇོམས་གླིང་པའི་ཕུར་པ་གནམ་ལྕགས་སྤུ་གྲི་རྣམས་ཀྱི་ཚོགས་སྒྲུབ་དང་འབྲེལ་བར་སྔོན་རྗེས་རིམ་པར་བསྒྲུབ་སྐབས་ཕབ་རྒྱུན་གྱི་རྣམ་གྲངས་དགོངས་པ་ཡོངས་འདུས། བདུད་འཇོམས་གླིང་པའི་ཕུར་པ་གནམ་ལྕགས་སྤུ་གྲི་རྣམས་ཀྱི་ཚོགས་སྒྲུབ་དང་འབྲེལ་བར་སྔོན་རྗེས་རིམ་པར་བསྒྲུབ་སྐབས་ཕབ་རྒྱུན་གྱི་རྣམ་གྲངས་ཇི་ལྟར་བཞུགས་པའི་ཚུལ་ལ་གསུམ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་དང་། ཤ་ལྔ་བདུད་རྩི་ལྔའི་སྐོར་དང་། ཚེ་བཅུད་ཀྱི་སྐོར་རོ། །དང་པོ་རིང་བསྲེལ་རྣམ་བཞིའི་གཙོ་བོ་ཡུངས་འབྲུ་ལྟ་བུ་ལ། སངས་རྒྱས་ཤཱཀྱ་ཐུབ་པའི་འཕེལ་གདུང་མ་སྐྱེས་དགྲའི་རྟེན་སྐལ་སྣང་རྩེ་མ་རྡོག་བཅུ་བཞི། སངས་རྒྱས་འཁོར་བ་འཇིགས་ཀྱི་འཕེལ་གདུང་ [25a] རྡོག་གསུམ། འཇའ་ཚོན་སྙིང་པོ་གཏེར་བྱོན་འོད་སྲུང་འཕེལ་གདུང་རྡོག་ཉིས་བརྒྱ་དགུ་བཅུ། བདུད་འདུལ་རྡོ་རྗེའི་གཏེར་བྱོན་ཤཱཀ་ཐུབ་འཕེལ་གདུང་རྡོག་བཅུ་ཕྲག་དང་། འོད་སྲུང་རིང་བསྲེལ་རྡོག་གཅིག །མཆོག་གྱུར་གླིང་པའི་གཏེར་བྱོན་ཤཱཀ་ཐུབ་རིང་བསྲེལ་རྡོག་ཉིས་བརྒྱ་བཅུ་དྲུག །འཇམ་མགོན་གུ་ཎའི་གཏེར་བྱོན་ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཀྱི་རིང་བསྲེལ་དང་སྐུ་གདུང་རིལ་བུ། གཞུང་ས་ཆེན་པོའི་རྟེན་ཁྲོད་ལས་ཕེབས་པའི་འོད་སྲུང་རིང་བསྲེལ་བཅུ་ཕྲག་དང་ཤཱཀ་ཐུབ་ཀྱི་འཕེལ་གདུང་ཉིས་སྟོང་དྲུག་ཅུ། གྲུབ་ཆེན་ཨོ་རྒྱན་པས་སྤྱན་དྲངས་པའི་ཤཱཀ་ཐུབ་ཀྱི་ཚེམས། གཏེར་བདག་གླིང་པའི་གཏེར་བྱོན་དགའ་རབ་རྡོ་རྗེའི་གདུང་། ཐང་ལྷས་འཇམ་དབྱངས་མཁྱེན་བརྩེ་ལ་དངོས་སུ་ཕུལ་བའི་གུ་རུ་རིན་པོ་ཆེའི་ཚེམས་ཀྱི་རིང་བསྲེལ་ངོ་མ་རྡོག་གསུམ་དང་། གཏའ་སྤེལ་རྡོག་ལྔ། རྗེ་མཁྱེན་བརྩེའི་གཏེར་བྱོན་རྫོགས་ཆེན་སྟོན་པ་བཅུ་གཉིས། བི་མ་མི་ཏྲའི་སྐུ་གདུང་རིང་བསྲེལ་དང་ཚེམས། ཀུན་མཁྱེན་ཀློང་ཆེན་པའི་གདུང་ལས་བྱོན་པའི་རིང་བསྲེལ་བཅུ་ཕྲག་ལྔ་བཅས། གཉིས་པ་ཤ་ལྔ་ [25b] བདུད་རྩི་ལྔའི་སྐོར་ལ་གཉིས། སྐུ་གདུང་རིང་བསྲེལ་སྐོར་དང་། སྐུ་བལ་རིང་བསྲེལ་བསྐོར་རོ། །དང་པོ་གཉིས། དངོས་དང་། ཞར་བྱུང་དམ་རྫས་སྣ་ཚོགས་ཀྱི་སྐོར་རོ། །དང་པོ་ལ། སྟག་ཤ་གཏེར་བྱོན་སངས་རྒྱས་འོད་སྲུང་གི་དབུ་ཀླད། གུ་རུ་དང་། མཚོ་རྒྱལ། ཨཱརྱ་ས་ལེ་རྣམས་ཀྱི་བྱང་སེམས། བདུད་འདུལ་གཏེར་བྱོན་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དང་ཤངས་མཚལ། སངས་རྒྱས་གླིང་པའི་གཏེར་བྱོན་མཚོ་རྒྱལ་གྱི་རཀྟ། མཆོག་གླིང་གཏེར་བྱོན་གུ་རུ་དང་མནྡྷ་ར་བའི་བྱང་སེམས་ཧྲཱིཿརྒྱའི་རིལ་བུ་རྡོག་ལྔ། དམ་རྫས་ཕྲིན་ལས་རོལ་པའི་གཏའ་སྤེལ། གུ་ཎའི་གཏེར་བྱོན་ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཀྱི་བྱང་སེམས་འདུས་པ་དམ་རྫས་རོལ་པ་ཆེན་པོའི་གཏའ་སྤེལ་དང་། ཐོད་ཕྲེང་སྡེ་ལྔ་ཡབ་ཡུམ་གྱི་བྱང་སེམས། མཁྱེན་བརྩེའི་གཏེར་བྱོན་མཁའ་འགྲོ་ལས་ཀྱི་དབང་མོའི་རང་བྱུང་གསང་བའི་བདུད་རྩི། བླ་མའི་གནས་ཀྱི་ཅུ་གང་དང་། མཁའ་འགྲོའི་གནས་ཀྱི་སིནྡྷུ་ར། གནས་ཡུལ་དུར་ཁྲོད་དྲུག་ཅུ་རྩ་བཞིའི་སིནྡྷུ་ར། གངས་རིན་པོ་ཆེའི་ཅུ་གང་། ཙཱ་རིའི་ཀཱ་ལ་དུང་མཚོའི་སིནྡྷུ་ར། ཏི་ [26a] སྒྲོ་བྲག་དཀར་གྱི་ཅུ་གང་དང་སིནྡྷུ་ར། པདྨ་བཀོད་རཏྣ་ཚེ་ཕུག་གི་ཅུ་གང་དང་། ཀཱི་ལ་ཡང་རྫོང་གི་སིནྡྷུ་ར། ཛཾ་ནང་པདྨ་ཤེལ་ཕུག་དང་བསོ་ཐོག་གནས་ཀྱི་སིནྡྷུ་ར། མཆོག་གླིང་གཏེར་བྱོན་པྲ་བྷ་ཧ་སྟིའི་རྣམ་སྣང་དང་མཚོ་རྒྱལ་གྱི་མི་བསྐྱོད། ཉང་ཉི་མ་འོད་ཟེར་གྱི་རིན་འབྱུང་། གྲུབ་ཆེན་ཐང་རྒྱལ་གྱི་རྣམ་སྣང་། ཀུན་མཁྱེན་ལྔ་པ་ཆེན་པོའི་རྣམ་སྣང་། གཏེར་བདག་གླིང་པའི་མི་བསྐྱོད་དང་རྣམ་སྣང་། ཀློང་ཆེན་པའི་དབུ་ཀླད་རིང་བསྲེལ་མ་ཁམས་ཚིག་ཙམ། མར་པ་ལོ་ཙཱའི་ཤངས་མཚལ། དར་མ་མདོ་སྡེའི་དབུ་ཐོད། དྭགས་པོ་ལྷ་རྗེའི་དབུ་ཀླད་རིང་བསྲེལ། རྡོར་གླིང་གཏེར་བྱོན་བྲམ་ཟེ་སྐྱེ་བདུན་གྱི་ཐུགས། ཆོས་དབང་གཏེར་བྱོན་སྐྱེ་བདུན་དབུ་ཐོད། པད་གླིང་གཏེར་བྱོན་བྲམ་ཟེ་པདྨ་དཀར་པོས་གདུང་རུས། བདུད་འདུལ་གཏེར་བྱོན་བྲམ་ཟེ་དྲི་མེད་སྙིང་པོའི་གདུང་དང་། སྐྱེ་བདུན་པདྨ་དཀར་པོའི་དབུ་ཐོད། ཁ་རག་བདེ་ཆེན་གླིང་པའི་གཏེར་བྱོན་བྲམ་ཟེ་བཅུ་གསུམ་གྱི་སྐུ་ཤ གཏེར་བདག་གླིང་པའི་གཏེར་བྱོན་བྲམ་ཟེ་དྲི་མེད་སྙིང་པོའི་སྐུ་ཤ་དང་དབུ་ཀླད། སྟག་ཤམ་རྡོ་རྗེའི་གཏེར་བྱོན་བྲམ་ཟེ་ [26b] ཟླ་བ་སྒྲོལ་མའི་སྐུ་ཤ གནས་གསར་མཁྱེན་བརྩེའི་སྐྱེ་བདུན་རིལ་བུ་སེམས་ཅན་འབུམ་ཕྲག་གསུམ་གྲོལ་བའི་ལུང་བསྟན་ཐོབ་པ། བྲམ་ཟེ་ཉེར་གཅིག་གི་སྐུ་ཤ་དང་། སྐྱེ་བདུན་བརྒྱ་རྩ་འདུས་པ། མནྡྷ་ར་བས་རྙེད་པའི་སྐྱེ་བདུན་སྐུ་ཤ་བཅས་མཁྱེན་བརྩེའི་གཏེར་བྱོན། ཡང་སྐྱེ་བདུན་གཏེར་བྱོན་མི་འདྲ་བ་ཁག་ཉེར་གསུམ། བདེ་ཆེན་རྡོ་རྗེའི་གཏེར་བྱོན་བྲམ་ཟེ་དྲི་མེད་སྙིང་པོའི་སྐུ་ཤ ཌཱ་ཀི་བསམ་སྒྲོན་གྱི་གཏེར་བྱོན་སྐྱེ་བདུན་སྐུ་ཤ གཏེར་ཁ་སྔ་ཕྱི་དུ་མ་ནས་བྱོན་པའི་སྐྱེ་བདུན་སྐུ་ཤ་བརྒྱ་རྩའི་རིལ་བུ་རྩ་ཕབ་རྡོག་བརྒྱ་ཐམ་པ། པད་གླིང་གཏེར་བྱོན་ལྷ་ལྕམ་པདྨ་གསལ་གྱི་དབུ་ཐོད། ཁ་རག་བདེ་གླིང་གཏེར་བྱོན་བལ་མོ་ཤཱཀྱ་དེ་ཝའི་དབུ་ཐོད། བྱང་སེམས་ཆོས་འཕགས་ཀྱི་ཚེམས། ཏཻ་ལོ་པའི་དབུ་ཐོད། ཤ་བ་རི་པའི་སྐུ་ཤ བལ་པོ་བ་དནྟའི་དབུ་ཐོད། ཇོ་བོ་ཨ་ཏི་ཤའི་གདུང་རུས། མར་ལོའི་གདུང་རུས། ལྷ་ལུང་དཔལ་རྡོར་གྱི་སྐུ་རུས། ཉང་སྟོན་ཆོས་འབར་གྱི་སྐུ་ཤ ཉང་ཏ་ཐཱ་ག་ཏའི་གདུང་། མངའ་བདག་ཉང་གི་གདུང་རུས། གུ་རུ་ཆོས་དབང་ཡབ་སྲས་ཀྱི་སྐུ་ཤ་དང་། ཡེ་རྗེ་ཨོ་རྒྱན་གླིང་པའི་སྐུ་ཤ་ [27a] ཕོན་ཆེ། བྱང་བདག་བཀྲ་ཤིས་སྟོབས་རྒྱལ། མཆོག་ལྡན་མགོན་པོ། གནུབས་ཡོན་ཏན་རྒྱ་མཚོ། གུ་རུ་ཇོ་ཙེ། མེ་ལོང་རྡོ་རྗེ། རྒོད་ལྡེམ། སངས་རྒྱས་གླིང་པ། རྡོ་རྗེ་གླིང་པ། རཏྣ་གླིང་པ། པདྨ་གླིང་པ། ཀརྨ་གླིང་པ། ཤེས་རབ་མེ་འབར། མངའ་རིས་པཎ་ཆེན། ལེགས་ལྡན་རྡོ་རྗེ། འཇའ་ཚོན་སྙིང་པོ། བདུད་འདུལ་རྡོ་རྗེ། ནམ་མཁའ་འཇིགས་མེད། འབྲུག་སྒྲ་བཟང་པོ། །སྟག་ཤམ་པ། ཆོས་རྗེ་གླིང་པ། བདེ་ཆེན་གླིང་པ། དྲི་མེད་ལྷུན་གྲུབ། འབྲི་གུང་རིན་ཆེན་ཕུན་ཚོགས། རིག་འཛིན་ཆོས་གྲགས། རྡོ་རྗེ་ཐོགས་མེད། མི་འགྱུར་རྡོ་རྗེ། འཇིགས་མེད་གླིང་པ་རྣམས་ཀྱི་སྐུ་ཤ་ཤངས་མཚལ་ཐུགས་ཀྱི་ཆ་ཤས། ཀཿཐོག་དམ་པ་བདེ་གཤེགས་ཀྱི་དབུ་ཐོད་དང་ཐུགས། ཆོས་རྗེ་གཙང་སྟོན་དང་། ཕྱོགས་མེད་བྱང་སེམས་ཀྱི་དབུ་ཐོད། འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་སྐུ་ཤ། ཀློང་གསལ་སྙིང་པོ། ཚེ་དབང་ནོར་བུ། མི་འགྱུར་རྡོ་རྗེ་བཅས་ཀྱི་གདུང་རུས། ཁྱབ་བརྡལ་ལྷུན་གྲུབ། སྣ་ཚོགས་རང་གྲོལ། ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་འགྱུར་མེད་རྡོ་རྗེ། གྲུབ་ [27b] མཆོག་རྡོ་རྗེ། ཐུགས་སྲས་ལྔ་པ། ཐུགས་སྲས་ཆོས་ཀྱི་ཉི་མ། ངག་དབང་ཀུན་བཟང་རྡོ་རྗེ། བསྟན་པའི་ཉི་མ་བཅས་ཀྱི་མི་བསྐྱོད་སྐུ་ཤ་གདུང་རུས། གཏེར་བདག་གླིང་པའི་ཐུགས་ཀྱི་ཆ་ཤས་དང་གུང་རུས། བདུད་འཇོམས་གླིང་པའི་གདུང་རུས། རྗེ་མཁྱེན་བརྩེའི་ཤངས་མཚལ་དཀར་དམར་དང་གདུང་རུས། འཇམ་མགོན་གུ་ཎའི་མི་བསྐྱོད་དང་གདུང་རུས། མཆོག་གླིང་ཡབ་སྲས་ཀྱི་མི་བསྐྱོད་དང་གདུང་རུས། ཆོས་དབྱིངས་བདེ་ཆེན་མཚོ་མོའི་དབུ་ཀླད། མཁའ་འགྲོ་ཟླ་འོད་དབང་མོའི་དབུ་ཐོད། ཀུན་བཟང་བདེ་སྐྱོང་དབང་མོའི་གདུང་རུས། སྟག་ཤོད་པདྨ་མཚོའི་ཆབ་གསེར། མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ། འཇིགས་མེད་ཆོས་ཀྱི་དབང་པོ། མི་ཕམ་རྣམ་པར་རྒྱལ་བ། ཕྲིན་ལས་བྱམས་པའི་འབྱུང་གནས། ཟིལ་གནོན་ནམ་མཁའི་རྡོ་རྗེ། འགྲོ་མགོན་བསྟན་འཛིན་ནོར་བུ། ཨོ་རྒྱན་རྣམ་གྲོལ་དབང་པོ། འཇམ་དཔལ་བདེ་བའི་ཉི་མ། སི་ཏུ་ཆོས་ཀྱི་རྒྱ་མཚོ། བདུད་འདུལ་དབང་ཕྱུག་གླིང་པ། གཏེར་སྲས་དྲི་མེད་འོད་ཟེར། མཁན་ཆེན་ངག་གི་ [28a] དབང་པོ། གྲུབ་དབང་པདྨ་ནོར་བུ། རྗེ་དབོན་པདྨ་རྒྱལ་མཚན་རྣམས་ཀྱི་གདུང་རུས། སྦྲ་ནག་བསྟན་པའི་དབུ་ཀླད། གཏེར་བྱོན་བ་གླང་། ཧ་སྟི། ན་ར། ཨ་ཤྭ། ཤྭ་ན། གཉིས་སྐྱེས་རྣམས་ཀྱི་མཱཾ་ས། སྟོན་པ་གླང་པོའི་སྐྱེ་བ་བཞེས་དུས་ཀྱི་མཆེ་བ། གུ་རུ་ཆོས་དབང་དང་ཀློང་གསལ་སྙིང་པོའི་ཆིབས་པ་རྫུ་འཕྲུལ་ཅན་གྱི་མཱཾ་ས། བླ་མ་ཞང་གི་མགོན་ཁྱི་མངོན་ཤེས་ཅན་གྱི་མཱཾ་ས་བཅས། གཉིས་པ་དམ་རྫས་སྣ་ཚོགས་ཀྱི་སྐོར་ལ་གཉིས། གཏེར་ནས་བྱོན་པ་དང་། བོད་ཀྱི་སྐྱེས་ཆེན་རྣམས་ཀྱིས་བསྒྲུབས་པའི་སྐོར་རོ། །དང་པོ་ལ། བདུད་འདུལ་གཏེར་བྱོན་དམ་རྫས་པདྨ་རཱ་ག །མཁྱེན་བརྩེའི་གཏེར་བྱོན་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིཾ་ཧ། མཁའ་འགྲོ་ལས་ཀྱི་དབང་མོ། བི་མ་ལ་རྣམས་ཀྱིས་བསྒྲུབས་པའི་ཆོས་སྨན། བདུད་རྩི་སྒྲུབ་པའི་སློབ་དཔོན་བརྒྱད་ཀྱིས་བསྒྲུབས་པའི་ཆོས་སྨན། ཨོ་རྒྱན་རྗེ་འབངས་ཉེར་ལྔས་བསྒྲུབས་པའི་ཆོས་སྨན། བཀའ་བརྒྱད་རྣམ་གསུམ་གྱི་ཆོས་སྨན། རིག་འཛིན་སྟོང་གི་དམ་རྫས། མཆོག་གླིང་གཏེར་བྱོན་སངས་རྒྱས་ [28b] གསང་བའི་རྡོར་སེམས་རིལ་བུ། གུ་རུ་རིན་པོ་ཆེས་བསྒྲུབས་པའི་སྐྱེ་བདུན་རིལ་བུ། ཨོ་རྒྱན་ཕྱག་བསྒྲིལ་འཁོར་བ་དོང་སྤྲུགས་རིལ་བུ་དང་། སིདྡྷི་རིལ་བུ། མགར་ཀློང་གཏེར་བྱོན་དམ་རྫས་རྩ་བའི་གཏའ་སྤེལ། གཏེར་རྫས་ཕྱོག་བསྡུས་སེལ་མེད་རིལ་བུ་རྡོག་བདུན་ཅུ་དོན་གཉིས། བདུད་འཇོམས་ཡབ་སྲས་ཀྱི་གཏེར་རྫས་ཕྱོགས་བསྡུས་གཏེར་ཁ་སྔ་ཕྱི་དུ་མ་ནས་བྱོན་པའི་དམ་རྫས་ཨ་ཐམ་ཧྲཱིཿཐམ་དངོས་དང་། སེལ་མེད་གཏའ་སྤེལ་ཕོན་ཆེ། མཆོག་གླིང་གཏེར་བྱོན་སྨན་གྱི་རིལ་བུ་ནད་གདོན་ཀུན་འཇོམས་དང་། དོན་ཀུན་གྲུབ་པའི་གི་ཝཾ། གུ་ཎའི་གཏེར་བྱོན་ཆོས་འཁོར་ནོར་བུའི་རྡུལ་ཕྱ་བཅས། གཉིས་པ་བོད་ཀྱི་སྐྱེས་ཆེན་རྣམས་ཀྱིས་བསྒྲུབས་པའི་སྐོར་ལ། གནུབས་ཆེན། ཟུར་ཆེན། ཀཿཐོག་དམ་གཙང་བྱམས་གསུམ། སོ་དང་རིག་གི་བླ་བརྒྱུད་རྣམས་ཀྱིས་འདུས་མདོ་ཡང་དག་བཀའ་བརྒྱད་སོགས་ཀྱི་སྒོ་ནས་བསྒྲུབས་པའི་ཆོས་སྨན། ས་སྐྱའི་རྟེན་འདམ་དཔེ་བྲལ་མ། རྗེ་བཙུན་གོང་མ་ལྔ་ངོར་ཆེན་དང་བཅས་པས་བསྒྲུབས་པའི་དམ་རྫས། ཀརྨ་པའི་རིལ་ནག་ཕྱག་བསྒྲིལ་ཨ་མ་ཕོན་ཆེ། འབྲུག་པའི་འཇའ་ཚུགས་ [29a] མ། སངས་རྒྱས་གླིང་པའི་སྨན་སྒྲུབ་སྡིག་ནག་མ། ཆོས་དབང་། རྡོར་གླིང་། རཏ་གླིང་། པད་གླིང་། སྟག་ཤམ། ཆོས་གླིང་། མཆོག་གླིང་། འཇིགས་གླིང་རྣམསཀྱིས་བསྒྲུབས་པའི་ཆོས་སྨན་སྣ་མང་། གོང་ས་ལྔ་པས་བསྒྲུབས་པའི་ཆོས་སྨན། སྨིན་གཏེར་འདུས་མདོའི་ཆོས་སྨན་སྨན་ནད་མཚོན་ཀུན་ཐུབ་དང་། ལྕགས་སྟག་ཆོས་སྨན། རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ་དང་། རིན་ཆེན་རྣམ་རྒྱལ་ནས་བཟུང་ཁྲི་བདེ་ཆེན་མཆོག་གྲུབ་བར་ཁྲི་མཁན་རྗེ་བཙུན་རིམ་བྱོན་གྱི་དམ་རྫས་སྒྲུབ་སྨན་ཁག་མང་། གནམ་ཆོས་མི་འགྱུར་རྡོ་རྗེ་ལ་པདྨ་རྒྱལ་པོས་གནང་བའི་བྲམ་ཤུ་རིལ་བུ་དང་། ཙུནྡྷའི་རིལ་བུ། སྒམ་པོའི་རྡོ་སྐུ་ཡིད་བཞིན་ནོར་བུའི་ཁྲུས་རིལ། མཁས་གྲུབ་ཨ་རཱ་གས་ལོ་བཅུ་གསུམ་དུ་བསྒྲུབས་པའི་ཐུགས་ཆེན་རྒྱལ་རྒྱ་མ་སྐྱེ་བདུན་རིལ་བུ། ཀཿཐོག་དྲི་མེད་ཞིང་སྐྱོང་གིས་བསྒྲུབས་པའི་སྨན་སྒྲུབ་འཇའ་ཟུག་མ། སྒམ་པོ་པ་ཨོ་རྒྱན་འགྲོ་འདུལ་གླིངཔས་ཞི་ཁྲོ་ངེས་དོན་སྙིང་པོའི་སྒོ་ནས་བསྒྲུབས་པའི་ཆོས་སྨན། འཇམ་མགོན་གུ་ཎས་ཡར་ལུང་ཤེལ་རིར་བསྒྲུབས་པའི་ཆོས་སྨན་ཁྱབདའཕགས་བརྒྱད་ལྡན་དང་། རྩ་གསུམ་ [29b] དགོངས་འདུས་རིལ་བུ། རྗེ་མཁྱེན་བརྩེས་སྔ་ཕྱིར་སྨན་སྒྲུབ་ལན་གྲངས་ཞེ་བདུན་གནང་སྐབས་ཀྱི་གཏའ་སྤེལ་ཕྱག་བསྟར་མའི་རྩ་ཕབ་དང་བུམ་ཆུ་ཕྱོགས་བསྡུས། མི་ཕམ་འཇམ་དཔལ་དགྱེས་པས་བསྒྲུབ་པའི་སྨྲ་སེང་དང་དབྱངས་ཅན་མའི་རིལ་བུ། མཆོག་སྤྲུལ་ཉི་རྒྱལ་པས་བསྒྲུབ་པའི་སྒྲོལ་མའི་རིལ་བུ། ངག་གི་དབང་པོས་བསྒྲུབས་པའི་ཤེས་རབ་རིལ་བུ་དང་། མི་འཁྲུགས་འབུམ་གྱིས་བསྒྲུབས་པའི་བྱེ་མ། གཏེར་སྲས་པདྨ་ལས་འབྲེལ་རྩལ་དང་ཌཱ་ཀི་བདེ་བའི་རྡོ་རྗེ་ཐབས་ཤེས་ཀྱིས་བསྒྲུབས་པའི་གུ་རུ་རྟ་ཕག་གི་ཆོས་སྨན། ཤིང་གླང་ལོར་ཀཿཐོག་སྟོང་གྲྭས་བསྒྲུབས་པའི་རིལ་བུ་མཚོན་ཐུབ་མ། གཏེར་སྲས་རྡོར་དགྲས་བསྒྲུབས་པའི་དམ་རྫས་འཇའ་འཁྱིལ་མ་བཅས། གཉིས་པ་སྐུ་བལ་རིང་བསྲེལ་སྐོར་ལ་གཉིས། ཆོས་ཀྱི་རིང་བསྲེལ་དང་། སྐུ་བལ་གྱི་རིང་བསྲེལ་ལོ། །དང་པོ་ལ། བཻ་རོ་དང་། ཟླ་བ་གྲགས། ཇོ་བོ་རྗེ་རྣམས་ཀྱི་རྒྱ་དཔེ། ཉང་རལ་ཁྲོས་ནག་གི་ཤོག་སེར་དང་། བཀའ་བརྒྱད་བླ་དཔེ། བདེ་འདུས་གཏེར་ལྕིབ། ཆོས་དབང་ཐུགས་སྒྲུབ་ཤོག་སེར། རཏ་གླིང་ཚེ་གསང་གཏེར་ཤོག ། [30a] པད་གླིང་ཀུན་བཟང་དགོངས་འདུས་དང་། གུ་དྲག་ཤོག་སེར། སངས་གླིང་བླ་མ་དགོངས་འདུས་ཀྱི་ཤོག་སེར་དང་གཏེར་སྒྲོམ་ཙནྡན་ས་མཆོག །སྨིན་གཏེར་གཡའ་མ་ལུང་། ཤ་འུག་ལྟག་སྒོ། གནམ་ལྕགས་བྲག །ཡར་ལུང་ཤེལ་བྲག་བཅས་ཀྱི་ཤོག་སེར། བདུད་འདུལ་སྒྱུ་འཕྲུལ་ཞི་ཁྲོའི་ཤོག་སེར། ཀློང་གསལ་གུ་དྲག་ཡེ་ཤེས་རབ་འབར་གྱི་ཤོག་སེར། ཡོངས་དགེའི་གྲོ་ལོད་དང་ཞི་ཁྲོ་པདྨ་བཛྲ་གྱི་ཤོག་སེར། ལས་གླིང་ཕུར་པ་ཡང་ཟབ་ཀྱི་ཤོག་སེར། གླིང་རྗེ་གེ་སར་རྒྱལ་པོའི་ཕ་འབམ། དབུར་འོད་ཡེ་ཤེས་འབུམ་པའི་གསེར་འབུམ། མགར་ཀློང་གཏེར་བྱོན་བིལྦའི་སྒྲོམ་བུ། མཁྱེན་ཀོང་རྣམ་གཉིས་ཀྱིས་རྟེན་སྙིང་འབུམ་ཕྲག་གིས་བསྒྲུབས་བའི་མེ་ཏོག་དང་ལྷག་ལྷ་རབ་འབྱམས་ཀྱི་མེ་ཏོག་བཅས། གཉིས་པ་སྐུ་བལ་རིང་བསྲེལ་སྐོར་ལ། སངས་རྒྱས་འོད་སྲུང་གི་སྐུ་ཆོས། མཉམ་མེད་ཤཱཀ་ཐུབ་ཀྱི་སྐུ་ཆོས། ཤཱ་རིའི་བུའི་ཆོས་གོས། གུ་རུའི་ཆོས་གོས་ཉི་ཟེར་མ། རྒོད་ལྡེམ་གཏེར་བྱོན་གུ་རུའི་དབུ་ལྗོན་དང་ཟ་བེར། བདུད་འདུལ་གཏེར་བྱོན་གུ་རུའི་ན་བཟའ་ཟ་བེར་འཁོར་ལོ་དགུ་བརྩེགས། པད་གླིང་གཏེར་ [30b] བྱོན་གུ་རའི་ན་བཟའ། གུ་ཎའི་གཏེར་བྱོ་གུ་རུའི་དབུ་ལྗོན་དང་། ཐོད་ཕྲེང་སྡེ་ལྔའི་ཕྱག་ཕྲེང་། མཁའ་འགྲོ་འབུམ་གྱི་དབུ་སྐྲ། མཚོ་རྒྱལ་དབུ་སྐར་དང་གསང་གོས། ལོ་ཆེན་བཻ་རོའི་དབུ་སྐྲ་དང་སྐུ་ཆོས། ཆོས་རྒྱལ་ཁྲི་སྲོང་གི་ན་བཟའ། གྲོ་ཤུལ་ལས་འཕྲོ་གླིང་པའི་གཏེར་བྱོན་མཚོ་རྒྱལ་དབུ་ལྗོན། མཆོག་གླིང་དང་བདེ་མཆོག་གླིང་པའི་གཏེར་བྱོན་ཀུན་དགའ་བོ་དང་བོ་དྷི་ས་ཏྭའི་སྐུ་ཆོས། གུ་ཎའི་གཏེར་བྱོན་སློབ་དཔོན་ཧཱུཾ་ཀ་རའི་གསང་གོས། ཉང་གཏེར་གུ་རུ་ཡབ་ཡུམ་གྱི་ཞབས་ཆགས། ས་ར་ཧའི་དུག་སྦྲུལ་སྒོམ་ཐག །ཀླུ་སྒྲུབ་ཀྱི་མཆིལ་ལྷྭམ། ནཱ་རོའི་གདན་ཀྲིཥྞའི་པགས་པ། མཆོག་གླིང་གཏེར་བྱོན་བི་མ་ལའི་མཆིལ་ལྷྭམ། གཉག་ཛྙཱ་ན་ཀུ་མཱ་ར། གནུབས་ནམ་མཁའི་སྙིང་པོ། རླངས་ཆེན་དཔལ་གྱི་སེང་གེ་རྣམས་ཀྱི་དབུ་ལོ། རྒྱ་བཟའ་ཀོང་ཇོའི་དབུ་ལྗོན། ཨ་ཏི་ཤའི་སྣམ་སྦྱར། འབྲོམ་སྟོན་པའི་ན་བཟའ། པཎ་ཆེན་ཤཱཀྱ་ཤྲཱིའི་སྣམ་སྦྱར། དམ་པ་སངས་རྒྱས་ཀྱི་ཕྱག་མཁར་དང་རྟེན་འབྲེལ་གལ་ཏེ། མར་པ་ལོ་ཙཱའི་བེར་ཆེན། རྗེ་བཙུན་མི་ལའི་རས་གཟན། རས་ཆུང་པའི་དབུ་ཞྭ། ས་ཆེན་ཀུན་སྙིང་། [31a] འགྲོ་མགོན་ཆོས་འཕགས། ངོར་ཆེན་ཀུན་དགའ་བཟང་པོ་རྣམས་ཀྱི་ན་བཟའ། འཇམ་དབྱངས་ས་པཎ་གྱི་ཤོ་ཀ་ལ། དགེ་བཤེས་སྤྱང་ལུང་པའི་དབུ་ཞྭ། ཞང་ཤ་ར་བའི་དྲྭ་ཕད། མ་ལབ་སྒྲོན་གྱི་དབུ་སྐྲ་དང་ཞབས་ཆགས། མེ་ལོང་རྡོ་རྗེའི་སྐུ་ཆོས། ཐང་སྟོང་རྒྱལ་པོས་འཛམ་གླིང་ཉིན་གཅིག་ལ་བསྐོར་བའི་ན་བཟའ་གླེ་བེར་དང་དབུ་སྐྲ་ཕྱག་ཕྲེང་ཕྱག་མཁར་བཅས། ཀློང་ཆེན་པའི་ན་བཟའ། གུ་རུ་ཆོས་དབང་གི་དབང་གོས། རྗེ་བཙུན་ཏཱ་ར་ནཱ་ཐའི་དབུ་ཞྭ་དང་ན་བཟའ་ཕྱག་མཁར། ཀུན་དགའ་གྲོལ་མཆོག་གི་སྐུ་ཆོས། གཏེར་ཆེན་པྲ་ཛྙཱ་རསྨིའི་ན་བཟའ། མངའ་རིས་པཎ་ཆེན་གྱི་དབུ་ཞྭ། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱི་དབུ་སྐྲདང་གཟའ་ཕོད། ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་ཕུར་དར། རིག་འཛིན་པདྨ་ཕྲིན་ལས། སྐལ་བཟང་པདྨ་དབང་ཕྱུག །ཁམས་གསུམ་ཟིལ་གནོན། མཉམ་ཉིད་རྡོ་རྗེ་རྣམས་ཀྱི་ན་བཟའ། བྲག་དམར་ཀུན་བཟང་རྣམ་རྒྱལ་དང་། བྱང་ཆུབ་ཆོས་ཀྱི་སེང་གེའི་ན་བཟའ། དྲི་མེད་ལྷུན་པོ། ཉང་རལ། ལེགས་ལྡན་རྗེ། པད་གླིང་། སྟག་ཤམ། ཆོས་ [31b] གླིང་། འཇའ་ཚོན། རྩེ་ལེ་སྣ་ཚོགས་རང་གྲོལ། བདུད་འདུལ་ཡབ་སྲས། ཀློང་གསལ་ཡབ་སྲས། ཀཿཐོག་དགེ་པཎ། ལྔ་པ་ཆེན་པོ། སྨིན་གཏེར་སྐུ་མཆེད། ཟླ་བའི་འོད་ཟེར། འཇིགས་མེད་གླིང་པ། འཇིགས་མེད་ཕྲིན་ལས་འོད་ཟེར། རས་པ་དམ་ཚིག་རྡོ་རྗེ། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། ཁྲག་འཐུང་བདུད་འཇོམས་རྡོ་རྗེ། རྡོ་གྲུབ་བསྟན་པའི་ཉི་མ། རྡོ་རྗེ་བདེ་ཆེན་གླིང་པ། བུས་སྤྲུལ་ཉི་མ་རྒྱལ་མཚན། ཞབས་དཀར་ཚོགས་དྲུག་རང་གྲོལ། རྒྱལ་ཚབ་པདྨ་རྣམ་རྒྱལ། འཇིགས་མེད་རྒྱལ་བའི་མྱུ་གུ། ལུང་རྟོགས་བསྟན་པའི་ཉི་མ། མཁན་ཆེན་ངག་གི་དབང་པོ། །སི་ཏུ་ཆོས་ཀྱི་རྒྱ་མཚོ། འགྲོ་འདུལ་དཔའ་བོ་རྡོ་རྗེ། རིག་འཛིན་པདྨའི་སྙིང་པོ། གཏེར་སྲས་པདྨ་ལས་འབྲེལ། ཨོ་རྒྱན་མཁའ་མཉམ་གླིང་པ། རང་རིག་སྐུ་གསུམ་གླིང་པ། ཨ་བོ་བསྟན་འཛིན་དར་རྒྱས། ཐེག་མཆོག་འཇིགས་མེད་དཔའ་བོ། མཁའ་འགྲོ་བདེ་བའི་རྡོ་རྗེ། འདས་ཤུལ་བླ་མ་ཆོས་ལྡན། བླ་མ་དགེ་ལེགས་རྒྱ་མཚོ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། ཐོག་སྤྲུལ་མེ་ལོང་རྡོ་རྗེ་རྣམས་ [32a] ཀྱི་དབུ་ལྗོན་ཤངས་མཚལ་ན་བཟའ། འཇམ་མགོན་མི་ཕམ་གཤིན་རྗེའི་ལྗགས་བསྙེན་ལོ་བཅུ་གཉིས་གནང་སྐབས་ཀྱི་དབུ་སྐྲ། ཟུར་མང་རོལ་རྡོར་དབུ་ཞྭ་ཀླུ་བདུད་ཁ་རླངས་མ། ཨ་རཱ་གའི་སྒོམ་ཞྭ་དང་སྐུ་ཆོས་བཅས། གསུམ་པ་ཚེ་བཅུད་སྐོར་ལ། མཁྱེན་བརྩེའི་གཏེར་བྱོན་གུ་རུ་རིན་པོ་ཆེས་མཱ་ར་ཏི་ཀར་ཚེ་སྒྲུབ་མཛད་སྐབས་བདུད་རྩི་རྫུ་འཕྲུལ་གྱིས་ཕྱག་བསྒྲིལ་མ། ཨོ་རྒྱན་ཡབ་ཡུམ་གྱི་ཚེ་རྫས་ཧྲཱིཿརྒྱ་ཅན། བི་མ་ལའི་ཚེ་རྫས་ཟླ་བའི་སྙིང་པོ། མཆོག་གླིང་གཏེར་བྱོན་མནྡྷ་ར་བའི་ཚེ་གོས། འཇའ་ཚོན་གཏེར་བྱོན་ཚེ་ཆུ་རིལ་བུ་རྩ་བའི་གཏའ་སྤེལ། མནྡྷ་ར་བ། མཚོ་རྒྱལ། བཻ་རོ་རྣམས་ཀྱིས་བསྒྲུབས་པའི་ཚེ་རིལ་མི་ཤིགས་སྲོག་གི་ཀ་བ། མ་གཅིག་གྲུབ་པའི་རྒྱལ་མོའི་ཚེ་ཆུ། ཐང་སྟོང་རྒྱལ་པོའི་ཚེ་རིལ། རིག་འཛིན་རྒོད་ལྡེམ་དང་སངས་རྒྱས་གླིང་པའི་གཏེར་བྱོན་ཚེ་བཅུད། ཆོས་གླིང་གར་དབང་འཆི་མེད་རྡོ་རྗེའི་གཏེར་བྱོན་ཚེ་བཅུད་རིལ་བུ། རྒྱལ་སྲས་བདེ་ཆེན་གླིང་པའི་གཏེར་བྱོན་ཚེ་ཆུ་ཟླ་བ་ནོར་བུའི་ཞུན་ཐིག་དང་། གུ་རུའི་གསོལ་ཞག །ལྷ་ལུང་པའི་ཚེ་རིལ་སྲོག་གི་ཀ་བ། རཏ་གླིང་ཡབ་སྲས་བརྒྱུད་ [32b] པའི་ཁྱད་ཆོས་ཚེ་སྒྲུབ་གསང་བ་འདུས་པའི་སྒྲུབ་རིལ། འཇམ་མགོན་རྣམ་གཉིས་ཀྱི་ཕྱག་བསྟར་ཚེ་བཅུད་ཀུན་འདུས་རིལ་བུ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་དང་འཆི་མེད་འཕགས་མའི་སྙིང་ཐིག་གི་སྒྲུབ་རིལ་ཚེ་བཅུད། འབྲི་གུང་པའི་རིན་ཆེན་གྲང་སྦྱོར། གཞུང་སའི་རྟེན་ཁྲོད་ལས་སོན་པའི་སེང་གེ་དང་སྟག་གི་འོ་མ་འཁྲུལ་མེད། རིན་ཆེན་བཙོ་བཀྲུ་ཆེན་མོ། ཁོ་བོ་བུདྡྷ་ཚེ་ཕུག་ཏུ་ཚེ་སྒྲུབ་བགྱིས་སྐབས་ཀ་པཱ་ལའི་ཚེ་ཆང་ཁོལ་བའི་དྭངས་མ་ཨ་རག་ཏུ་སྨིན་པའི་ཟེགས་མ་བཅས་རགས་བསྡུས་སུ་བཀོད་པ་ཡིན་ལ། གོང་གསལ་སྒྲུབ་སྨན་རིལ་བུ་སོགས་ཁག་རེ་རེའི་ནང་དུའང་ཁྱད་འཕགས་དམ་རྫས་བསམ་ཡས་བཞུགས་པའི་རྣམ་གྲངས་བརྗོད་ཀྱིས་མི་ལང་ཞིང་། དེ་དག་ཀྱང་སུ་བྱུང་གང་བྱུང་གི་ལག་ནས་ཅི་རྙེད་གང་རྙེད་དུ་བསྡུས་པ་མ་ཡིན་པར། དམ་སེལ་དང་འདྲེས་ཁྱེར་གྱིས་མ་བསླད་པའི་རྩོད་བྲལ་ཡོངས་གྲགས་ཚད་ཐུབ་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ནས་ཇི་ལྟར་བསྩལ་བའི་ཞལ་བྱང་བཞིན་སྒྲོ་སྐུར་དང་བྲལ་བར་བཞུགས་པ་ཡིན་ནོ། །དེ་ལྟར་མ་བསྒོམ་སངས་རྒྱས་འགྲུབ་པའི་གནད་ཀྱི་གཙོ་བོ་མྱོང་གྲོལ་བདུད་རྩི་ཆོས་སྨན་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ [33a] ཉིད་བརྟེན་པའི་ཕན་ཡོན་ནི། རྩ་རྒྱུད་ལས། སྐད་ཅིག་ཐུག་ཕྲད་བརྟེན་པ་ཡིས། །ཚེ་རིང་ནད་མེད་བདེ་བ་དང་། །ལང་ཚོ་ཁ་དོག་སྟོབས་དང་གཟི། །འཕེལ་ཞིང་དབང་པོ་རིག་པ་གསལ། །མཁའ་ལ་འགྲོ་ཞིང་ཕ་རོལ་གྱི། །ནུས་སྟོབས་ནུས་པས་མི་ཚུགས་ཤིང་། །ཀུན་གྱིས་བཀུར་སྟིའི་འོས་སུ་འགྱུར། །ཞེས་སོགས་གནས་སྐབས་ཀྱི་ཡོན་ཏན་དུ་མ་དང་། མཐར་ཐུག་གི་ཕན་ཡོན་ཇི་ལྟར་འཐོབ་པའི་ཚུལ། རྒྱུད་ལས། ར་སཱ་ཡ་ན་སྨན་ཆེན་པོ། །ཟོས་པས་མཆོག་ཐུན་དངོས་གྲུབ་ཐོབ། །ཅེས་གསུངས་པའི་དོན་ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་གསུང་གིས་རྒྱས་པར་བཀྲལ་བ། བདེ་གཤེགས་མ་ལུས་མཆོད་པའི་རྫས། །བླ་མ་ཡི་དམ་སྡུད་པའི་རྩི། །མཁའ་འགྲོ་ཀུན་གྱི་སྙིང་ཁྲག་ཡིན། །ཟོས་པའི་ཡོན་ཏན་བརྗོད་མི་ལང་། །སངས་རྒྱས་སྐུ་ལྔའི་ཡོན་ཏན་ཐོབ། །ཕྱི་ལྟར་ལུས་ཀྱི་ནད་གདོན་འཇོམས། །ནང་དུ་ཉོན་མོངས་དུག་ལྔ་དག །དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་། །གསང་བ་རང་བྱུང་ཡེ་ཤེས་རྟོགས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱིས། །ཟོས་ན་ས་བཅུ་ཐོབ་ནས་ཀྱང་། །ཐེག་ [33b] ཆེན་བྱང་སེམས་ཆེན་པོར་འགྱུར། །བླ་མ་མཆོད་ན་བྱིན་རླབས་འཇུག །ཡི་དམ་མཆོད་ན་དངོས་གྲུབ་སྟེར། །བདེ་གཤེགས་མཆོད་ན་ཐུགས་རྗེ་འབྱུང་། །མཁའ་འགྲོ་མཆོད་ན་ལུང་ཡང་སྟོན། །རྣལ་འབྱོར་པའམ་སུས་ཟོས་ཀྱང་། །ཕྱི་ཡི་ནད་གདོན་སྡིག་སྒྲིབ་བྱང་། །ནང་གི་བསྐྱེད་རིམ་ཏིང་འཛིན་གསལ། །གསང་བ་རང་རིག་ཆོས་སྐུར་རྟོགས། །ཉམས་དང་ལྷག་ཆད་མ་ལུས་སྐོང་། །འཆང་བས་དུས་མིན་འཆི་བ་བཟློག །གདུག་པའི་དུག་ཀྱང་གཞིལ་བར་ནུས། །བྱུག་པས་ནད་གདོན་མ་ལུས་སེལ། །བསྲེགས་ན་གདོན་བགེགས་ཐམས་ཅད་སྐྲོད། །འདི་ཉིད་བསྒྲུབས་པའི་གནས་དེ་ཡང་། །དུར་ཁྲོད་བའིལ་བའི་ཚལ་དང་མཚུངས། །དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ། །ས་ཕྱོགས་བྱིན་དང་ལྡན་པར་འགྱུར། །ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས། །གར་བསྒྲུབས་པ་ཡི་གནས་དེ་རུ། །སུ་བསྡད་མི་རྣམས་ཏིང་འཛིན་འཆར། །ནམ་ཞིག་ཚེ་ཡི་དུས་བྱས་ཚེ། །ཕོ་མོ་བཟང་ངན་མེད་པ་རུ། །རིག་པ་འཛིན་པའི་ས་ལ་གནས། །དེ་ཕྱིར་མཆོག་གི་དམ་རྫས་སོ། །ཞེས་དང་། སྐུ་ཤ་རྣམས་ཀྱི་ཕན་ཡོན་ཀྱང་། ཐང་ཡིག་ [34a] ལས། རྒྱལ་སྲས་ཕུང་པོ་འདི་ཡང་དོན་ཆེན་ཏེ༔ དབང་པོ་ལྔ་དང་ཟག་ཆུ་ཤ་ཁྲག་རུས༔ ཤིག་གི་སྙིང་ཙམ་སུ་ཡི་ལྟོར་སོང་བ༔ རྨངས་པོའི་ལྟོར་སོང་བུ་ཡི་དངོས་གྲུབ་འབྱུང་། དབུལ་པོའི་ལྟོར་སོང་ཟས་ནོར་དངོས་གྲུབ་འབྱུང་༔ ཚེ་ཟད་ལྟོར་སོང་འཆི་མེད་དངོས་གྲུབ་འབྱུང་༔ དད་ལྡན་ལྟོར་སོང་ཆོས་ཀྱི་དངོས་གྲུབ་འབྱུང་༔ ཞེས་སོགས་དང་། མཐོང་ཐོས་དྲན་རེག་དོན་དང་ལྡན་པ་སྟེ༔ དྲི་མས་ཕོག་གམ་ཏིལ་འབྲུ་ཙམ་ཞིག་རེག༔ ངན་སོང་འགྲོ་ངོ་ཤེས་ཀྱང་མཐོ་རིས་སྐྱེ༔ དགེ་རྒྱུ་ཡུངས་འབྲུ་ཙམ་རེའི་ས་བོན་ཐེབས༔ དྲང་སྲོང་གཟའ་ནད་གདོན་བགེགས་འབྱུང་པོ་ཞི༔ འདྲེ་ཡིས་གཙེར་བ་རྣམས་ཀྱང་བསྒྲིབ་པར་འགྱུར༔ མཚམས་མེད་ལྔ་སྤྱད་ལྟོར་སོང་རིག་འཛིན་གྲལ༔ ལས་ཀྱིས་དུད་འགྲོའི་ལུས་སུ་སྐྱེས་གྱུར་ཡང་༔ ཡུལ་བདག་བྱམས་ཤིང་བརྡུང་བཙོག་མེད་པར་འགྱུར༔ བསོད་ནམས་ཆུང་བའི་དུད་འགྲོ་ཡིན་ཀྱང་རུང་༔ མི་ཚེར་སྡིག་སྤྱོད་ཤན་པ་ཡིན་ཀྱང་རུང་། སྐྱེ་བ་དམན་པའི་བུད་མེད་ཡིན་ཀྱང་རུང་༔ ལས་འཕྲོ་མེད་པའི་མི་ལུས་ཙམ་པོའང་རུང་༔ ཆུ་ལ་ [34b] གནས་པའི་སེམས་ཅན་ཡིན་ཀྱང་རུང་༔ མཁའ་ལ་འཕུར་བའི་འདབ་ཆགས་ཡིན་ཀྱང་རུང་༔ ལྟོར་སོང་སྡིག་པ་དག་ཅིང་མི་ལུས་འཐོབ༔ དད་དང་ཤེས་རབ་བརྩོན་འགྲུབ་སྤོབས་པ་མྱུར༔ ཞེས་དང་། བདུད་འདུལ་དམ་རྫས་དཀར་ཆག་ལས། ཟག་མེད་དམ་རྫས་མྱོང་གྲོལ་འདི༔ ཆུ་ལ་འཐོར་བས་ཆུར་གནས་སེམས་ཅན་ཀུན༔ ལས་སྒྲིབ་དག་ནས་སངས་རྒྱས་ཐོབ་པར་ངེས༔ མེ་ལ་བསྲེགས་པས་དུད་པ་ཕོག་ཚད་ཀུན༔ གཟུགས་ཅན་མི་དང་གཟུགས་མེད་ཡིན་ཀྱང་རུང་༔ ཚེ་གཅིག་སངས་རྒྱས་འགྲུབ་པར་ཐེ་ཚོམ་མེད༔ ཚོང་འདུས་ས་མདོ་རི་རྩེར་སྦས་གྱུར་ན༔ དེ་ཡི་རླུང་རྒྱག་ཕོག་ཚད་སེམས་ཅན་ཀུན༔ མངོན་པར་བྱང་ཆུབ་སངས་རྒྱས་ངེས་པར་ཐོབ༔ ས་གནས་གསོ་དང་སྐུ་གསུང་ཐུགས་རྟེན་བཞེངས༔ ནང་གཞུག་བཞག་པས་མི་མིན་གདོན་བགེགས་འཇོམས༔ རྟེན་དེ་མཇལ་བས་བྱང་ཆུབ་སངས་རྒྱས་རེག༔ མི་མཐུན་འཇིགས་པ་བརྒྱད་ལས་སྐྱོབ་པར་ངེས༔ ཞེས་དང་། གཞན་ཡང་། དེ་ཕྱིར་མྱོང་གྲོལ་རིལ་བུ་འདི༔ སེམས་ཅན་མཐའ་དག་ལ་བྱིན་ཅིག༔ ཆུ་ལ་འཐོར་ཅིག༔ མེ་ལ་སྲེགས་ཤིག༔ [35a] ཡང་གཏེར་དུ་སྦོས་ཤིག༔ སྐུ་གསུང་ཐུགས་རྟེན་གྱི་ནང་གཞུག་ཏུ་འཛུད་ཅིག༔ ཁྱད་པར་དུའང་ས་གནད་གསོ་བའི་མཆོད་རྟེན་གྱི་ནང་གཞག་ཏུ་འཛུད་ཅིག༔ ཅེས་གསུངས། དེས་ན་དམ་རྫས་འདིའི་གདུལ་བྱ་ནི་དད་པ་ཡོད་མེད་དང་ལས་དག་མིན་ལ་མ་ལྟོས་པར་སྐྱེ་འགྲོ་སེམས་ཅན་དབུགས་ཀྱིས་བསྡུས་ཚད་ལ་ཐེང་ཆོག་མ་ཁོ་ན་ཡིན་ཅིང་། ཆོས་སྨན་གྲོག་མའི་རྐང་ལག་ཙམ་རེ་ལའང་མཁའ་གྲོ་མ་འབུམ་ཕྲག་འདུ་བར་གསུངས་པས་རྩིས་མེད་སླ་ཆོས་བརྙས་ཐབས་སོགས་སྤངས་ཏེ་ཡིད་ཆེས་ངེས་ཤེས་ཀྱི་དད་མོས་བརྟན་པོས། རང་ཉིད་ལྷག་པའི་ལྷར་གསལ་ཞིང་བདུད་རྩི་ཡེ་ཤེས་ལྔའི་རང་བཞིན་དུ་མོས་ལ། གཡོན་པའི་མཐེབ་སྲིན་རྡོ་རྗེ་དང་པདྨ་སྦྱོར་བ་ལས་ཡེ་ཤེས་ཀྱི་བདུད་རྩི་བྱུང་བ་ལྕེ་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་ཐིམ་པས་རྩ་ཁམས་ཐམས་ཅད་ཁྱབ་སྟེ་ལུས་རང་བཞིན་ཡོངས་གྲུབ་ཀྱི་དཀྱིལ་འཁོར་བདེ་བ་ཆེན་པོའི་རོས་ཚིམ་པར་བསམ་ཞིང་། རབ་ཐུན་བཞིའི་ཐོག་མཐའ། འབྲིང་ཉིན་རེར་ལན་རེ། ཐ་མས་ཟླ་བ་རེ་བཞིན། ཡང་ཐས་ཀྱང་དཔྱིད་ཟླ་འབྲིང་པོའི་ཚེས་གཅིག་གམ་བཅོ་ལྔ་ལ་ལན་རེ་མ་ཆག་པར་བརྟེན་པ་དང་། དམ་ [35b] རྫས་ཁོང་དུ་ཡོད་རིང་དགེ་སྦྱོར་གྱི་འགྱུར་སྟོབས་ཀྱང་ཆེ་བས། རབ་ཀྱིས་རིམ་གཉིས་མཉམ་བཞག །འབྲིང་པོས་ཁ་ཏོན་བཟླས་བརྗོད། ཐ་མས་ཕྱག་འཛལ་བསྐོར་བ་སོགས་དགེ་སྒྲུབ་སྡིག་སྤངས་ཅི་ནུས་སུ་འབད་པའང་གལ་ཆེ་ཞིང་། ཇི་སྐད་བཤད་པའི་ཕན་ཡོན་བསླུ་བ་མེད་པར་འབྱུང་བ་ནི་སྤྱིར་རྒྱལ་བ་སྲས་བཅས་ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་ཁྱད་པར་དང་། རྟེན་འབྲེལ་བསླུ་བ་མེད་པའི་སྟོབས་དང་། མན་ངག་རྫས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པའི་མཐུས། ལྷག་པར་དམ་རྫས་མྱོང་གྲོལ་གྱིས་འདུལ་བར་ལུང་བསྟན་པའི་དུས་ནི་དེང་སང་གི་དུས་འདི་ཡིན་པར། དོན་ཏིག་འགྲོ་བ་ཀུན་གྲོལ་ལས། སྙིགས་མའི་དུས་སུ་ཚེ་ཐུང་ནད་མང་ཞིང་༔ ལོངས་སྤྱོད་དབུལ་ཕོངས་ཉོན་མོངས་རང་གར་སྤྱོད༔ ཆོས་ལ་ཉན་བསམ་སྒོམ་གསུམ་ནུས་པ་མེད༔ དེ་དུས་ཚེགས་ཆུང་དོན་ཆེའི་དམ་རྫས་འདི༔ འགྲོ་དོན་ཕྱོགས་བཅུར་སྐྱོ་ངལ་མེད་པར་སྤེལ༔ ཞེས་གསུངས་ཤིང་། ཨོ་རྒྱན་རིན་པོ་ཆེ་ཉིད་སངས་རྒྱས་ཀུན་ལས་མཛད་པ་ཕྲིན་ལས་ཁྱད་པར་དུ་འཕགས་པར་གསུངས་པའི་ཕྲིན་ལས་ཀྱི་ཆེ་བ་མངོན་སུམ་མཐུན་སྣང་དུ་གྲུབ་པ་ལྟར། བདུད་རྩི་ཆོས་ [36a] སྨན་འདིའང་རྒྱལ་དབང་པདྨའི་རིང་ལུགས་འཛིན་པ་རྣམས་ཀྱི་ཁྱད་ཆོས་ཡིན་ཏེ། ཇི་སྐད་དུ། བསྒོམ་མི་དགོས་པར་སྐད་ཅིག་ཚེ་འདི་ལ། །བླ་མེད་སངས་རྒྱས་འགྲུབ་པའི་རྫས་མཆོག་འདི། །པད་འབྱུང་བདག་གི་རྒྱལ་ཚབ་མ་གཏོགས་པ། །ལྕགས་ཀྱི་ལྷྭམ་བུ་ཆ་བཅུ་བཟོས་ནས་ནི། །འཛམ་གླིང་གསེར་གྱིས་བཀང་བར་བྱས་ནས་ཀྱང་། །གླིང་བཞི་གླིང་ཕྲན་བརྒྱད་རྣམས་ཉུག་གྱུར་ཀྱང་། །སྐལ་ལྡན་གཞན་ལ་འདུག་གམ་མི་འདུག་ལྟོས། །ཞེས་གསུངས་པ་ལྟར་ལགས་པས་ན་ཡིད་གཉིས་ཐེ་ཚོམ་མེད་པར་བཅུད་ལེན་གྱི་མཆོག་ཏུ་བརྟེན་པར་རིགས་པ་ཡིན་ནོ། །རྒྱལ་ཀུན་ཚད་མེད་ཐུགས་རྗེས་སྤྲིན་ཆེན་ལས། །ངོ་མཚར་གྲོལ་བ་བཞི་ལྡན་བདུད་རྩིའི་ཆར། །དུས་ངན་སྙིགས་འགྲོའི་གསོས་སུ་ལེགས་ཕབ་པས། །སྐལ་བཟང་ཐར་པའི་དགའ་ཚལ་ཅིར་ཡང་སྨིན། །དགོས་འབྱུང་དཔག་བསམ་བུམ་བཟང་ནོར་བུས་ཀྱང་། །མི་བསྐྲུན་ཚེ་དང་དབང་ཕྱུག་ལ་སོགས་པའི། །འཕྲལ་ཡུན་བསམ་རྒུ་ཡིད་བཞིན་འཇོ་བ་ཡི། །གཅེས་པའི་དབྱིག་འདི་རིན་ཐང་བྲལ་བའི་སྐྱེས། །ཁུངས་མེད་རྙེད་ཚད་བསྡུས་དང་མ་བསྒྲུབས་ [36b] བཞིན། །འཕྱོར་སྒྲོགས་ཁ་བཤད་ཙམ་མིན་འབད་རྩོལ་བརྒྱས། །ཚུལ་བཞིན་བསྒྲུབས་བྱས་མྱང་གྲོལ་བདུད་རྩིའི་སྒོ། །ཡིད་ཅན་གདུང་བ་སེལ་བའི་བཙས་སུ་ཕྱེས། །དགེ༷་མཚན་གཡང་དུ་འཁྱིལ་བའི་དགེ༷་རྩ་ནི། །ལེ༷གས་བྲིས་བདུད་རྩིས་མཚོན་མིན་ལེ༷གས་བྱས་མཐུས། རྣ༷མ་མང་འགྲོ་བ་འདི་ཀུན་རྣ༷མ་གྲོལ་གྱི། །དག༷འ་སྟོན་བཟང་པོར་སྤྱོད་པས་དག༷འ་ཐོབ་ཤོག །ཅེས་པའང་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རིས་མེད་པའི་སྐྱེ་བོ་རྣམས་ལ་ཐར་པའི་ས་བོན་སྤེལ་བ་ཡོངས་ལ་ཁྱབ་ཅིང་ཀུན་ཏུ་སྨན་པའི་རྒྱུར་གྱུར་ཅིག། །། ༄༅། །ཚེ་བཅུད་ཀུན་འདུས་རིལ་བུ་འཆི་མེད་བདུད་རྩིའི་ཞུན་ཐིག་འདི་ནང་། བྲག་ཕུག་མཱ་ར་ཏི་ཀར་གུ་རུ་ཡབ་ཡུམ་གྱིས་བསྒྲུབས་པའི་ཚེ་ཆུ་བདུད་རྩི་རྫུ་འཕྲུལ་གྱིས་ཕྱག་བསྒྲིལ་མཛད་པའི་ཚེ་རིལ་འཆི་མེད་རྡོ་རྗེ་ཧྲཱིཿརྒྱ་མ། འཇའ་ཚོན་སྙིང་པོས་ལྗོན་པ་ལུང་ནས་བཞེས་པའི་ཚེ་ཆུ་ངོ་མཚར་ཅན་གྱི་གཏའ་སྤེལ། རྗེ་གུ་ཎས་རྫོང་ཤོད་དཔལ་དེའུ་ནས་བཞེས་པའི་གུ་རུ་དང་མནྡ་ར་ཝས་བསྒྲུབས་པའི་ཚེ་རིལ་ཧྲཱིཿརྒྱ་ཅན། སྨིན་གཏེར་གཡའ་མ་ལུང་གི་འཆི་མེད་བདུད་རྩིའི་རིལ་བུ་ཧྲཱིཿཐམ་མའི་གཏའ་ཕབ། གུ་རུས་གཡའ་མ་ [37a] ལུང་དུ་བསྒྲུབས་པའི་ཚེ་རིལ་དང་། ཧཱུཾ་ཀར་ནམ་སྙིང་ཟུང་གིས་བསྒྲུབས་པའི་ཡང་དག་འཆི་མེད་བདུད་རྩིའི་ཕུར་མ་བཅས་ནུས་ལྡན་རྡོ་རྗེའི་གཏེར་བྱོན། རོལ་པའི་རྡོ་རྗེས་ཀེ་རོང་རྡོ་རྗེའི་གསང་ཕུག་ནས་བཞེས་པའི་གུ་རུ་ཡབ་ཡུམ་གྱི་ཚེ་རིལ། སྒ་སྟོད་གཡུ་བྲག་གི་བི་མ་ལའི་ཚེ་རྫས་ཟླ་བའི་སྙིང་པོ། ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་ནམ་མཁའི་སྙིང་པོའི་ཚེ་རིལ་བདུད་རྩིའི་ཞུན་མ། མནྡ་ར་ཝའི་ཚེ་བཅུད་བདུད་རྩི་བཅས་མཆོག་གླིང་གཏེར་བྱོན། འགྲོ་འདུལ་གླིང་པས་ན་བུན་རྫོང་གི་གཡུ་མཚོ་ནས་བཞེས་པའི་ཚེ་རིལ་འབྱུང་ལྔའི་བཅུད་བསྡུས་སྙིང་པོ། གར་དབང་འཆི་མེད་རྡོ་རྗེས་དམར་ནག་རཀྟའི་མཚོ་ནས་བཞེས་པའི་ཚེ་ཆུ། བདེ་ཆེན་གླིང་པས་པདྨ་བཀོད་ཀྱི་བུདྡྷ་ཚེ་ཕུག་ནས་བཞེས་པའི་ཚེ་ཆུ་ཟླ་བ་ནོར་བུ་དང་། གུ་རུའི་གསོལ་ཞག་བདུད་རྩི། མ་གཅིག་གྲུབ་པའི་རྒྱལ་མོའི་ཚེ་ཆུ། ཐང་སྟོང་རྒྱལ་པོའི་ཚེ་རིལ། རཏ་གླིང་ཡབ་སྲས་བརྒྱུད་པའི་ཁྱད་ཆོས་ཚེ་སྒྲུབ་གསང་འདུས་ཀྱི་སྒྲུབ་རིལ། པད་གླིང་ཡབ་སྲས་ཀྱི་ཚེ་རིལ་སྲོག་གི་ཀ་བ། འཆི་མེད་འཕགས་མའི་སྙིང་ཐིག་གི་སྒྲུབ་རིལ་མཁྱེན་བརྩེ་ཉིད་ཀྱི་ཕྱག་བསྟར་ [37b] རྩ་ཕབ། འཇམ་མགོན་རྣམ་གཉིས་ཀྱི་ཕྱག་བསྟར་ཚེ་རྫས་གཏའ་ཕབ་མི་འདྲ་བ་སུམ་བརྒྱ་ལྷག་པའི་གཏའ་སྤེལ། ཁོ་བོས་སྤ་གྲོ་སྟག་ཚང་དུ་སྨན་སྒྲུབ་བགྱིས་སྐབས་དམ་རྫས་ཁྲོལ་བུའི་ཐོད་པ་ལས་དངོས་སུ་བབས་པའི་བདུད་རྩི། ཙཱ་རི་ཨོ་རྒྱན་རྫོང་གི་ཚེ་ཆུ། འབྲས་ལྗོངས་བྲག་དཀར་བཀྲ་ཤིས་སྡིངས་ཀྱི་བུམ་བཅུད་ཚེ་ཆུ། ཟ་ཧོར་མཚོ་པདྨ་ཅན་དང་། རྒྱ་གར་ཆུ་བོ་གངྒཱ་སོགས་ཀྱི་ཆུ་སྣ། པད་བཀོད་རཏྣ་ཚེ་ཕུག་གི་ཅུ་གང་། ཀཱི་ལ་ཡང་རྫོང་མཁའ་འགྲོ་གསང་ཕུག་གི་སིནྡྷུ་ར། རིན་ཆེན་རིལ་བུ་བསླད་མེད། འབྲི་གུང་པའི་རིན་ཆེན་གྲང་སྦྱོར། རྗེ་མཁྱེན་བརྩེར་ཐང་ལྷས་དངོས་སུ་ཕུལ་བའི་སེང་གེའི་འོ་མ། དམ་རྫས་ར་སཱ་ཡ་ན་ཕོན་མང་བཅས། །མདོར་ན་སེལ་མེད་ཁུངས་ལྡན་གྱི་ཚེ་བཅུད་གྱི་ཚེ་བཅུད་བྱིན་རྟེན་རིགས་ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ལག་ཏུ་གང་འབྱོར་རྣམས་ཡོངས་སྨན་གྱི་བསམ་པ་ཁོ་ནས་ཕྱོགས་གཅིག་ཏུ་བསྡུས་ཏེ་སྤེལ་བ་སིདྡྷི་རསྟུ།། །། ༈ །ཨོཾ་སྭསྟི། མྱང་གྲོལ་སྐྱེ་བདུན་རིལ་བུའི་དཀར་ཆག་མཐོང་ཐོས་དོན་ལྡན་ཞེས་བྱ་བ། བདུད་འདུལ་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་ཚོགས་སྒྲུབ་དང་འབྲེལ་བར་ཚད་ལྡན་བསྒྲུབས་པའི་དམ་རྫས་སྐྱེ་བདུན་མྱང་གྲོལ་རིལ་བུ་འདི་ཉིད་ཀྱི་ནང་དུ། རྒྱལ་པོ་མ་སྐྱེས་དགྲའི་ [38a] རྟེན་སྐལ་ཤཱཀ་ཐུབ་འཕེལ་གདུང་སྣང་རྩེ་མ་དང་། རིང་བསྲེལ་ཕོན་ཆེ། སྟག་ཤམ་གཏེར་བྱོན་སངས་རྒྱས་འོད་སྲུང་གི་གདུང་རིལ། འཇའ་ཚོན་གཏེར་བྱོན་སངས་རྒྱས་ཀྱི་འཕེལ་གདུང་། དགའ་རབ་རྡོ་རྗེའི་གདུང་རིལ་དང་། ཤྲཱི་སེང་ཧའི་གདུང་ཤ་རི་རཾ་གྱི་གདུང་རིལ་བཅས་མཆོག་གླིང་གཏེར་བྱོན། ཆོས་དབང་གཏེར་བྱོན་སྐྱེ་བདུན་དབུ་ཐོད། རྡོར་གླིང་གཏེར་བྱོན་སྐྱེ་བདུན་ཐུགས་རིལ། ལས་འཕྲོ་གླིང་པའི་གཏེར་བྱོན་སྐྱེ་བདུན་སྐུ་ཤ། ཀུན་བཟང་བདེ་ཆེན་རྒྱལ་པོའི་གཏེར་བྱོན་སྐྱེ་བདུན་དབུ་ཀླད། པད་གླིང་གཏེར་བྱོན་སྐྱེ་བདུན་སྐུ་ཤ་མི་འདྲ་བ་ཁག་གསུམ་གྱི་གཏའ་སྤེལ་མཐེབ་ཆེན་ཙམ། སངས་གླིང་གཏེར་བྱོན་སྐྱེ་བདུན་སྐུ་ཤ ཁ་རག་བདེ་གླིང་གཏེར་བྱོན་སྐྱེ་བདུན་ཤ་རིལ། ཡར་རྗེ་ཨོ་རྒྱན་གླིང་པའི་སྐུ་ཤ་ཕོན་ཆེ། སྐྱེ་བདུན་དྲི་མེད་སྙིང་པོའི་གདུང་། སྐྱེ་བདུན་པདྨ་དཀར་པོའི་དབུ་ཐོད། བྲམ་ཟེ་ཟླ་བ་གཞོན་ནུའི་དབུ་ཀླད། སྐྱེ་བདུན་བརྒྱ་རྩ་འདུས་པའི་གདུང་རིལ་བཅས་བདུད་འདུལ་གཏེར་བྱོན། ཆོས་གླིང་གཏེར་བྱོན་བྲམ་ཟེའི་དབུ་ཐོད། མནྡ་ར་ཝས་རྙེད་པའི་བྲམ་ཟེའི་སྐུ་ཤ། རྗེ་མཁྱེན་བརྩེས་བྲག་དམར་མགྲིན་བཟང་ནས་བཞེས་པའི་བྲམ་ཤེ་ཉེར་གཅིག་གི་གདུང་དང་ཤ་རིལ་རྩ་བའི་གཏའ་ [38b] སྤེལ་རྡོག་བཅུ་གསུམ་དང་། སྐྱེ་བདུན་ཡང་ཟབ་ཁྱད་འཕགས། སྐྱེ་བདུན་བརྒྱ་རྩ་འདུས་པའི་རིལ་བུ་བཅས། སྒམ་པོ་པ་ཨོ་རྒྱན་འགྲོ་འདུལ་གླིང་པའི་གཏེར་བྱོན་བྲམ་ཟེ་དྲི་མེད་སྙིང་པོའི་དབུ་ཀླད་སྲན་ཆེན་ཙམ་ཕྱེད་གཉིས། བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆ་ཞེས་པའི་སྐྱེ་བདུན་དང་འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་གདུང་རིལ། བདུད་འདུལ་གཏེར་བྱོན་དམ་རྫས་སྐྱེ་བདུན་ཤ་རིལ་ཨ་ཐམ་མ་དངོས་རྡོག་གསུམ་དང་། གཏའ་སྤེལ་རྡོག་ལྔ། དམ་རྫས་རོལ་པ་ཆེན་པོ། དམ་རྫས་པདྨ་རཱ་ག །བི་མ་ལའི་སྐྱེ་བདུན་སྒྲུབ་རིལ། ཉང་བན་གྱི་སྐྱེ་བདུན་སྒྲུབ་རིལ་བཅས། ཀརྨ་པ་རོལ་པའི་རྡོ་རྗེའི་གཏེར་བྱོན་གུ་རུ་རྗེ་འབངས་གྲོགས་བཅས་ཀྱི་ཐུགས་ཆེན་སྒྲུབ་རིལ། ནུས་ལྡན་པའི་གཏེར་བྱོན་འཇམ་དཔལ་བཤེས་གཉེན་དང་སངས་རྒྱས་ཡེ་ཤེས་ཀྱི་བམ་ཆེན་བདུད་རྩིའི་རིལ་བུ། སྨིན་གླིང་ཤ་འུག་གཏེར་བྱོན་དམ་རྫས་ཨ་ཐམ་མ་རྩ་བའི་གཏའ་ཕབ་རྡོག་གསུམ་དང་གཏའ་སྤེལ་བཅས། སྟག་ཤང་གཏེར་བྱོན་གུ་རུ་ཡབ་ཡུམ་གྱི་བྱང་སེམས། ཆོས་གླིང་གཏེར་བྱོན་དམ་རྫས་ཧྲཱིཿརྒྱ་མ་དང་། མཚོ་རྒྱལ་དང་ཨཱརྱ་ས་ལེའི་བྱང་སེམས་རྩ་ཕབ། འགྲོ་འདུལ་གླིང་པའི་གཏེར་བྱོན་གུ་རུའི་བྱང་སེམས། མཆོག་གླིང་གུ་རུ་ཡབ་ཡུམ་གྱི་བྱང་ [39a] སེམས་རིལ་བུ་ཨ་རྒྱ་མའི་གཏའ་སྤེལ་དང་། གཟི་བརྗིད་བསྐྱེད་པ་སྐུ། ཚངས་དབྱངས་བསྐྱེད་པ་གསུང་། བདེ་ཆེན་བསྐྱེད་པ་ཐུགས་ཀྱི་དམ་རྫས་བཅས། རྗེ་གུ་ཎའི་གཏེར་བྱོན་ཉེ་སྲས་བརྒྱད་ཀྱི་དམ་རྫས་རྩ་ཕབ། མཆོག་ལྡན་མགོན་པོའི་གཏེར་བྱོན་མཁའ་འགྲོ་འབུམ་གྱི་དབུ་སྐྲ་ལས་གྲུབ་པའི་གུ་རུའི་དབང་ཞྭ། པད་གླིང་གཏེར་བྱོན་གུ་རུའི་སྐུ་ཆིངས། བདུད་འདུལ་གཏེར་བྱོན་གུ་རུའི་ཟ་བེར་འཁོར་ལོ་དགུ་བརྩེགས། མཆོག་གླིང་གཏེར་བྱོན་གུ་རུའི་ན་བཟའ་དང་མཚོ་རྒྱལ་གྱི་དབུ་སྐྲ། རྒྱ་བཟའ་ཀོང་ཇོའི་དབུ་ལྗོན། ལྷ་ལྕམ་པདྨ་གསལ་གྱི་སྐུ་ཤ། མོན་མོ་བཀྲ་ཤི་ཁྱེ་འདྲེན་གྱི་དར་ཤམ། གནུབས་ཆེན། མཆོག་དབྱངས། ནམ་སྙིང་། གཉགས། འབྲོག་མི། རླངས་ཆེན། རྡོ་རྗེ་བདུད་འཇོམས། གཡུ་སྒྲ་བཅས་ཀྱི་དབུ་ལྗོན་དང་ན་བཟའ། བྱང་སེམས་ཆོས་འཕགས་ཀྱི་ཚེམས། ཏཻ་ལོ་པའི་བཞུགས་གདན་ཀྲིཥྞའི་ལྤགས་པ། ནཱ་རོ་པའི་ཐོད་ཞལ། མར་པའི་ན་བཟའ། མི་ལའི་སྒོམ་ཐག །དྭགས་པོའི་དབུ་ཀླད་དང་ན་བཟའ། ཕག་གྲུའི་ཟ་བེར། ཀརྨ་པཀྴི་དང་། རང་བྱུང་རྡོ་རྗེའི་དབུ་ཐོད། [39b] མི་བསྐྱོད་རྡོ་རྗེའི་དབུ་སྐྲ། སངས་རྒྱས་དབོན་པོའི་ན་བཟའ། འགྲོ་མགོན་ཆོས་འཕགས་ཀྱི་དབུ་ལྗོན། ས་པཎ་གྱི་སྣམ་སྦྱར། ཀློང་ཆེན་པའི་དབུ་ཀླད། ཐང་རྒྱལ་གྱི་ཟངས་མཚལ་དང་དབུ་ཀླད། ཕ་དམ་པའི་གལ་ཏེ། ལབ་སྒྲོན་གྱི་དབུ་ཐོད། ཉང་། ཆོས་དབང་། རྒོད་ལྡེམ། རཏ་གླིང་། པད་གླིང་། སངས་གླིང་། བདུད་འདུལ་ཡབ་སྲས། སྨིན་གཏེར་ཡབ་སྲས། ཀློང་གསལ་ཡབ་སྲས། ཆོས་གླིང་གོང་འོག །བདུད་འཇོམས་ཡབ་སྲས་བཅས་ཀྱི་དབུ་ལྗོན་ན་བཟའ་སོགས་བྱིན་རྟེན། ཉང་གི་བཀའ་བརྒྱད་དང་ཁྲོས་ནག །ཆོས་དབང་བླ་མ་གསང་འདུས། པད་གླིང་ནོར་རྒྱམ། བདེ་གླིང་ཞི་ཁྲོ། ཟུར་མཁན་ཚེ་སྒྲུབ་རྡོར་སྙིང་། བདུད་འདུལ་སྒྱུ་འཕྲུལ། སྨིན་གཏེར་བདེ་ཀུན། སྟག་ཤམ་བླ་མ་ཡིད་ནོར་དང་ཡི་དམ་དགོངས་འདུས། ཆོས་གླིང་ཁྲོས་ནག་བཅས་ཀྱི་ཤོག་སེར་དང་གཏེར་ལྕིབ། འགོས་ལོ། བུ་སྟོན། ཁ་ཆེ་པཎ་ཆེན། འབྲུག་པད་དཀར། རྒྱལ་དབང་ལྔ་པ། ཀཿཐོགས་ཚེ་ནོར། སི་ཏུ་ཆོས་འབྱུང་དང་། པདྨ་ཉིན་བྱེད། དཔལ་སྤྲུལ། མི་ཕམ། རྡོ་གྲུབ་བཅས་ [40a] ཀྱི་ན་བཟའ། ཀརྨ་པའི་རིལ་ནག་ཕོན་ཆེ། གསང་ཆེན། གསང་ཆབ། བྱང་སེམས། ཤངས་མཚམས། སྐུ་ཤ། དབུ་ཀླད། སྐུ་བལ་རིང་བསྲེལ་ཀུན་འདུས་ཀྱི་གཏའ་ཕབ་རྣམས་འཇམ་མགོན་གུ་ཎའི་ཕྱག་བསྟར་དངོས་དང་། གཏའ་སྤེལ་ཕོན་མང་བཅས། མདོར་ན་སེལ་མེད་ཁུངས་ལྡན་གྱི་མྱང་གྲོལ་བྱིན་རྟེན་རིགས་ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ལག་ཏུ་གང་འབྱོར་རྣམས་ལྷག་བསམ་རྣམ་པར་དག་པས་གཞན་ཕན་གྱི་བཙས་སུ་བསྡུས་ཏེ་སྤེལ་བ་འབྲེལ་ཚད་དོན་དང་ལྡན་པའི་ཕྲིན་ལས་ཀྱི་མཆོག་ཏུ་གྱུར་ཅིག། །། ༈ །སྔ་འགྱུར་ཕྱོགས་ཀྱི་རྟེན་བསྡུས་ཡིད་བཞིན་ནོར་བུ་འདིའི་ནང་དུ། ཤཱཀ་ཐུབ་འཕེལ་གདུང་སྣང་རྩེ་མ་བཅུ་ཕྲག མཆོག་གླིང་གཏེར་བྱོན་ཤཱཀ་ཐུབ་རིང་བསྲེལ་རྡོག་ཉིས་བརྒྱ་དང་བཅུ་དྲུག འཇའ་ཚོན་གཏེར་བྱོན་དང་གཏེར་བྱོན་གཞན་བཅས་ཀྱི་འོད་སྲུང་འཕེལ་གདུང་ཉིས་སྟོང་དྲུག་ཅུ། རྫོགས་ཆེན་སྟོན་པ་བཅུ་གཉིས་དང་། བི་མ་ལའི་གདུང་གཏེར་བྱོན། གུ་རུའི་ཚེམས་ལས་སྦྲུལ་པའི་རིང་བསྲེལ་དངོས་གསུམ་དང་། གཏའ་སྤེལ་བཅས། ཀློང་ཆེན་པའི་རིང་ [40b] བསྲེལ་རྡོག་ལྔ་བཅུ་ཐམ་པ་དང་། དབུ་ཀླད་ཁམ་ཚིག་ཙམ། གུ་ཎའི་གཏེར་བྱོན་སངས་རྒྱས་རབ་བདུན་གྱི་རིང་བསྲེལ། སྐྱེ་བདུན་སྐུ་ཤ་ཁག་མི་འདྲ་བ་ཉེར་གསུམ། སྨིན་གཏེར་གཡའ་མ་ལུང་གི་དམ་རྫས་ཨ་ཐམ་དང་ཧྲཱིཿཐམ་མ། དགའ་རབ་རྡོ་རྗེའི་གདུང་། ཤ་འུག་ཨ་ཐམ་བདེ་ཆེན་རིལ་བུ་རྣམས་དངོས་དང་། གཏའ་སྤེལ་ཕོན་ཆེ། ཤོག་སེར་རྣམས་ཀྱི་ཆ་ཤས། མཁྱེན་བརྩེའི་གཏེར་རྫས་པྲ་བྷ་ཏ་སྟའི་མི་བསྐྱོད། མཚོ་རྒྱལ་གྱི་གསང་ཆབ། རྒྱལ་པོ་ཛཿ ཤྲཱི་སེདྷ། བི་མ་ལ། ཧཱུྃ་ཀཱ་ར། པད་འབྱུང་རྣམས་ཀྱིས་བསྒྲུབས་པའི་ཆོས་སྨན། རིག་འཛིན་ཡོངས་རྫོགས་ཀྱི་དམ་རྫས། བྲམ་ཟེ་ཉེར་གཅིག་གི་སྐུ་གདུང་། མ་གཅིག་གྲུབ་རྒྱལ་དང་ཐང་རྒྱལ་གྱི་ཚེ་རིལ། མཆོག་གླིང་གཏེར་རྫས་གུ་རུ་ཡབ་ཡུམ་གྱི་བྱང་སེམས། དམ་རྫས་རོལ་པ་ཆེན་པོ། དགའ་རབ་རྡོ་རྗེ། རིག་འཛིན་བརྒྱད། གུ་རུ་རྗེ་འབངས་འདུས་པའི་ཆོས་སྨན་སོགས་ཁག་དྲུག །སངས་རྒྱས་གསང་བའི་རྡོར་སེམས་རིལ་བུ། ཐུགས་ཆེན་སྒྲུབ་རིལ་གུ་རུའི་ཕྱག་བསྒྲིལ་མ་ཁག་གཉིས། སྨན་གྱི་རིལ་བུ་དང་། དོན་གྲུབ་གི་ཝཾ། བི་མ་ [41a] ལའི་ཚེ་རྫས། མཚོ་རྒྱལ་ཀྱི་ཚེ་བཅུད། གུ་ཎའི་གཏེར་རྫས་ཐོད་ཕྲེང་སྡེ་ལྔ་དང་། གུ་རུ་ཡབ་ཡུམ་གྱི་བྱང་སེམས། ཉེ་སྲས་བརྒྱད་ཀྱི་དམ་རྫས། པད་འབྱུང་། མཚོ་རྒྱལ། མནྡ་ར་ཝ། བི་མ་ལ། བཻ་རོ་རྣམས་ཀྱི་ཚེ་རིལ། རིག་འཛིན་བརྒྱད་ཀྱི་བསྒྲུབས་སྨན། གཏེར་ཆེནན་རྣམ་གསུམ་གྱི་གཏེར་རྫས་གང་བཞུགས་གཏའ་སྤེལ་རྩ་ཕབ་ཕྱག་བསྟར་མ། སྒྲུབ་རིལ་དང་སྨན་སྒྲུབ་ཚེ་རྫས་བཅས་ཁག་མང་། གསུམ་ཀའི་སྐུ་གདུང་སོགས་བྱིན་རྟེན། སངས་རྒྱས་བྱང་སེམས་རིག་འཛིན་མཁན་སློབ། ཆོས་རྒྱལ་ཡབ་སྲས། ནམ་སྙིང་། གཉགས་ལོ། བཻ་རོ། རླངས་དཔལ་སེང་སོགས་ཀྱི་རིང་བསྲེལ་བྱིན་རྟེན། མཆོག་གི་སྤྲུལ་སྐུ་གསུམ་དང་། འཁྲུལ་མེད་གླིང་པ་བཅུ་གཅིག་གཙོས་གཏེར་སྟོན་བརྒྱ་རྩ་ལྷག་གི་སྐུ་གདུང་སྐུ་བལ་གཏེར་རྫས་བསྒྲུབས་སྨན། གནུབས་ཆེན། ཟུར་ཆེན། ཀཿཐོག་དམ་གཙང་བྱམས་གསུམ། སོ་དང་རོག་གི་བླ་བརྒྱུད་རྣམས་ཀྱི་དམ་རྫས་བསྒྲུབས་སྨན། ཚུལ་ཁྲིམས་རྡོ་རྗེ་ནས་བསྟན་པའི་ཉི་མའི་བར་ལྷ་ལུང་གསུང་སྤྲུལ་སྐུ་ཕྲེང་བརྒྱད་ཀྱི་གདུང་ [41b] སོགས་བྱིན་རྟེན་བསྒྲུབ་སྨན་ཚེ་རིལ། གཏེར་ཆེན་དང་ལོ་ཆེན་ནས་ཁྲི་བདེ་ཆེན་མཆོག་གྲུབ་བར་གྱི་སྨིན་གླིང་གདུང་བརྒྱུད་མཆེད་ཞལ་རིམ་བྱོན་གྱི་སྐུ་གདུང་སྐུ་བལ་བསྒྲུབས་སྨན་ཚེ་བཅུད་སོགས། སྔ་འགྱུར་དམ་རྫས་སྟོང་ཕྲག་ལྷག་ཙམ་བཞུགས་པའི་རྟེན་བསྡུས་བཅས་བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་ལས་བྱིན་རྟེན་མྱང་གྲོལ་སེལ་མེད་ཁུངས་ལྡན་གྱི་རིགས་ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ལག་ཏུ་གང་འབྱོར་རྣམས་དད་པས་འགྲོ་ཕན་ཆེད་ཕྱོགས་གཅིག་ཏུ་བསྡུས་ཏེ་སྤེལ་བ་ཡོངས་ལ་ཁྱབ་ཅིང་སྨན་པའི་རྒྱུར་གྱུར་ཅིག། །། ༈ །ཕྱི་འགྱུར་ཕྱོགས་ཀྱི་རྟེན་བསྡུས་རིལ་བུ་ཕན་བདེའི་ཟླ་གཞོན་འདིའི་ནང་དུ། རྗེ་མཁྱེན་བརྩེས་གསར་ཕྱོགས་ཀྱི་བྱིན་རྟེན་ཁུངས་ལྡན་སྟོང་ཕྲག་གཉིས་ལྷག་ཙམ་རྟེན་བསྡུས་སུ་སྦྱར་བར་མཛད་པའི་རྩ་ཕབ་སྟེང་། སངས་རྒྱས་ཀྱི་རིང་བསྲེལ། ཐོགས་མེད། ས་ར་ཧ། ཤཱཀྱ་ཤྲཱི། ཟངས་མཁར་ལོ་ཙཱ། ཐར་ལོ། འགོས་ལོ་རྣམས་དང་། ས་ཆེན་ཀུན་སྙིང་། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ཀུན་དགའ་རྒྱལ་མཚན། ཆོས་རྒྱལ་འཕགས་པ་སྟེ་གོང་མ་ལྔ། བསོད་ [42a] ནམས་རྒྱལ་མཚན། ཐེག་ཆེན་ཆོས་རྒྱན། ངོར་ཆེན་ཀུན་བཟང་། ཚར་ཆེན་བློ་གསལ་རྣམས་ཀྱི་སྐུ་གདུང་སྐུ་ཚལ་སྒོམ་ཐག་སོགས་བྱིན་རླབས་དང་། དེ་རྣམས་ཀྱིས་བསྒྲུབས་པའི་བདུད་རྩི་རིལ་བུ། མཁའ་འགྲོ་ནི་གུ། ཁྱུང་པོ་རྣལ་འབྱོར། ཕྱ་པ་ཆོས་སེང་། འཆད་ཁ་བ། རྒོད་ཕྲུག་གྲགས་འབྱུང་། བུ་སྟོན་རིན་ཆེན་གྲུབ། བོ་དོང་འཇིགས་བྲལ། ཀུན་དགའ་གྲོལ་མཆོག །ཏཱ་ར་ན་ཐ་རྣམས་ཀྱི་སྐུ་གདུང་སྐུ་བལ་སོགས། ས་ངོར་ཚར་གསུམ་ཤངས་ཆོས་བུ་ཞལ་བོ་དོང་ཇོ་ནང་ཕྱོགས་ཀྱི་བྱིན་རྟེན་སེལ་མེད་ཁུངས་ལྡན་རིགས་ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ལག་ཏུ་གང་འབྱོར་དད་པས་འགྲོ་ཕན་ཆེད་ཕྱོགས་གཅིག་ཏུ་སྤེལ་བ་ཡོངས་ལ་ཁྱབ་པར་གྱུར་ཅིག སརྦ་དཱ་མངྒ་ལཾ།། །། ༈ །བཀའ་བརྒྱུད་ཕྱོགས་ཀྱི་རྟེན་བསྡུས་རིལ་བུ་འབྲེལ་ཚད་དོན་ལྡན་འདི་ནང་། སངས་རྒྱས་ཀྱི་འཕེལ་གདུང་ཉེར་ཅིག །ཏཻ་ལོ་པའི་དབུ་ཐོད་དང་རྒྱན་དྲུག་ཚེ་རྫས། ནཱ་རོ་པའི་རྒྱན་དྲུག །ཐུགས་དམ་རྟེན་རྡོ་རྗེ་རྣལ་འབྱོར་མའི་རིང་བསྲེལ། མཻ་ཏྲི་པའི་སྒོམ་ཐག་དང་ཚེ་རྫས། [42b] ཤ་ཝ་རི་པའི་དྲྭ་ཕད། མར་པའི་ཞལ་འགྲམ། མི་ལའི་སྒོམ་ཐག །རས་ཆུང་པའི་སྒོམ་ཐག་དང་ཚེ་རིལ། དྭགས་པོའི་སྐུ་གདུང་དང་སྤུར་རྡོ། དུས་མཁྱེན་གྱི་དབུ་ཐོད་དང་དབུ་ཀླད། ཕག་གྲུའི་སྐུ་གདུང་། དར་མ་མདོ་སྡེའ་སྐུ་གདུང་། གླིང་རས། ཞི་བ་འོད། སྒ་ལོ། རྒྱ་རས། ལོ་རས། རང་བྱུང་རྡོ་རྗེ། སྤྱན་སྔ་གཞོན་ནུ་དཔལ། ཡང་དགོན་པ། སྟག་ལུང་པ་སངས་རྒྱས་ཡར་བྱོན། སྟག་ལུང་ཐང་པ། སངས་རྒྱས་དཔོན་རྣམས་ཀྱི་བྱིན་རྟེན་རིགས། ཀརྨ་པའི་རིལ་ནག་ཕོན་ཆེ། འབྲུག་པའི་འཇའ་ཚུགས་རྙིང་པ། བདེ་ཆེན་ཆོས་འཁོར་དང་གསང་སྔགས་ཆོས་གླིང་གི་རྟེན་ཁྲོད་ལས་ཕེབས་པའི་བྱིན་རྟེན་ཁག་བརྒྱད་ཅུ་ལྷག་ཙམ་བཅས་ཀར་འབྲུག་འབྲི་སྟག་ཕྱོགས་ཀྱི་བྱིན་རྟེན་སེལ་མེད་རིགས་ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ལག་ཏུ་གང་འབྱོར་དད་པས་འགྲོ་ཕན་ཆེད་ཕྱོགས་གཅིག་ཏུ་སྤེལ་བ་མངྒ་ལཾ།། །། ༈ །བཀའ་གདམས་གསར་རྙིང་གི་རྟེན་བསྡུས་རིལ་བུ་འཛམ་བུའི་ཆུ་གསེར་འདི་ནང་། སྟོན་པ་ཤཱཀ་ཐུབ་དང་། འོད་སྲུང་གི་འཕེལ་གདུང་། ཤཱ་རིའི་བུ། [43a] གསེར་གླིང་པ། ཨ་ཏི་ཤ གྲུབ་ཆེན་ལ་ལི་ཏ། རྔོག་ལོ། གླང་ཐང་པ། སྣེའུ་ཟུར་པ། སེང་གེ་བཟང་པོ། དངུལ་ཆུ་ཐོགས་མེད། ནོར་བཟང་རྒྱ་མཚོ། ལྷ་བཙུན་ཡེ་ཤེས་འོད། རྗེ་ཙོང་ཁ་པ། རྒྱལ་ཚབ་རྗེ། མཁས་གྲུབ་རྗེ། བྱང་རྩེ་ཚུལ་ཁྲིམས་ཆོས་འཕེལ། རྔོག་དོན་ཡོད། དབེན་ས་པ། སྙེ་ཐང་འཆིང་རུ། ཀློང་བརྡོལ་བླ་མ། རོང་སྟོན་ཤེས་ཀུན། བྲག་ཡབ་བློ་ལྡན། རྒྱལ་བ་དགེ་འདུན་གྲུབ། དགེ་འདུན་རྒྱ་མཚོ། བསོད་ནམས་རྒྱ་མཚོ། བློ་བཟང་རྒྱ་མཚོ། སྐལ་བཟང་རྒྱ་མཚོ། ལུང་རྟོགས་རྒྱ་མཚོ། ཚུལ་ཁྲིམས་རྒྱ་མཚོ། ཕྲིན་ལས་རྒྱ་མཚོ། ཐུབ་བསྟན་རྒྱ་མཚོ། པཎ་ཆེན་བློ་བཟང་ཆོས་རྒྱན། དཔལ་ལྡན་ཡེ་ཤེས། བློ་བཟང་ཡེ་ཤེས། བསྟན་པའི་ཉི་མ་རྣམས་ཀྱི་སྐུ་བ་ལ་ཕྱག་ཕྲེང་ཚེ་བཅུད། ལྷག་ལྷའི་བསྙེན་རིལ། ནོར་སྒྲུབ་རིལ་བུ་སོགས་དང་། གཞུང་གི་རྟེན་འདུས་རྙིང་པ་དང་གསར་སྤེལ། མ་ཎི་རིལ་བུ་བཅས་དབུ་གཡོར་ལྗོངས་འདིའི་དགེ་ཕྱོགས་ཀྱི་བྱིན་རྟེན་སེལ་མེད་རིགས་ [43b] ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ལག་ཏུ་གང་འབྱོར་དད་པས་འགྲོ་ཕན་ཆེད་རྟེན་བསྡུས་སུ་སྤེལ་བ་དགེ། །། ༈ །ས་ཆུ་འབྱུང་བཅུད་རིལ་བུའི་དཀར་ཆག་ཕན་བདེའི་མྱུ་གུ་ཞེས་བྱ་བ་བཞུགས། ཨོཾ་སྭསྟི། ས་ཆུ་འབྱུང་བཅུད་ཀུན་འདུས་ཀྱི་རིལ་བུ་འདོད་འཇོའི་ལྗོན་ཤིང་འདིར། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་འཛམ་གླིང་ལན་གསུམ་བསྐོར་བའི་ས་སྣ་ཆུ་སྣ། དེ་ཉིད་ཀྱི་ཕྱག་མཁར། རིག་འཛིན་ཚེ་དབང་ནོར་བུས་བསྡུས་པའི་ས་སྣ་ཆུ་སྣ་དང་། གངྒ། ཡ་མུ་ནཱ། ས་ར་སྭསྟི་གསུམ་བསྡུས་ཀྱི་རིལ་བུ། བླ་བྲང་རྒྱལ་མཚན་མཐོན་པོའི་ཕྱག་ནས་བྱུང་བའི་རྒྱ་བོད་ཐམས་ཅད་ཀྱི་ས་སྣ་ཆུ་སྣ་ཤིང་སྣ། བྱང་ཆུབ་ལྗོན་ཤིང་གི་ལོ་འབྲས། རྒྱ་གར་རྡོ་རྗེ་གདན་གྱི་ས། མཆོད་རྟེ་རྣམ་དག་དང་དཀའ་ཐུབ་མཆོད་རྟེན་གྱི་སྐུ་དཀར། བྲག་དམར་བྱ་ཁྱུང་ཚལ་དང་། མཱ་ར་ཏི་ཀའི་རྡོ། རྩྭ་མཆོག་གྲོང་གི་མཆོད་རྟེན་སྐུ་དཀར་དང་ས་རྡོ། མཆོད་རྟེན་བདེ་བྱེད་བརྩེགས་པའི་ས། བྱ་རྒོད་སྤུངས་རི། ཡངས་པ་ཅན། པུཥྤ་ཧ་རི། ཆུ་བོ་ནཻ་རཉྫ་ན། གངྒཱ། ཤཱི་གི་རི་སོགས་ [44a] རྒྱལ་བའི་ཞབས་ཀྱིས་བཅགས་ཤིང་མཁས་གྲུབ་རྣམས་ཀྱི་གནས་དང་གདན་ས་ཡོངས་གྲགས་ཕལ་མོ་ཆེའི་ས་སྣ་ཆུ་སྣ་བྱེ་མ་རྡོ་ཤིང་མེ་ཏོག་རིགས། བལ་ཡུལ་འཕགས་པ་ཤིང་ཀུན་གྱི་སྲོག་ཤིང་རྙིང་པའི་ཆ་ཤས་དང་ས་རྡོ། བྱ་རུང་ཁ་ཤོར། སྟག་མོ་ལུས་སྦྱིན། ཡང་ལེ་ཤོད། ཨ་སུ་རའི་བྲག་ཕུག ཆུ་མིག་བྱང་ཆུབ་རིང་མོ། ཁོལ་ལོ་ཁོམ་སྒྲོལ་མ། འཕགས་པ་དབུ་གང་སོགས་ཀྱི་ས་སྣ་ཆུ་སྣ། སྟོན་པའི་སྐུ་ཆོས་འགེལ་བའི་ལྗོན་ཤིང་གི་ཤུན་པ། མཚོ་པདྨ་ཅན་གྱི་ཆུ་ཤིང་ས། ཀླུ་སྒྲུབ་ཀྱི་ཕྱག་ཕྲེང་གཏོར་བར་གྲགས་པའི་ཤིང་། སྐྱིད་གྲོང་འགས་པ་ཝ་ཏི། པུ་རོང་ཁ་ཁ་ཆར་ཇོ་བོ་སོགས་ཀྱི་ས་སྣ། བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་སྐུ་དཀར། པྲེ་ཏ་པུ་རི་ཅུ་གང་དང་། སློབ་དཔོན་རིན་པོ་ཆེའི་ཚེ་ཆུ་ཚེ་རིལ་སོགས་མངའ་རིས་སྐོར་གསུམ་གྱི་ས་ཆུ། གངས་རིའི་གངས་ཏིག ལྷ་བཙག སྐུ་ཤ་སོགས་གནས་ས། མཚོ་མ་ཕམ་གྱི་རྡེའུ། བྱེ་མ་སྣ་ལྔ། ས་ཆུ་རྩྭ་སྣ། ལ་ཕྱིའི་གངས་ཏིག་དང་ས་རྡོ་སོགས། མི་ལའི་རྫོང་དྲུག་གི་ས་སྣ། དིང་རི། རྩིབས་རི། ཟང་ཟང་ལྷ་བྲག རི་ [44b] བོ་དཔལ་འབར། གུང་ཐང་། རི་ཀུན་ཏུ་གཟིགས་སོགས་ལ་སྟོད་ཕྱོགས་ཀྱི་གནས་ཆེན་མང་པོའི་ས་ཆུ་ཤིང་སྣ། མུ་གུ་ལུང་། གནམ་ཁའུ། ས་སྐྱ། ཁོར་ཕུ། ངོར། ཞ་ལུ། ཇོ་ནང་། ཟམ་བུ་ལུང་། ཞང་ཞང་རྡོ་རྗེ་གདན། ཤངས་མདའ་དཔལ་ཆེན། བཀྲ་ཤིས་ལྷུན་པོ། དཔལ་འཁོར་བདེ་ཆེན། གནས་རྙིང་། སྟག་སྣ། འབྲུག་ར་ལུང་སོགས་གཙང་ཕྱོགས་ཀྱི་གནས་ཆེན་དང་ཆོས་སྡེ་མང་པོའི་ས་རྡོ་ཆུ་ཤིང་། ཇོ་ནང་སྐུ་འབུམ། སྣར་ཐང་བཀྲ་ཤིས་སྒོ་མང་། ལོངས་སྤྱོད་འབུམ་པ། སྣར་ཐང་གཡུ་འབུམ། ཐང་ལ་བྲག་སྐྱེས་སོགས་ཀྱི་ས་སྣ། ལྷ་ས་ཇོ་བོའི་ལྷུང་བཟེད་ནང་གི་ནས། ཇོ་ཁང་རྣམ་གསུམ་གཙོས་ལྷ་ས། བསམ་ཡས། ཁྲ་འབྲུག་སྟེ་ཆོས་འཁོར་གསུམ་དང་། ཡེར་པ་ཟླ་བ་ཕུག སྒྲགས་ཡང་རྫོང་། མཁར་ཆེན་གནས། མཆིམས་ཕུ། ཡུམ་བུ་བླ་མཁར། གཡའ་མ་ལུང་། ཤེལ་བྲག ལྷོ་བྲག་མཁར་ཆུ། གནམ་སྐས་ཅན། གྲོ་བོ་ལུང་། སྨྲ་བོ་ལྕོག གུ་རུ་ལྷ་ཁང་། སྤ་གྲོ་སྟག་ཚང་དང་བྲག་དཀར་པོ། བུམ་ཐང་སྐུ་རྗེས། [45a] བྱམས་པའི་ལྷ་ཁང་། སྤུངས་ཐང་ཁ། ནེ་རིང་སེང་གེ་རྫོང་སོགས་དབུས་དང་ལྷོ་མོན་ཕྱོགས་ཀྱི་སློབ་དཔོན་རིན་པོ་ཆེ་དང་བཀའ་བརྒྱུད་གོང་མ་རྣམས་ཀྱི་སྒྲུབ་གནས་ཕལ་མོ་ཆེའི་ས་རྡོ་ཆུ་ཤིང་། འབྲས་ལྗོངས་བྲག་དཀར་བཀྲ་ཤིས་སྡིངས་གཙོས་ལུང་ལྔ་ལྗོངས་གསུམ་གླིང་བཞི་ཕལ་ཆེར་གྱི་ས་ཆུ་ཤིང་སྣ། སྒྲགས་མདའ་མཚོ་རྒྱལ་སྐུ་ཤིང་དང་ས་ཆུ། སློབ་དཔོན་གསོལ་ཞོ་རང་བྱུང་། སྙེ་ཐང་། གསང་ཕུ། རྭ་སྒྲེང་། ཐང་པོ་ཆེ། མཚུར་ཕུ འབའི་ར། གྲུ་བཞི། གནས་གནང་། ཡངས་པ་ཅན། རས་ཆུང་སྦུག གདན་ས་ཐེལ། ཚལ་གུང་ཐང་། ཟངས་རི་མཁེ་དམར། སྣ་ཕུ། རྡོ་རྗེ་བྲག སྨིན་གྲོལ་གླིང་། དཔལ་རི། གངས་དཀར་རྡོ་རྗེ་གདན། ན་ལེནྡ། ཡར་ལུང་འབུམ་གསུམ། ཤ་ར་འབུམ་པ། འབྲུག་བདེ་ཆེན་ཆོས་འཁོར། གསང་སྔགས་ཆོས་གླིང་། འབྲི་གུང་ཐེལ་དང་ཏི་སྒྲོ། སྟག་ལུང་། གཞུང་ས་རྩེ་ཤོད། སེར་འབྲས་དགེ་གསུམ་སོགས་ཆོས་སྡེ་ཕལ་ཆེ་བའི་ཐབས་ས་སྣ། རྟེན་གསུམ་གྱི་བག་རྡུལ། རྩེ་དང། ནོར་བུ་གླིང་ཁ། [45b] ཀུན་བདེ་གླིང་སོགས་བླ་བྲང་ཆེ་ཁག་མང་པོའི་གསོལ་ཐབ་ནས་བྱུང་བའི་ཇ་མར་ཚ་བུལ། བྱང་གནམ་མཚོའི་རིལ་ནག་དང་བྱེ་མ་རྩྭ་ཆུ། ཐང་ལྷ་སོགས་སྲིད་པའི་གཉན་ཆེན་མང་པོའི་ས་རྡོ། དྭགས་ལྷ་སྒམ་པོ་སོགས་བྱར་དྭགས་ཉང་གསུམ་གྱི་གྱི་གནས་ཕལ་མོ་ཆེའི་ས་ཆུ། ཀཱ་ལ་དུང་མཚོ་ནས་བྱུང་བ་སོགས་ཙཱ་རིའི་སིནྡྷུ་ར་དང་རྩྭ་ཀླུ་བདུད་རྡོ་རྗེ། ཕག་མོའི་སྐུ་ཤུག །མཁའ་འགྲོ་མགྲོན་བུ་སོགས་ས་ཆུ་ཤིང་སྣ། ཧཱ་རི་གསར་མ། མཚོ་དཀར། ཙཱ་གོང་། བོན་རི། རྒྱ་ལ་སོགས་ཀོང་ཡུལ་གནས་ཆེན་ཕལ་མོ་ཆེ་དང་། དགའ་བ་ལུང་སོགས་སྤུ་བོའི་གནས་ཆེན་རྣམས་ཀྱི་ས་ཆུ་རྡོ་ཤིང་། སྦས་ཡུལ་པདྨ་བཀོད་ཀྱི་རྡོར་སེམས་ཕོ་བྲང་། བུདྡྷ་ཚེ་ཕུག ཀཱི་ལ་ཡང་རྫོང་བཅས་ཀྱི་ས་ཆུ་ཤིང་སྣ་དང་སིནྡྷུ་ར། ཤེལ་མཁར་ལུང་། མཁའ་འགྲོ་གསང་བའི་བླ་རྡོ་སོགས་ས་ཆུ་ཤིང་སྣ། ཁམས་ཀྱི་གླང་ཐང་སྒྲོལ་མ། ཤེ་ལེ་རྫོང་དྲུག སྐྱི་འབྱམས་གཙང་གཤིས། ཟིལ་ཁྲོམ། འབོ་གངས་དཀར་སོགས་ཁམས་ཕྱོགས་སུ་སློབ་དཔོན་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་ཆེན་ཉེར་ལྔའི་ས་རྡོ་ཆུ་ཤིང་། ཀརྨ་རི་ [46a] གླིང་། ལྷ་སྟེང་། གནད་མདོ། ཁྲ་སྦོམ་ཕྲག ཤར་ཕྱོགས་སྤུངས་རི། ཀམ་པོ་གནས་ནང། འདོ་བ་སྤང་ཕུག་སོགས་བཀའ་བརྒྱུད་ཀྱི་གདན་ས་ཡོངས་གྲགས་རྣམས་ཀྱི་ས་རྡོ་ཆུ་ཤིང་། གཙུག་ལག་ཁང་དང་རྟེན་གསུམ་ས་རྡུལ། གངས་ཏིག་ཀོ་རཉྫ་ཁྱུང་སྑྱུགས་སོགས་ས་རྡོ་ཁྱད་ཅན་རིགས། ཀཿཐོག་འབུམ་གསུམ་སོགས་གདན་ས་དང་གནས་ཁྱད་ཅན་རྣམས་ཀྱི་ས་སྣ། རོང་བཙན་ཁ་བ་དཀར་པོ། བཙན་རྒོད་རི་བཀྲ། འཇང་ཡུལ་རི་བོ་བྱ་རྐང་། ཏཱ་ལའི་མཚོ་ཆེན། འཇང་རི་སྨུག་པོ། ཕོ་བྲང་ལྔ་བརྩེགས་སོགས་ཀྱི་ས་རྡོ་ཆུ་ཤིང་། རྒྱལ་མོ་དམུ་རྡོ་སོགས་རྒྱལ་རོང་ཕྱོགས་དང་། ཨ་མདོ་དུང་རི། རྗེ་སྐུ་འབུམ། བྱམས་པ་འབུམ་ལོང་། ལོ་ཀྱའི་བདེ་མཆོག་སོགས་མདོ་སྨད་ཤར་ཕྱོགས་ཀྱི་ཡུལ་དང་། རྒྱ་ནག་རི་བོ་རྩེ་ལྔ། གླང་ཆེན་འགྱིང་རི། སྤྲུལ་པ་སྡེའི་ལྷ་ཁང་སོགས་ཀྱི་ས་ཆུ་རྩྭ་ཤིང་མེ་ཏོག །འཇམ་དབྱངས་གོང་མའི་ཕོ་བྲང་ཕྱི་ནང་ཞིང་ཆེན་བཅོ་བརྒྱད་སོགས་ཀྱི་ས་སྣ་གཅིག་དྲིལ། ཤར་ཕྱོགས་རྒྱ་མཚོར་ཡོད་པའི་རི་བོ་ཏཱ་ལའི་ཙནྡ་དཀར་དམར། རྨ་རྒྱལ་སྦོམ་ར། སྒྱོགས་ཆེན་ [46b] གདོང་ར་སོགས་གཉན་ཆེན་རྣམས་ཀྱི་ས་རྡོ། སྤུངས་རི་དང་རི་བཀྲའི་ཨར་ནག དགའ་ལྡན་མཁན་པ། ར་སྒྲེང་ཤུག་པ་སོགས་སྒྲུབ་གནས་མང་པོའི་བཟང་ཤིང་། གོང་གསལ་གནས་མཆོག་མང་པོའི་ཚེ་ཆུ། ཆུ་མྱང་གྲོལ་གྱི་རིགས། རྒྱུད་སྡེའི་སྒྲུབ་མཆོད་གསར་རྙིང་མང་པོའི་རྡུལ་ཚོན། ཞི་རྒྱས་སྦྱིན་སྲེག་གི་ཐལ་བ་སྣེ་མང་། སྒྲུབ་ཆེན་མང་པོའི་རྡུལ་ཚོན་དང་བུམ་ཆུ། དྲི་མེད་རྣམ་གཉིས། སྦྱོང་རྒྱུད་སོགས་ཀྱི་བྱེ་མ་ཆེད་བསྔགས། བུམ་རྫས་ཉེར་ལྔ། ཀླུ་སྨན། རྒྱ་བལ་བོད་ཡུལ་དུ་སྐྱེས་པའི་དུག་རིགས་མ་འདྲེས་པའི་སྨན་སྣ་ཚོགས། འབྲུ་ནག་གི་རིགས་མ་ཡིན་པའི་འབྲུ་སྣ་ཚོགས། དམན་པ་མ་ཡིན་པའི་རིན་པོ་ཆེ་སྣ་ཚོགས་བཅས་ལེགས་པར་སྦྱར་ཏེ། ས་ཡི་སྙིང་པོའི་ཆོ་ག་དང་། སྒྲུབ་ཆེན་སོགས་ཀྱི་སྐབས་སུ་བཅུད་བསྟིམས་བྱིན་བརླབས་བགྱིས་པ་དེ་ཉིད་རྟེན་གྱི་ནང་གཞུག བུམ་གཏེར་དང་གཡང་རྫས་སོགས་ལ་མཆོག་ཏུ་ཤིས་སོ། །ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་གཞན་ཕན་གྱི་བཙས་སུ་སྤེལ་བ་དགེ། །། ༈ །གཡང་རྫས་རིལ་བུའི་དཀར་ཆག་ངོ་མཚར་དགའ་སྐྱེད་ཅེས་བྱ་བ། [47a] ཨོཾ་སྭསྟི། བརྟན་གཡོ་སྲིད་ཞིའི་བཅུད་བསྡུས་གཡང་རྫས་རིལ་བུ་ཡིད་བཞིན་ནོར་བུ་འདི་ཉིད་ཀྱི་ནང་དུ། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་འཛམ་གླིང་ལན་གསུམ་བསྐོར་བའི་ས་སྣ་ཆུ་སྣ། དེ་ཉིད་ཀྱི་ཕྱག་མཁར། རིག་འཛིན་ཚེ་དབང་ནོར་བུས་བསྡུས་པའི་ས་སྣ་ཆུ་སྣ་དང། གངྒཱ། ཡ་མུ་ནཱ། ས་ར་སྭསྟི་གསུམ་བསྡུས་ཀྱི་རིལ་བུ། བླ་བྲང་རྒྱལ་མཚན་མཐོན་པོའི་ཕྱག་ནས་བྱུང་བའི་རྒྱ་བོད་ཐམས་ཅད་ཀྱི་ས་སྣ་ཆུ་སྣ་ཤིང་སྣ། བྱང་ཆུབ་ལྗོན་ཤིང་གི་ལོ་འབྲས། རྒྱ་གར་རྡོ་རྗེ་གདན་གྱི་ས། མཆོད་རྟེན་རྣམ་དག་དང་དཀའ་ཐུབ་མཆོད་རྟེན་གྱི་སྐུ་དཀར། བྲག་དམར་བྱ་ཁྱུང་ཚལ་དང་། མ་རཱ་ཏི་ཀའི་རྡོ། རྩྭ་མཆོག་གྲོང་གི་མཆོད་རྟེན་སྐུ་དཀར་དང་ས་རྡོ། མཆོད་རྟེན་བདེ་བྱེད་བརྩེགས་པའི་ས། བྱ་རྒོད་སྤུངས་རི། ཡངས་པ་ཅན། པུཥྤ་ཧ་རི། ཆུ་བོ་ནཻ་རཉྫ་ན། གངྒཱ། ཤཱི་གི་རི་སོགས་རྒྱལ་བའི་ཞབས་ཀྱིས་བཅགས་ཤིང་མཁས་གྲུབ་རྣམས་ཀྱི་གནས་དང་གདན་ས་ཡོངས་གྲགས་ཕལ་མོ་ཆེའི་ས་སྣ་ཆུ་སྣ་བྱེ་མ་རྡོ་ཤིང་མེ་ཏོག་རིགས། བལ་ཡུལ་འཕགས་པ་ཤིང་ཀུན་ [47b] གྱི་སྲོག་ཤིང་རྙིང་པའི་ཆ་ཤས་དང་ས་རྡོ། བྱ་རུང་ཁ་ཤོར། སྟག་མོ་ལུས་སྦྱིན། ཡང་ལེ་ཤོད། ཨ་ ང་སོགས་ཀྱི་ས་སྣ་ཆུ་སྣ། སྟོན་པའི་སྐུ་ཆོས་འགེལ་བའི་ལྗོན་ཤིང་གི་ཤུན་པ། མཚོ་པདྨ་ཅན་གྱི་ཆུ་ཤིང་ས། ཀླུ་སྒྲུབ་ཀྱི་ཕྱག་ཕྲེང་གཏོར་བར་གྲགས་པའི་ཤིང་། སྐྱིད་གྲོང་འཕགས་པ་ཝ་ཏི། པུ་རོང་ཁ་ཁ་ཆར་ཇོ་བོ་སོགས་ཀྱི་ས་སྣ། བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་སྐུ་དཀར། པྲེ་ཏ་པུ་རིའི་ཆུ་གང་དང་། སློབ་དཔོན་རིན་པོ་ཆེའི་ཚེ་ཆུ་ཚེ་རིལ་སོགས་མངའ་རིས་སྐོར་གསུམ་གྱི་ས་ཆུ། གངས་རིའི་གངས་ཏིག །ལྷ་བཙག སྐུ་ཤ་སོགས་གནས་ས། མཚོ་མ་ཕམ་གྱི་རྡེའུ། བྱེ་མ་སྣ་ལྔ། ས་ཆུ་རྩྭ་སྣ། ལ་ཕྱིའི་གངས་ཏིག་དང་ས་རྡོ་སོགས། མི་ལའི་རྫོང་དྲུག་གི་ས་སྣ། དིང་རི། རྩིབས་རི། ཟང་ཟང་ལྷ་བྲག །རི་བོ་དཔལ་འབར། གུང་ཐང་། རི་ཀུན་ཏུ་གཟིགས་སོགས་ལ་སྟོད་ཕྱོགས་ཀྱི་གནས་ཆེན་མང་པོའི་ས་ཆུ་ཤིང་སྣ། མུ་གུ་ལུང་། གནམ་ཁའུ། ས་སྐྱ། ཁྲོ་ཕུ། ངོར། ཞ་ལུ། [48a] ཇོ་ནང། ཟམ་བུ་ལུང་། ཞང་ཞང་རྡོ་རྗེ་གདན། ཤངས་མདའ་དཔལ་ཆེན། བཀྲ་ཤིས་ལྷུན་པོ། དཔལ་འཁོར་བདེ་ཆེན། གནས་རྙིང་། སྟག་སྣ། འབྲུག་ར་ལུང་སོགས་གཙང་ཕྱོགས་གནས་ཆེན་དང་ཆོས་སྡེ་མང་པོའི་ས་རྡོ་ཆུ་ཤིང་། ཇོ་ནང་སྐུ་འབུམ། སྣར་ཐང་བཀྲ་ཤིས་སྒོ་མང་། ལོངས་སྤྱོད་འབུམ་པ། སྣར་ཐང་གཡུ་འབུམ། ཐང་ལ་བྲག་སྐྱེས་སོགས་ཀྱི་ས་སྣ། ལྷ་ས་ཇོ་བོའི་ལྷུང་བཟེད་ནང་གི་ནས། ཇོ་ཁང་རྣམ་གསུམ་གཙོས་ལྷ་ས། བསམ་ཡས། ཁྲ་འབྲུག་སྟེ་ཆོས་འཁོར་གསུམ་དང་། ཡེར་པ་ཟླ་བ་ཕུག །སྒྲགས་ཡང་རྫོང་། མཁར་ཆེན་གནས། མཆིམས་ཕུ། ཡུམ་བུ་བླ་མཁར། གཡའ་མ་ལུང་། ཤེལ་བྲག ལྷ་བྲག་མཁར་ཆུ། བནམ་སྐས་ཅན། གྲོ་བོ་ལུང་། སྨྲ་བོ་ལྕོག གུ་རུ་ལྷ་ཁང་། སྤ་གྲོ་སྟག་ཚང་དང་བྲག་དཀར་པོ། བུམ་ཐང་སྐུ་རྗེས། བྱམས་པའི་ལྷ་ཁང་། སྤུངས་ཐང་ཁ། ནེ་རིང་སེང་གེ་རྫོང་སོགས་དབུས་དང་ལྷོ་མོན་ཕྱོགས་ཀྱི་སློབ་དཔོན་རིན་པོ་ཆེ་དང་བཀའ་བརྒྱུད་གོང་མ་རྣམས་ཀྱི་སྒྲུབ་གནས་ཕལ་མོ་ཆེའི་ [48b] ས་རྡོ་ཆུ་ཤིང་། འབྲས་ལྗོངས་བྲག་དཀར་བཀྲ་ཤིས་སྡིངས་གཙོས་ལུང་ལྔ་ལྗོངས་གསུམ་གླིང་བཞི་ཕལ་ཆེར་གྱི་ས་ཆུ་ཤིང་སྣ། སྒྲགས་མདའ་མཚོ་རྒྱལ་སྐུ་ཤིང་དང་ས་ཆུ། སློབ་དཔོན་གསོལ་ཞོ་རང་བྱུང་། སྙེ་ཐང་། གསང་ཕུ། རྭ་སྒྲེང་། ཐང་པོ་ཆེ། མཚུར་ཕུ། འབའི་ར། གྲུ་བཞི། གནས་ནང། ཡངས་པ་ཅན། རས་ཆུང་སྦུག །གདན་ས་ཐེལ། ཚལ་གུང་ཐལ། ཟངས་རི་མཁར་དམར། སྣ་ཕུ། རྡོ་རྗེ་བྲག །སྨིན་གྲོལ་གླིང་། དཔལ་རི། གངས་དཀར་རྡོ་རྗེ་གདན། ན་ལེནྡྲ། ཡར་ལུང་འབུམ་གསུམ། ཤ་ར་འབུམ་པ། འབྲུག་བདེ་ཆེན་ཆོས་འཁོར། གསང་སྔགས་ཆོས་གླིང་། འབྲི་གུང་ཐེལ་དང་ཏི་སྒོ། སྟག་ལུང་། གཞུང་ས་རྩེ་ཤོད། སེར་འབྲེས་དགེ་གསུམ་སོགས་ཆོས་སྡེ་ཕལ་ཆེ་བའི་ཐབ་ས་ས་སྣ། རྟེན་གསུམ་གྱི་བག་རྡུལ། རྩེ་དང་། ནོར་བུ་གླིང་ཁ། ཀུན་བདེ་གླིང་སོགས་བླ་བྲང་ཆེ་ཁག་མང་པོའི་གསོལ་ཐབ་ནས་བྱུང་བའི་ཇ་མར་ཚ་བུལ། བྱང་གནམ་མཚོ་རིལ་ནག་དང་བྱེ་མ་རྩྭ་ཆུ། ཐང་ལྷ་སོགས་སྲིད་པའི་གཉན་ཆེན་མང་པོའི་ས་རྡོ། དྭགས་ལྷ་སྒམ་པོ་སོགས་ [49a] བྱར་དྭགས་ཉང་གསུམ་གྱི་གནས་ཕལ་མོ་ཆེའ་ས་ཆུ། ཀཱ་ལ་དུང་མཚོ་ནས་བྱུང་བ་སོགས་ཙཱ་རིའི་སིནྡྷུ་ར་དང་རྩྭ་ཀླུ་བདུད་རྡོ་རྗེ། ཕག་མོའི་སྐུ་ཤུག །མཁའ་འགྲོ་མགྲོན་བུ་སོགས་ས་ཆུ་ཤིང་སྣ། ཙཱ་རི་གསར་མ། མཚོ་དཀར། ཙཱ་གོང་། བོན་རི། རྒྱ་ལ་སོགས་ཀོང་ཡུལ་གནས་ཆེན་ཕལ་མོ་ཆེ་དང་། དགའ་བ་ལུང་སོགས་སྤུ་བའི་གནས་ཆེན་རྣམས་ཀྱི་ས་ཆུ་རྡོ་ཤིང་། སྦས་ཡུལ་པདྨ་བཀོད་ཀྱི་རྡོར་སེམས་ཕོ་བྲང་། བུདྡྷ་ཚེ་ཕུག །ཀཱི་ལ་ཡང་རྫོང་བཅས་ཀྱི་ས་ཆུ་ཤིང་སྣ་དང་སིནྡྷུ་ར། ཤེལ་མཁར་ལུང་། མཁའ་འགྲོ་གསང་བའི་བླ་རྡོ་སོགས་ས་ཆུ་ཤིང་སྣ། ཁམས་ཀྱི་གླང་ཐང་སྒྲོལ་མ། ཤེ་ལེ་རྫོང་དྲུག །སྐྱི་འབྱམས་གཙང་གཤི། ཟིལ་ཁྲིམ། འབོ་གངས་དཀར་སོགས་ཁམས་ཕྱོགས་སློབ་དཔོན་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་ཆེན་ཉེར་ལྔའི་ས་རྡོ་ཆུ་ཤིང་། ཀརྨ་ར་གླིང་། ལྷ་སྟེ་། གནད་མདོ། ཁྲ་སྦོམ་བྲག །ཤར་ཕྱོགས་སྤུངས་རི། ཀཾ་པོ་གནས་ནང། འདོ་བ་སྤང་ཕུག་སོགས་བཀའ་བརྒྱུད་ཀྱི་གནས་དང་གདན་ས་ཡོངས་གྲགས་ [49b] རྣམས་ཀྱི་ས་རྡོ་ཆུ་ཤིང་། གཙུག་ལག་ཁང་དང་རྟེན་གསུམ་ས་རྡུལ། གངས་ཏིག་ཀོ་རཉྫ་ཁྱུང་སྐྱུགས་སོགས་ས་རྡོ་ཁྱད་ཅན་རིགས། ཀཿཐོག་འབུམ་གསུམ་སོགས་གདན་ས་དང་གནས་ཁྱད་ཅན་རྣམས་ཀྱི་ས་སྣ། རོང་བཙན་ཁ་བ་དཀར་པོ། བཙན་རྒོད་རི་བཀྲ། འཇང་ཡུལ་རི་བོ་བྱ་རྐང་། ཏཱ་ལའི་མཚོ་ཆེན། འཇང་རི་སྨུག་པོ། ཕོ་བྲང་ལྔ་བརྩེགས་སོགས་ཀྱི་ས་རྡོ་ཆུ་ཤིང་། རྒྱལ་མོ་དམུ་རྡོ་སོགས་རྒྱལ་རོང་ཕྱོགས་དང་། ཨ་མདོ་དུང་རི། རྗེ་སྐུ་འབུམ། བྱམས་པ་འབུལ་ལོང་། ལོ་ཀྱེའི་བདེ་མཆོག་སོགས་མདོ་སྨད་ཤར་ཕྱོགས་ཀྱི་ཡུལ་དང་། རྒྱ་ནག་རི་བོ་རྩེ་ལྔ། གླང་ཆེན་འགྱིང་རི། སྤྲུལ་པ་སྡེའི་ལྷ་ཁང་སོགས་ཀྱི་ས་ཆུ་རྩྭ་ཤིང་མེ་ཏོག །འཇམ་དབྱངས་གོང་མའི་ཕོ་བྲང་ཕྱི་ནང་ཞིང་ཆེན་བཅོ་བརྒྱད་སོགས་ཀྱི་ས་སྣ་གཅིག་དྲིལ། ཤར་ཕྱོགས་རྒྱ་མཚོར་ཡོད་པའི་རི་བོ། ཏཱ་ལའི་ཙནྡན་དཀར་དམར། རྨ་རྒྱལ་སྦོམ་ར། སྒྱོགས་ཆེན་གདོང་ར་སོགས་གཉན་ཆེན་རྣམས་ཀྱི་ས་རྡོ། སྤུངས་རི་དང་རི་བཀྲའི་ཨར་ནག །དགའ་ལྡན་མཁན་པ། ར་སྒྲེང་ཤུག་པ་སོགས་སྒྲུབ་གནས་མང་པོའི་བཟང་ཤིང་། གོང་ [50a] གསལ་གནས་མཆོག་མང་པོའི་ཚེ་ཆུ། ཆུ་མྱང་གྲོལ་གྱི་རིགས། རྒྱུད་སྡེའི་སྒྲུབ་མཆོད་གསར་རྙིང་མང་པོའི་རྡུལ་ཚོན། ཞི་རྒྱས་སྦྱིན་སྲེག་གི་ཐལ་བ་སྣེ་མང་། སྒྲུབ་ཆེན་མང་པོའི་རྡུལ་ཚོན་དང་བུམ་ཆུ། དྲི་མེད་རྣམ་གཉིས། སྦྱོང་རྒྱུད་སོགས་ཀྱི་བྱེ་མ་ཆེད་བསྔགས། བུམ་རྫས་ཉེར་ལྔ། ཀླུ་སྨན། རྒྱ་བལ་བོད་ཡུལ་དུ་སྐྱེས་པའི་དུག་རིགས་མ་འདྲེས་པའི་སྨན་སྣ་ཚོགས། འབྲུ་ནག་གི་རིགས་མ་ཡིན་པའི་འབྲུ་སྣ་ཚོགས། དམན་པ་མ་ཡིན་པའི་རིན་པོ་ཆེ་སྣ་ཚོགས་བཅས་ལེགས་པར་སྦྱར་ཏེ། བླ་མ་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒོ་ནས་ཚུལ་བཞིན་བསྒྲུབ་པར་བགྱིས་པའོ། །ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་སིདྡྷི་རསྟུ།། །། ༈ །འཇམ་མགོན་མི་ཕམ་རྣམ་པར་རྒྱལ་བའི་ཁྱད་ཆོས་ཟླ་ཤེལ་བདུད་རྩི་མ་སྨན་སྦྱོར་གཞུང་གསལ་ལྟར་ལ། རིན་ཆེན་མང་སྦྱོར་ཆེན་མོ་དང་། རིན་ཆེན་བཙོ་བཀྲུ། མི་ཕམ་ཉིད་ཀྱི་ཕྱག་སྦྱོར་ཟླ་ཤེལ་ཕབ་གཏའ་དང་བཅས་སྦྱར་ཚད་ལག་ལེན་ཚུལ་བཞིན་བསྒྲུབས་པའི་རིལ་བུ་འདི་ཉིད་བསྟེན་ [50b] པའི་ཕན་ཡོན་ཀྱང་། ཟླ་ཤེལ་བདུད་རྩི་ཞེས་བྱ་ཕོ་མཆིན་ནད། །དུག་དང་སྨུག་པོ་ཚད་པ་རྙིང་པ་དང་། །མ་ཞུ་དུག་ཐབས་གློ་བུར་གཟེར་གྱི་རིགས། །མདོར་ན་ཚ་གྲང་ནད་རིགས་གང་ལ་ཡང་། །བརྟག་པ་མི་དགོས་བཏང་བས་ཆོག་པ་ཡི། །བདུད་རྩི་མངོན་སུམ་ཉིད་ཡིན་ལག་ཏུ་ལོངས། དྷཱིཿཡིས་ཌཱ་ཀི་སྒྲུབ་པའི་དུས་སུ་བྲིས། །ནད་བརྒྱ་སྨན་གཅིག་ངོ་མཚར་ཁྱད་འཕགས་ས། །གཞན་ཡང་འདི་ཡི་ཡོན་ཏན་ནི། །ནད་རྙིང་རྩ་ལྟར་ཞེན་པ་འདག །ཟུངས་བདུན་སྐྱོན་བྲལ་འདུ་བ་སྙོམས། །མིག་གསལ་ཡིད་བདེ་གདོན་ཀུན་ཞི། །རྒྱུན་དུ་བསྟེན་ན་བཅུད་ལེན་འགྲུབ། །ལུས་སེམས་ནད་དུ་གྱུར་ཏོ་ཅོག །གང་ལ་བཏང་ཡང་ངེས་པར་ཕན། །དྲང་སྲོང་རིག་འཛིན་ཐུགས་རྗེའི་མཐུ། །སྨན་གྱི་ནོར་བུ་འདི་ཡོད་ན། །སྨན་གཞན་ཅི་ཡང་མེད་ཀྱང་སླ། །སྨན་གཞན་རྡུགས་ཀྱང་འདི་ཡིས་སེལ། །འདི་ལ་ཡོན་ཏན་ཚད་མེད་ཀྱང་། །བཤད་ན་ཕལ་པས་ཡིད་ཆེས་དཀའ། །ཚེགས་ཆུང་དོན་ཆེ་ཀུན་ལས་འཕགས། །བདེན་རྫུན་ལག་ཏུ་ལེན་གྱིས་དང་། །ངོ་མཚར་མཐོང་ [51a] བའི་ལམ་དུ་གསལ། །རྫས་ཀྱི་ནོར་བུ་སྔགས་ཀྱིས་བྱིན་བརླབས་ནས། །དད་པས་བསྟེན་ན་ལྷ་ཡི་བདུད་རྩིའི་མཆོག །མི་ཡི་ལག་ན་མངོན་སུམ་ཐོགས་པ་འདྲ། །དེ་ཕྱིར་འདི་ཉིད་གཅིག་པུས་འགྲོ་དོན་གྱིས། །ཞེས་གསུངས་པ་ལྟར་ལགས་སོ། །ཞེས་མེ་རྟ་དབྱུག་ཟླའི་ཉར་གསར་སྦྱར་སྐབས་ཀྱི་ཁ་བྱང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །། ༈ །ཨོཾ་སྭསྟི། སྨན་གྱི་ནོར་བུ་ཟླ་ཤེལ་བདུད་རྩི་མ། །གསང་སྨན་ཁ་བསྒྱུར་བྱིན་རླབས་ཕབ་ལྡན་འདི། །སྨན་རྟ་ཆུ་སྐོལ་ཇ་ཆང་སྐབས་དང་བསྟུན། །ཕོ་མཆིན་དུག་ནད་སྨུག་པོ་ཚད་རྙིང་དང་། །མ་ཞུ་དུག་ཐབས་གློ་བུར་གཟེར་ནད་སོགས། །ཚ་གྲང་ནད་ཀྱི་རིགས་གྱུར་གང་ལ་ཡང་། །བརྟག་མི་དགོས་པར་བཏང་བས་ཆོག་པ་ཡི། །བདུད་རྩི་མངོན་སུམ་ཉིད་ཡིན་ལག་ཏུ་ལོངས། །གཞན་ཡང་ནད་རྙིང་རྩི་ལྟར་ཞེན་པ་འདག །ཟུང་བདུན་སྐྱོན་བྲལ་ལུས་ཁམས་འདུ་བ་སྙོམས། །མིག་གསལ་ཡིད་བདེ་གདོན་གྱི་རིགས་ཀུན་ཞི། །ཡུན་དུ་བསྟེན་ན་འཆི་མེད་བཅུད་ལེན་འགྲུབ། །མདོར་ན་ལུས་སེམས་ནད་དུ་གྱུར་ཏོ་ཅོག །གང་ལ་བཏང་ཡང་ངེས་ [51b] པར་ཕན་པ་ཡི། །ནད་བརྒྱ་སྨ་གཅིག་ངོ་མཚར་ཁྱད་འགས་པ། །མི་ཕམ་རྣམ་པར་རྒྱལ་བའི་ཁྱད་ཆོས་ཏེ། །བླ་མའི་ཕྱག་བཞེས་མཐོང་བརྒྱུད་ལ་བརྟེན་ནས། །ཛྙཱ་ནས་འགྲོ་ཕན་ཕྱིར་དུ་སྤེལ་བ་དགེ། །།