འཇམ་དཔལ་གསང་བ་འདུས་པའི་གསོལ་འདེབས་ཤིན་ཏུ་བསྡུས་པ༔

From Dudjom Wiki
TTDL-ZABTER-02-KHA-004
Wylie title 'jam dpal gsang ba 'dus pa'i gsol 'debs shin tu bsdus pa TTDL-ZABTER-02-KHA-004.pdf
Location bdud 'joms gling pa zab gter
Volume 2, Text 4, Pages 53-54 (Folios 1a1 to 1b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. 'jam dpal gsang ba 'dus pa'i gsol 'debs shin tu bsdus pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 53-54. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol 'debs   Verso: bdud 'joms 'jam dpal zhi ba
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Supplications - gsol 'debs
Cycle འཇམ་དཔལ་གསང་བ་འདུས་པ་ ('jam dpal gsang ba 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity 'jam dpal dbyangs
Colophon

ཅེས་གཞུང་ལས་བསྡུས་ཏེ་ཉེར་མཁོའི་ཆེད་དུ་བདུད་འཇོམས་རྡོ་རྗེས་བྲིས་པ་འདི་ཡང་སློབ་བུ་བློ་གྲོས་ཀྱིས་བསྐུལ་ངོར་དོན་ཡོད་པའི་ཕྱིར་རོ། །དགེའོ། །དགེའོ། །དགེའོ།།

ces gzhung las bsdus te nyer mkho'i ched du bdud 'joms rdo rjes bris pa 'di yang slob bu blo gros kyis bskul ngor don yod pa'i phyir ro/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ འཇམ་དཔལ་གསང་བ་འདུས་པའི་གསོལ་འདེབས་ཤིན་ཏུ་བསྡུས་པ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཨེ་མ་ཧོཿ གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་༔ ལྷུན་གྲུབ་ལོངས་སྐུ་རིགས་ལྔ་གངས་ཆེན་མཚོ༔ སྤྲུལ་པའི་སྐུ་མཆོག་རིགས་གསུམ་འགྲོ་བའི་མགོན༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ དགའ་རབ་ཤྲཱི་སེང་འཇམ་དཔལ་བཤེས་གཉེན་དང་༔ པདྨ་འབྱུང་གནས་མཁར་ཆེན་མཚོ་རྒྱལ་དང་༔ རྗེ་འབངས་ཉི་ཤུ་རྩ་ལྔ་དང་བཅས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ རིགས་ཀྱི་ཁྱབ་བདག་རྩ་བའི་བླ་མ་དང་༔ འཇམ་དཔལ་རིགས་ལྔ་དབྱངས་ཅན་ལྷ་མོ་བཞི༔ ནོར་རྒྱུན་མ་དང་གཤིན་རྗེ་རིགས་བཞི་སོགས༔ རྩ་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ༔ གསོལ་བ་འདེབས་སོ་བདག་རྒྱུན་བྱིན་གྱིས་རློབས༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་དངོས་གྲུབ་སྩོལ༔ དེ་ལྟར་གསོལ་བ་བཏབ་པའི་མཐུ་བྱིན་གྱིས༔ བདག་དང་མཐའ་ཡས་འགྲོ་བ་མ་ལུས་པའི༔ སྒྲིབ་གཉིས་བག་ཆགས་དྲི་མ་ཀུན་དག་ནས༔ གཞོན་ནུ་བུམ་སྐུར་ཡང་དག་སངས་རྒྱས་ཤོག༔ ཁྱད་པར་འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷ༔ བསྒྲུབ་པ་ཙམ་གྱིས་འབྲས་བུ་མངོན་གྱུར་ཏེ༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ༔ སྨིན་ཅིང་གྲོལ་ནས་ཡེ་ཤེས་སྒྱུ་མའི་སྐུ༔ འཇམ་དཔལ་དཔའ་བོའི་གོ་འཕང་མྱུར་ཐོབ་ཤོག༔ ཅེས་གཞུང་ལས་བསྡུས་ཏེ་ཉེར་མཁོའི་ཆེད་དུ་བདུད་འཇོམས་རྡོ་རྗེས་བྲིས་པ་འདི་ཡང་སློབ་བུ་བློ་གྲོས་ཀྱིས་བསྐུལ་ངོར་དོན་ཡོད་པའི་ཕྱིར་རོ། །དགེའོ། །དགེའོ། །དགེའོ།། །།