ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཐོ་བཞི་རྒྱལ་ཐོ་འཛུགས་པའི་ལས་རིམ་བསྡུས་པ༔

From Dudjom Wiki
DUDJOM-THROMA-090
Wylie title chos nyid nam mkha'i klong mdzod las: tho bzhi rgyal tho 'dzugs pa'i las rim bsdus pa: DUDJOM-THROMA-090.pdf
Location khros ma'i sgrub skor
Volume 1, Text 90, Pages 873 (Folios 1a1 to 1a5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las tho bzhi rgyal tho 'dzugs pa'i las rim bsdus pa. In Khros ma'i sgrub skor: 873. Kalimpong: Mani Dorji, 1979.
Side notes Recto: rgyal tho bsdus pa  
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre King Poles - rgyal tho
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Colophon

ཞེས་པ་འདི་ཡང་ཕུག་སྤྲུལ་ངེས་དོན་ནས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་འཕྲལ་དུ་སྨྲས་པ་དགེ །དགེའོ།།

zhes pa 'di yang phug sprul nges don nas bskul ngor bdud 'joms rdo rjes 'phral du smras pa dge_/dge'o//

[edit]
ཐྷྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཐོ་བཞི་རྒྱལ་ཐོ་འཛུགས་པའི་ལས་རིམ་བསྡུས་པ་བཞུགས་སོ༔ ཨོཾ་སྭ་བྷཱ་ཝ་སོགས༔ སྟོང་པའི་ངང་ལས་གཏོར་མ་འདོད་རྒུ་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨ་ཀཱ་རོ་སོགས༔ ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་སྤྱན་དྲངས༔ བཻ་བཛྲ་ས་མ་ཡ་ཛ་ཛཿཧོཿ ཆོས་སྐྱོང་རྒྱལ་པོ་ཆེན་པོ་བཞི༔ སྔོན་གྱི་དམ་ཚིག་ཇི་བཞིན་དུ༔ ཆད་དོན་གཏོར་མ་འདི་བཞེས་ལ༔ སྒྲུབ་པའི་བར་ཆད་རྐྱེན་བཟློག་ཅིང་༔ དངོས་གྲུབ་སྲུང་བའི་སྲུང་མ་མཛོད༔ ལོག་པར་འདྲེན་པའི་དགྲ་བགེགས་ཐུལ༔ སྒྲུབ་པའི་མཚམས་འདི་མ་གྲོལ་བར༔ བྱ་ར་མེལ་རྩེ་མ་གཡེལ་བར༔ ཕྲིན་ལས་སྒྲུབས་ཤིག་ས་མ་ཡ༔ ཞེས་པ་འདི་ཡང་ཕུག་སྤྲུལ་ངེས་དོན་ནས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་འཕྲལ་དུ་སྨྲས་པ་དགེ །དགེའོ།། །།