ཡང་གསང་ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་ལས༔ ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་དངོས་གྲུབ་འདོད་འབྱུང་༔

From Dudjom Wiki
TTDL-ZABTER-02-KHA-042
Wylie title yang gsang tshe sgrub dngos grub 'dod 'byung las: o rgyan rin po che'i gsol 'debs dngos grub 'dod 'byung: TTDL-ZABTER-02-KHA-042.pdf
Location bdud 'joms gling pa zab gter
Volume 2, Text 42, Pages 431-432 (Folios 1a1 to 1b1)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Yang gsang tshe sgrub dngos grub 'dod 'byung las o rgyan rin po che'i gsol 'debs dngos grub 'dod 'byung. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 431-432. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: o rgyan gsol 'debs   Verso: bdud 'joms tshe sgrub
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Supplications - gsol 'debs
Cycle ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་ (tshe sgrub dngos grub 'dod 'byung)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity tshe dpag med
Colophon

ཡང་གསང་ཚེ་སྒྲུབ་དངོས་སྒྲུབ་འདོད་འབྱུང་ལས་ཁོལ་དུ་ཕྱུངས་བའི་གསོལ་འདེབས་འདི་ཉིད་བཙུན་པ་བློ་གསལ་མིང་གིས་བསྐུལ་ངོར་རང་བཞིན་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་གླིང་པས་ཡེ་ཤེས་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའོ། །ཡི་གེ་པ་ནི་མངྒའི་མིང་ཅན་གྱིས་སོ། །དགེའོ། །སརྦ་མངྒ་ལཾ།།

yang gsang tshe sgrub dngos sgrub 'dod 'byung las khol du phyungs ba'i gsol 'debs 'di nyid btsun pa blo gsal ming gis bskul ngor rang bzhin rdzogs pa chen po klong yangs nam mkha'i rnal 'byor pa rig 'dzin bdud 'joms gling pas ye shes mkha' 'gro'i brda ris las dag par phab pa'o/ /yi ge pa ni mang+ga'i ming can gyis so/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཡང་གསང་ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་ལས༔ ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་དངོས་གྲུབ་འདོད་འབྱུང་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དངོས་གྲུབ་འདོད་འབྱུང་ཡིད་བཞིན་ནོར་བུ་ནི༔ (བརྡ་ཡིག་) ཨེ་མ་ ཧོཿ གདོད་ནས་མ་བཅོས་སྐྱེ་མེད་ཀུན་ཏུ་བཟང་༔ རྩལ་སྣང་མ་འགགས་ནམ་མཁའི་རྒྱལ་པོའི་སྐུ༔ གང་འདུལ་སྒྱུ་འཕྲུལ་སྤྲུལ་སྐུ་པདྨ་འབྱུང་༔ གྲངས་མེད་དཔག་ཡས་མཛད་པ་སྟོན་མཛད་པ༔ སྐུ་བཞིའི་བདག་ཉིད་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་དབང་བཞིའི་ཆུ་རྒྱུན་སྩོལ༔ ཉེར་འཚེ་བར་ཆད་མ་ལུས་སེལ་བར་མཛོད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ས་མ་ཡ༔ (བརྡ་ཡིག་) ཡིད་ཁྱེད་ཤེས་ཀྱི་གདུང་བའི་ང་རོས་གསོལ་འདེབས་འདི་ལན་གསུམ་བརྗོད་ཅིང་ངོ་བོ་སྐྱེ་བ་མེད་པའི་གདངས་མ་བཅོས་ཁྱབ་བརྡལ་ཆེན་པོའི་ངང་ལ་གཏད་མེད་ཡེངས་མེད་རྒྱ་འབྱམས་ཆེན་པོར་ཤིག་གེར་ཡང་ཡང་བཞག་ཅིང་ཅེར་གྱིས་བལྟའོ༔ དེ་ཡང་བལྟ་བྱ་དང་ལྟ་བྱེད་མེད་པ་ཀ་དག་ལྷུན་གྲུབ་ཀྱི་རང་གཞིར་ལྷུག་གོ༔ དེ་ལྟར་ཉི་མ་རེ་བཞིན་བསྒོམ་པའི་ཡོན་ཏན་ནི་ཉམས་རྐྱེན་ཆོམ་པོ་བདུད་ཀྱི་གེགས་ལས་གྲོལ་ཏེ་ཚེ་འདིར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་གསང་ཚེ་སྒྲུབ་དངོས་སྒྲུབ་འདོད་འབྱུང་ལས་ཁོལ་དུ་ཕྱུངས་བའི་གསོལ་འདེབས་འདི་ཉིད་བཙུན་པ་བློ་གསལ་མིང་གིས་བསྐུལ་ངོར་རང་བཞིན་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་གླིང་པས་ཡེ་ཤེས་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའོ། །ཡི་གེ་པ་ནི་མངྒའི་མིང་ཅན་གྱིས་སོ། །དགེའོ། །སརྦ་མངྒ་ལཾ།། །།