ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་དོན་བསྐང་ཡེ་ཤེས་འོད་ཟེར༔

From Dudjom Wiki
TTDL-ZABTER-05-CA-028
Wylie title zab gsang mkha' 'gro'i snying thig las: dpal chen rdo rje gzhon nu'i don bskang ye shes 'od zer: TTDL-ZABTER-05-CA-028.pdf
Location bdud 'joms gling pa zab gter
Volume 5, Text 28, Pages 271-272 (Folios 1a1 to 1b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dpal chen rdo rje gzhon nu'i don bskang ye shes 'od zer. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 271-272. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: don bskang   Verso: bdud 'joms phur pa bde gshegs snying po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog
Cycle དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡང་གསང་བདེ་གཤེགས་སྙིང་པོ་ (dpal chen rdo rje gzhon nu'i yang gsang bde gshegs snying po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
Colophon

ཞེས་པ་འདི་ནི་ཀ་དག་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་པདྨ་རྒྱལ་མཚན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་མཁའ་འགྲོའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།

zhes pa 'di ni ka dag rdzogs pa chen po'i rnal 'byor pa pad+ma rgyal mtshan gyis bskul ngor khrag 'thung bdud 'joms rdo rjes ye shes mkha' 'gro'i klong mdzod las bsgyur ba'o/_/dge'o/_/dge'o/_/dge'o/

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་དོན་བསྐང་ཡེ་ཤེས་འོད་ཟེར་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) དངོས་སུ་འབྱོར་བའི་མཆོད་རྫས་ལ༔ ཡིད་ཀྱིས་ནམ་མཁའ་མཛོད་དུ་སྤྲུལ༔ འཁོར་འདས་གཞིར་རྫོགས་ལྟ་བའི་གདིང་༔ ཡེ་ཡིན་རྟོགས་པའི་ཆོ་འཕྲུལ་གྱིས༔ ཀྱཻ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀུན༔ གཉིས་སུ་མེད་པའི་ཀློང་ཆེན་པོ༔ ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་༔ མ་བཅོས་བདེ་བ་ཆེན་པོའི་གདངས༔ རིགས་ལྔའི་སངས་རྒྱས་ཐུགས་དམ་བསྐང་༔ རང་སྣང་དོན་གྱི་སྟོན་པ་མཆོག༔ དྲིན་ཆེན་བླ་མའི་ཐུགས་དམ་བསྐང་༔ སྣང་སྲིད་ཕུར་པས་གདབ་པའི་ཕྱིར༔ རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་༔ འཁོར་འདས་དག་མཉམ་རྒྱས་འདེབས་ཕྱིར༔ འཁོར་ལོ་རྒྱས་འདེབས་ཐུགས་དམ་བསྐང་༔ དུག་ལྔ་དབྱིངས་སུ་གཞོམ་པའི་ཕྱིར༔ ཀཱི་ལ་རིགས་ལྔའི་ཐུགས་དམ་བསྐང་༔ མི་དགེ་བཅུ་པོ་གནས་དག་ཕྱིར༔ ཁྲོ་བོ་ཕ་བཅུའི་ཐུགས་དམ་བསྐང་༔ དགེ་བཅུའི་ཆོས་ཉིད་ཆེར་གཞིག་ཕྱིར༔ ཁྲོ་མོ་མ་བཅུའི་ཐུགས་དམ་བསྐང་༔ ཡུལ་རྟོག་རོ་ལ་ཟ་བའི་ཕྱིར༔ ཟ་བྱེད་ཕ་བཅུའི་ཐུགས་དམ་བསྐང་༔ བདག་རྟོག་དབུ་མར་གསོད་པའི་ཕྱིར༔ གསོད་བྱེད་མ་བཅུའི་ཐུགས་དམ་བསྐང་༔ རྣམ་པར་རྟོག་གསུམ་གཞིག་པའི་ཕྱིར༔ ཁྲ་ཐབས་ཉེར་གཅིག་ཐུགས་དམ་བསྐང་༔ མཐའ་བཞིའི་རྟོག་པ་གཞིག་པའི་ཕྱིར༔ སྒོ་སྐྱོང་མ་བཞིའི་ཐུགས་དམ་བསྐང་༔ སྒྱུ་འཕྲུལ་རོལ་པའི་གར་མཁན་མཆོག༔ ཕུར་སྲུང་རྒྱ་མཚོའི་ཐུགས་དམ་བསྐང་༔ མ་རིག་འཁྲུལ་བའི་དབང་གྱུར་ཏེ༔ གཟུང་འཛིན་ལམ་གྱི་འཆིང་བ་ཀུན༔ བདག་མེད་ཆེན་པོར་བཤགས་བགྱིའོ༔ མཉམ་པ་ཉིད་དུ་དག་མཉམ་རོལ༔ ཡིག་བརྒྱ་ཅི་ནུས་བཟླ༔ འདི་བརྩོན་རྣལ་འབྱོར་དམ་པ་རྣམས༔ ཉམས་ཆག་རྟོག་སྒྲིབ་ཀུན་བྲལ་ཞིང་༔ མཉམ་པ་ཉིད་ཀྱི་དགོངས་དོན་རྟོགས༔ ཚེ་འདིར་མངོན་སངས་རྒྱས་འགྱུར་རོ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཀ་དག་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་པདྨ་རྒྱལ་མཚན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་མཁའ་འགྲོའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།། །།