ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྡོ་རྗེ་སེམས་དཔའི་སྒྲུབ་སྐོར་གྱི༔ བསྐུལ་བ་ཐུགས་རྗེའི་འོད་ཟེར༔

From Dudjom Wiki
TTDL-ZABTER-03-GA-036
Wylie title zab gsang mkha' 'gro'i snying thig las: rdo rje sems dpa'i sgrub skor gyi: bskul ba thugs rje'i 'od zer: TTDL-ZABTER-03-GA-036.pdf
Location bdud 'joms gling pa zab gter
Volume 3, Text 36, Pages 355-356 (Folios 1a1 to 1b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las rdo rje sems dpa'i sgrub skor gyi bskul ba thugs rje'i 'od zer. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 355-356. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskul ba   Verso: bdud 'joms bla ma rdor sems
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Invocations - bskul ba
Cycle དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་སྐོར་ (dpal rdo rje sems dpa'i sgrub skor)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje sems dpa'
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་པདྨ་རྣམ་རྒྱལ་གྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes gter nas bton te mthar pad+ma rnam rgyal gyis bskul ngor gtan la phab pa'i yi ge pa ni phun tshogs bkra shis so/_/dge'o/_/sarba mang+ga laM//

[edit]
ཧྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྡོ་རྗེ་སེམས་དཔའི་སྒྲུབ་སྐོར་གྱི༔ བསྐུལ་བ་ཐུགས་རྗེའི་འོད་ཟེར་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཐུགས་རྗེས་དབྱིངས་ནས་བསྐུལ་བ་ལ༔ ཧཱུྃ༔ བརྡལ་ཁྱབ་ནམ་མཁའི་ཀློང་ཡངས་ནས༔ རྣམ་པར་སྣང་མཛད་སྐུར་བཞེངས་ཤིག༔ གཞོམ་བྲལ་རྡོ་རྗེའི་གཞལ་ཡས་ནས༔ མི་བསྐྱོད་རྡོ་རྗེ་སྐུར་བཞེངས་ཤིག༔ ལྷུན་འཐུག་ཡོན་ཏན་གཞལ་ཡས་ནས༔ རིན་ཆེན་འབྱུང་ལྡན་སྐུར་བཞེངས་ཤིག༔ ཆགས་བྲལ་བདེ་ཆེན་གཞལ་ཡས་ནས༔ སྣང་བ་མཐའ་ཡས་སྐུར་བཞེངས་ཤིག༔ ཕྲིན་ལས་ལྷུན་གྲུབ་གཞལ་ཡས་ནས༔ དོན་ཡོད་གྲུབ་པ་སྐུར་བཞེངས་ཤིག༔ འབྱུང་ཁམས་དབྱིངས་སུ་དག་པའི་དབྱིངས༔ དབྱིངས་ཀྱི་ཡུམ་ལྔ་སྐུར་བཞེངས་ཤིག༔ ཚད་མེད་རྣམ་བཞིའི་གཞལ་ཡས་ནས༔ ཡེ་ཤེས་སྒོ་མ་སྐུར་བཞེངས་ཤིག༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ མཛོད་ཅིག་ཕྲིན་ལས་རབ་འབྱམས་སྒྲུབས༔ གཟུང་དང་འཛིན་པས་བསྡུས་པ་ཡི༔ ལོག་པར་འདྲེན་པའི་དགྲ་བགེགས་རྣམས༔ མིང་ཙམ་མེད་པར་རྡུལ་དུ་རློག༔ ཁྱད་པར་བསྟན་དང་བསྟན་འཛིན་ལ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ལྷ་ཡང་རུང་སྟེ་བསྣུབ་པར་མཛོད༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ལ༔ མཆོག་གི་དངོས་གྲུབ་མྱུར་དུ་སྩོལ༔ དུས་ལ་བབ་བོ་ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་པདྨ་རྣམ་རྒྱལ་གྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།། །།