TNR-SUNGBUM-03-HUM-Karchag

From Dudjom Wiki

[edit]
༄༅། །ཨོཾ་སྭསྟི། སྐྱབས་རྗེ་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ་མཆོག་གི་གསུང་འབུམ་པོད་གསུམ་པ་༼ཧཱུྃ༽རྟགས་ཅན་འདིར། གསོལ་འདེབས་ཀྱི་རིགས་ལྡེབ་༨ བདུད་འདུལ་གཡུལ་ལས་རྣམ་པར་རྒྱལ་བའི་མཆོད་རྟེན་ཆེན་མོའི་དཀར་ཆག་མདོར་བསྡུས་པའི་ཚུལ་དུ་བཀོད་པ་ནོར་བུ་བཻ་ཌཱུརྻའི་དོ་ཤལ་ལྡེབ་༡༠༦ གནས་མཆོག་སྤ་གྲོ་སྟག་ཚང་ལ་སྲི་ཞུ་བསྒྲུབས་པའི་ཕན་ཡོན་མདོར་བསྡུས་སུ་བརྗོད་པ་ལ་ལྡེབ་༡༥ མྱུར་བྱོན་གསོལ་འདེབས་རིགས་ལྡེབ་༡༠ ཞབས་བརྟན་གསོལ་འདེབས་རིགས་ལྡེ་༢༤ གསོལ་འདེབས་སྣ་ཚོགས་ལྡེབ་༣ ཐོར་བུའི་སྐོར་ཚོ་ལྡེབ་༨ ཚིག་བདུན་བླ་རྣལ་ལྡེབ་༧ ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱི་སྒྲུབ་ཐབས་ལྡེབ་༡༠ ཁྲོ་རྒྱལ་རྣམ་པར་རྒྱལ་བའི་སྒྲུབ་ཐབས་ལྡེབ་༡༠ ཁྲོས་མའི་སྒྲུབ་བསྡུས་ལྡེབ་༡༣ གཅོད་བསྡུས་ཚོགས་བསགས་དངོས་གྲུབ་ཆར་འབེབས་ལྡེབ་༦ ཐོར་བུའི་སྐོར་ཚོ་ལྡེབ་༡༨ པར་བྱང་སྨོན་ཚིག་ལྡེབ་༥ བཅས་ཆོས་ཚན་བཅུ་བཞི་དང་། གླེགས་བམ་གྱི་དཀར་ཆག་ལྡེབ་༡ བཅས་བསྡོམས་ལྡེབ་གྲངས་༢༤༥ བཞུགས། ༈ །བླ་མའི་ཕྲིན་ལས་ཆ་ཙམ་སྤེལ་སླད་དུ། །གསང་བདག་དགྱེས་པའི་གླིང་གི་སྒོམ་སྡེ་ཡིས། །གསུང་འབུམ་སྤར་དུ་བཏབ་པའི་ལེགས་བྱས་གང་། །མོས་ལྡན་ཡོངས་ལ་ཕན་པའི་དཔལ་གྱུར་ཅིག །དགེའོ། །༈ མཁན་སློབ་ཆོས་གསུ༷མ་རིང་ལུགས་ཆེ། །འཛམ་གླིང་ས་གསུ༷མ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུ༷མ་སྣང་བ་དང་། །མི་འབྲལ་དུས་གསུ༷མ་དགེ་ལེགས་ཤོག། །།