ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བསྐུལ་བ་རྡོ་རྗེའི་གད་མོ༔

From Dudjom Wiki
TTDL-ZABTER-05-CA-030
Wylie title zab gsang mkha' 'gro'i snying thig las: dpal chen rdo rje gzhon nu'i bskul ba rdo rje'i gad mo: TTDL-ZABTER-05-CA-030.pdf
Location bdud 'joms gling pa zab gter
Volume 5, Text 30, Pages 275-276 (Folios 1a1 to 1b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dpal chen rdo rje gzhon nu'i bskul ba rdo rje'i gad mo. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 275-276. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskul ba   Verso: bdud 'joms phur pa bde gshegs snying po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Invocations - bskul ba
Cycle དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡང་གསང་བདེ་གཤེགས་སྙིང་པོ་ (dpal chen rdo rje gzhon nu'i yang gsang bde gshegs snying po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
Colophon

ཞེས་པ་འདི་རིག་འཛིན་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་བརྡ་རིས་ལས་བསྒྱུར་བའི་ཡི་གེ་པ་ནི་མངོན་པར་དགའ་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di rig 'dzin bdud 'joms rdo rjes zab gsang mkha' 'gro'i brda ris las bsgyur ba'i yi ge pa ni mngon par dga' ba'o/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བསྐུལ་བ་རྡོ་རྗེའི་གད་མོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) བསྐུལ་བ་རྡོ་རྗེའི་གད་མོ་ལ༔ དམར་གཏོར་ཁྲག་སྐྱེམས་བཤམས་ནས་སུ༔ འགུགས་གཞུག་བྱ་ཞིང་དགྲ་བགེགས་ཀྱི༔ གཟུགས་ཕུང་ཤ་རི་ཁྲག་མཚོར་བསྐྱིལ༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ རང་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སྐུ་གསུམ་དག་པའི་ཞིང་ཁམས་ནས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ཆོས་ཀྱི་དབྱིངས་ལས་གཟུགས་སྐུ་རྡོ་རྗེ་གཞོན་ནུའི་རྣམ་རོལ་དུ་བཞེངས་ཏེ་ས་གསུམ་གྱི་གནས་ཐམས་ཅད་གང་བར་གྱུར༔ ཧཱུྃ་ཛཿམཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ལ༔ གློག་ལྟར་མྱུར་བའི་ཤུགས་ཀྱིས་འདིར་གཤེགས་ཤིག༔ སྤྲུལ་དང་ཡང་སྤྲུལ་ཕོ་ཉ་དཔག་མེད་པས༔ སྣང་སྲིད་ཁམས་ཀུན་ཡོངས་སུ་འགེངས་པར་མཛོད༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མཛོད་ཅིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཀྱི་ཚོགས༔ མདོར་ན་གནོད་ཅིང་འཚེ་བར་བྱེད་པ་ཡི༔ ཕྱི་ནང་གསང་བའི་བར་ཆད་མི་མཐུན་ཕྱོགས༔ མ་ལུས་མ་འགྱངས་ཐལ་བའི་རྡུལ་དུ་བརླག༔ རྣམ་ཤེས་འཁྲུལ་མི་ཤེས་པའི་དབྱིངས་སུ་སོད༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ དེ་ཡིས་མངོན་སྤྱོད་དྲག་པོའི་ལས་འགྲུབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་རིག་འཛིན་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་བརྡ་རིས་ལས་བསྒྱུར་བའི་ཡི་གེ་པ་ནི་མངོན་པར་དགའ་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།