ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་བདག་རྡོ་རྗེ་གཏུམ་པོའི་སྐོར་ལས༔ བསྐུལ་ཟློག་མངོན་སྤྱོད་ལྷུན་གྲུབ༔

From Dudjom Wiki
TTDL-ZABTER-03-GA-063
Wylie title zab gsang mkha' 'gro'i snying thig las: gsang bdag rdo rje gtum po'i skor las: bskul zlog mngon spyod lhun grub: TTDL-ZABTER-03-GA-063.pdf
Location bdud 'joms gling pa zab gter
Volume 3, Text 63, Pages 593-594 (Folios 1a1 to 1b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gsang bdag rdo rje gtum po'i skor las bskul zlog mngon spyod lhun grub. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 593-594. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskul zlog   Verso: bdud 'joms phyag rdor
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Averting or Dispelling Rites- zlog pa  ·  Invocations - bskul ba
Cycle གསང་བདག་རྡོ་རྗེ་གཏུམ་པོ་ (gsang bdag rdo rje gtum po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity phyag na rdo rje
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes gter nas bton te dag par phab pa'i yi ge pa ni phun tshogs bkra shis so/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་བདག་རྡོ་རྗེ་གཏུམ་པོའི་སྐོར་ལས༔ བསྐུལ་ཟློག་མངོན་སྤྱོད་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) བསྐུལ་ཟློག་མངོན་སྤྱོད་ལྷུན་གྲུབ་འདི༔ ལག་ཏུ་ལེན་པའི་རིམ་པ་ནི༔ དམར་གཏོར་ཁྲག་གིས་རབ་བྲན་ནས༔ འགུགས་གཞུག་བསྒྲལ་དམིགས་བྱས་པའི་མཐར༔ བསྐུལ་ཟློག་འདི་ཉིད་བརྗོད་པའོ༔ ཧཱུྃ་ཧཱུྃ་ཛཿརི་རྒྱལ་ལྷུན་པོའི་བྱང་ཕྱོགས་ལྕང་ལོ་ཅན༔ དེ་ཡི་སྟེང་ཕྱོགས་དཔག་ཚད་འདས་པ་ན༔ ཡེ་ཤེས་མེ་འབར་དྲག་པོའི་གཞལ་ཡས་ནས༔ གསང་བདག་རྡོ་རྗེ་གཏུམ་པོ་སྐུ་བཞེངས་ཤིག༔ རང་སྣང་བདེ་ཆེན་དོན་གྱི་འོག་མིན་ནས༔ དཔལ་ཆེན་ཕྱག་ན་རྡོ་རྗེ་སྐུ་བཞེངས་ཤིག༔ གཞི་དབྱིངས་ཀ་དག་ཁྱབ་བརྡལ་གཞལ་ཡས་ནས༔ ལྷུན་གྲུབ་ལོངས་སྐུའི་རོལ་པ་སྐུ་བཞེངས་ཤིག༔ གང་འདུལ་སྤྲུལ་བསྒྱུར་མངོན་སྤྱོད་ཕྲིན་ལས་ཀྱིས༔ ལོག་འདྲེན་གདུག་པ་འདུལ་བའི་དུས་ལ་བབ༔ ཡེ་ཤེས་དབྱིངས་ལ་གཤེགས་བཞུགས་མི་མངའ་ཡང་༔ འགྲོ་བློའི་མོས་ངོར་སྤྲུལ་པའི་སྐུར་བཞེངས་ལ༔ སྐད་ཅིག་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ སྒོ་བཞིའི་མཐའ་དམག་བདུད་སྡེ་རྡུལ་དུ་རློག༔ ཕྱི་རྐྱེན་འབྱུང་བ་ལྔ་ཡི་གཡོ་འཁྲུགས་ཟློག༔ ནང་རྐྱེན་སྡེ་བརྒྱད་ལྷ་འདྲེ་རྒོལ་ངན་ཟློག༔ གསང་རྐྱེན་ཉོན་མོངས་དུག་ལྔའི་གཡོ་འཁྲུགས་ཟློག༔ བྱད་མ་རྦོད་གཏོང་སྔོན་ལས་འཕྲལ་རྐྱེན་སོགས༔ མི་མཐུན་གནོད་པའི་རྐྱེན་ངན་ཐམས་ཅད་ཀུན༔ བཟློག་ཅིག་བསྒྱུར་ཅིག་རྗེས་ཤུལ་མེད་པར་མཛོད༔ དྲག་པོ་མངོན་སྤྱོད་ལས་ཀྱིས་ཤུགས་ཕྱུངས་ལ༔ དགྲ་བགེགས་ཐལ་བའི་རྡུལ་བཞིན་བརླག་པར་མཛོད༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་བསྐུལ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་རབ་འབྱམས་ལྷུན་གྲུབ་མཛོད༔ ཨོཾ་ར་བཛྲ་ས་མ་ཡ༔ དམིགས་པའི་གནད་དང་ལྡན་པ་ཡིས༔ བསྐུལ་ན་ཕྲིན་ལས་ཡོངས་འགྲུབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།