ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཤིན་རྗེ་ཡ་མ་རཱ་ཛའི་བསྒྲུབ་སྐོར་ལས༔ བསད་པ་ཁྲག་གི་རྒྱ་མཚོ༔

From Dudjom Wiki
TTDL-ZABTER-02-KHA-035
Wylie title zab gsang mkha' 'gro'i snying thig las: gshin rje ya ma rA dza'i bsgrub skor las: bsad pa khrag gi rgya mtsho: TTDL-ZABTER-02-KHA-035.pdf
Location bdud 'joms gling pa zab gter
Volume 2, Text 35, Pages 369-373 (Folios 1a1 to 3a3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gshin rje ya ma rA dza'i bsgrub skor las bsad pa khrag gi rgya mtsho. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 369-373. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bsad pa   Verso: bdud 'joms las gshin
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle འཆི་བདག་ལས་ཀྱི་གཤིན་རྗེ་ ('chi bdag las kyi gshin rje)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity gshin rje
Colophon

ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་གྲོ་ལོད་ཀྱིས་གཏེར་ནས་བཏོན་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་རྒ་ཡི་བནྡེ་ཀུན་དགའི་མིང་འཛིན་ནོ། །དགེའོ། །དགེའོ། །དགེའོ།།

zhes pa 'di yang khrag 'thung rdo rje gro lod kyis gter nas bton te gtan la phab pa'i yi ge pa ni rga yi ban+de kun dga'i ming 'dzin no/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཤིན་རྗེ་ཡ་མ་རཱ་ཛའི་བསྒྲུབ་སྐོར་ལས༔ བསད་པ་ཁྲག་གི་རྒྱ་མཚོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) དེ་ནས་ལས་ཀྱི་ལིང་ག་ལ༔ སྣ་ཚོགས་མཚོན་གྱི་ཆར་ཕབ་སྟེ༔ བདག་མདུན་བསྐྱེད་པའི་གདིང་ལྡན་ངང་༔ ཧཱུྃ་ཛཿདཀོན་མཆོག་རྩ་གསུམ་སྐུ་གསུམ་ལྷ༔ ཡ་མཱནྟ་ཀ་གཤིན་རྗེའི་གཤེད༔ མ་ལུས་དབྱིངས་ནས་སྐུར་བཞེངས་ལ༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ རྣལ་འབྱོར་བདག་གི་དཔང་མཛོད་ཅིག༔ ཧཱུྃ་ཛཿའཆི་བདག་ལས་ཀྱི་གཤིན་རྗེ་ཁྱོད༔ དམ་ཚིག་གཉན་གྱི་དུས་ལ་བབ༔ མ་གཡེལ་མ་འགྱངས་མཐུ་རྩལ་ཕྱུང་༔ དམ་ཉམས་དགྲ་བོའི་སྲོག་རྩ་ཆོད༔ སྲོག་གཅོད་ལས་ཀྱི་ཤན་པ་ཁྱོད༔ སྨོན་ལམ་སྟོབས་ཀྱིས་བསྟན་པ་སྲུངས༔ སྣང་སྲིད་དྲེགས་པ་བྲན་དུ་ཁོལ༔ ལྷ་སྲིན་སྡེ་བརྒྱད་ལས་ལ་འགྱེད༔ སྣང་སྲིད་ལྷ་འདྲེ་དབང་དུ་བསྒྱུར༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ནས༔ ཁྱོད་ལས་མཐུ་རྩལ་ཆེ་བ་མེད༔ ཁྱོད་ལས་དྲེགས་པ་གང་ཡང་མེད༔ དེ་ཕྱིར་སྲུང་མ་ཁྱོད་བསྒྲུབ་བོ༔ ད་ནི་དྲག་པོ་མངོན་སྤྱོད་ཀྱི༔ ཕྲིན་ལས་ལས་ཀྱི་དུས་ལ་བབ༔ དགྲ་བོ་མི་ནོར་འཁོར་དང་བཅས༔ རྗེས་ཤུལ་མེད་པར་ཧུར་ཐུམ་སོད༔ སྐད་ཅིག་ཉིད་དུ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ མ་མོ་སྲོག་བདུད་ནག་མོ་ཁྱོད༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོའི་མི་ནོར་འཁོར་དང་བཅས༔ སྐད་ཅིག་ཉིད་དུ་ཧུར་ཐུམ་སོད༔ ཧཱུྃ་བྷྱོ༔ སྲིད་པ་ལྷ་ཡི་གཙོ་བོ་ཁྱོད༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོའི་མི་ནོར་འཁོར་དང་བཅས༔ སྐད་ཅིག་ཉིད་དུ་ཧུར་ཐུམ་སོད༔ ཧཱུྃ་བྷྱོ༔ གཟའ་བདུད་རྒྱལ་པོ་རཱ་ཧུ་ལ༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོའི་མི་ནོར་འཁོར་དང་བཅས༔ སྐད་ཅིག་ཉིད་དུ་ཧུར་ཐུམ་སོད༔ ཧཱུྃ་བྷྱོ༔ བདུད་པོ་བསྐོས་རྗེ་བྲང་དཀར་ཁྱོད༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོའི་མི་ནོར་འཁོར་དང་བཅས༔ སྐད་ཅིག་ཉིད་དུ་ཧུར་ཐུམ་སོད༔ ཧཱུྃ་བྷྱོ༔ སྲིན་པོ་ལང་ཀ་མགྲིན་བཅུ་པོ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ དགྲ་བོའི་མི་ནོར་འཁོར་དང་བཅས༔ སྐད་ཅིག་ཉིད་དུ་ཧུར་ཐུམ་སོད༔ ཧཱུྃ་བྷྱོ༔ བཙན་རྒྱལ་ཡམ་ཤུད་སྲོག་ལེན་ཁྱོད༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོའི་མི་ནོར་འཁོར་དང་བཅས༔ སྐད་ཅིག་ཉིད་དུ་ཧུར་ཐུམ་སོད༔ ཧཱུྃ་བྷྱོ༔ གནོད་སྦྱིན་ཀཱ་ལ་ཡཀྴ་ཁྱོད༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོའི་མི་ནོར་འཁོར་དང་བཅས༔ སྐད་ཅིག་ཉིད་དུ་ཧུར་ཐུམ་སོད༔ ཧཱུྃ་བྷྱོ༔ ཀླུ་བདུད་འཆི་བདག་མགོ་དགུ་ཁྱོད༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོའི་མི་ནོར་འཁོར་དང་བཅས༔ སྐད་ཅིག་ཉིད་དུ་ཧུར་ཐུམ་སོད༔ ཧཱུྃ་བྷྱོ༔ སྟོང་གསུམ་གཞི་བདག་མ་ལུས་པ༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོའི་མི་ནོར་འཁོར་དང་བཅས༔ སྐད་ཅིག་ཉིད་དུ་ཧུར་ཐུམ་སོད༔ ཧཱུྃ་བྷྱོ༔ སྣང་སྲིད་ལྷ་འདྲེ་མ་ལུས་པ༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོའི་མི་ནོར་འཁོར་དང་བཅས༔ སྐད་ཅིག་ཉིད་དུ་ཧུར་ཐུམ་སོད༔ ཛཿསྤྲུལ་པ་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་ཆེན་པོའི་དུས་ལ་བབ༔ ལང་ཀ་ཆེན་པོའི་དུས་ལ་བབ༔ དགྲ་བོ་མི་ནོར་ལོངས་སྤྱོད་འཁོར༔ མ་ལུས་ལས་ཀྱི་ལིང་གར་ཕོབ༔ ནད་མཚོན་མུ་གེའི་ཆར་ཕོབ་ལ༔ རྗེས་ཤུལ་མེད་པར་བརླག་པར་མཛོད༔ དགྲ་བོ་ནང་འཁྲུགས་བྱེད་དུ་ཆུག༔ དགྲ་བོའི་ཕོ་རྣམས་གྲི་རུ་སོད༔ དགྲ་བོའི་མོ་རྣམས་འགགས་གྲིར་སོད༔ དགྲ་བོའི་རྒན་པ་བརྒྱལ་དུ་ཆུག༔ དགྲ་བོའི་བྱིས་པ་ཚང་ནས་སོད༔ དགྲ་བོའི་མི་ནོར་འཁོར་དང་བཅས༔ གློ་བུར་ཁྲག་སྐྱུག་ཧུར་ཐུམ་སོད༔ དགྲ་བོའི་མིག་འབྲས་ཐང་ལ་འཕང་༔ དགྲ་བོའི་ནང་རོལ་ཕྱི་རུ་ཕྱུང་༔ དགྲ་བོ་འགྲོ་བའི་རྐང་པ་ཆོད༔ དགྲ་བོའི་སྲོག་གི་མར་མེ་སོད༔ ཤ་ཁྲག་དྲོན་མོ་ཧབ་ཐོབ་རོལ༔ དོན་སྙིང་ཕྱུང་ལ་རྟགས་སུ་སྟོན༔ ལྷང་ལྷང་སྡུག་ཡུས་དྲག་པོས་འབོད༔ དུང་དུང་དམ་ཚིག་གཉན་པོས་བཅོམ༔ འུར་འུར་རོལ་མོ་སྒྲ་ཡིས་བཅོམ༔ དིར་དིར་དྲག་པོ་སྔགས་ཀྱིས་རྦད༔ དམ་ལ་མ་འདའ་དམ་ཅན་རྣམས༔ མ་གཡེལ་མ་འགྱངས་ད་ལྟ་རུ༔ སྐད་ཅིག་ཉིད་དུ་དགྲ་བོ་སོད༔ ཟ་ཁ་སྡང་བའི་དགྲ་ལ་སྟོན༔ དགྲ་བོའི་མི་ནོར་འཁོར་དང་བཅས༔ བསྟན་སྲུང་ཁྱོད་ལ་གཉེར་དུ་གཏད༔ ལོ་དང་ཟླ་བར་མ་བཞག་པར༔ ཞག་དང་ཟ་མར་རྡུལ་དུ་རློག༔ ཨོཾཡ་མ་རཱ་ཛ་ཨ་ར་མ་དུ་རུ་ཙ་ཤ་ན་ས་མ་ཡ་དགྲ་བོ་ཆེ་གེ་མོ་མཱ་ར་ཡ་ཁུག་ཛཿརྦད་སོད༔ བྱེ་བ་གཅིག་ནི་བཟླས་པའི་ཚེ༔ ལིང་ག་ལ་ཡང་སྐད་ངན་དང་༔ ཨེ་ཁང་ཁྲག་གིས་གང་བ་དང་༔ སྐྱེ་འགྲོའི་རྩལ་ལྡེབ་ཤི་བ་དང་༔ གློ་སྙིང་ནང་རོལ་ཕྱུང་བ་དང་༔ ཕ་རོལ་བསད་ནས་ཤ་ཁྲག་སྤྱོད༔ དངོས་ཉམས་རྨི་ལམ་གང་བྱུང་ཡང་༔ འགྲུབ་པའི་རྟགས་སུ་ཤེས་པར་བྱ༔ འདི་ཡིས་མི་ཐུབ་གཅིག་ཀྱང་མེད༔ གནམ་ལྕགས་རྡོ་རྗེ་ཡིན་ཀྱང་འཇིགས༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ རྣལ་འབྱོར་དབུ་འཕང་དམའ་བ་དང་༔ ཆོས་བྱེད་ཟ་སྐལ་བྱེད་པ་དང་༔ སྡིག་བྱེད་གཙུག་ཏུ་བཀུར་བའི་ཚེ༔ ངན་སྔགས་དུག་གི་རྒྱ་མཚོ་འདི༔ བརྒྱུད་འཛིན་དག་གི་སྐལ་བར་བསྔགས༔ ཉམས་སུ་ལོངས་དང་ངེས་པར་འགྲུབ༔ བཀའ་སྲུང་གཟའ་བདུད་རྒྱལ་པོས་སྲུངས༔ དམ་ཉམས་བྱུང་ན་དབང་པོ་བསྣུབ༔ དམ་ལྡན་བུ་དང་འཕྲད་པར་ཤོག༔ འཕྲད་ནས་བསྟན་དགྲ་འཇོམས་གྱུར་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་གྲོ་ལོད་ཀྱིས་གཏེར་ནས་བཏོན་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་རྒ་ཡི་བནྡེ་ཀུན་དགའི་མིང་འཛིན་ནོ། །དགེའོ། །དགེའོ། །དགེའོ།། །།