ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་གསང་བ་འདུས་པའི་སྨད་ལས་སྤུ་གྲི་རེག་གཅོད་སྲིད་གསུམ་ཕུང་བྱེད༔

From Dudjom Wiki
TTDL-ZABTER-06-CHA-028
Wylie title zab gsang mkha' 'gro'i snying thig las: bde gshegs gsang ba 'dus pa'i smad las spu gri reg gcod srid gsum phung byed: TTDL-ZABTER-06-CHA-028.pdf
Location bdud 'joms gling pa zab gter
Volume 6, Text 28, Pages 465-489 (Folios 1a1 to 13a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bde gshegs gsang ba 'dus pa'i smad las spu gri reg gcod srid gsum phung byed. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 6: 465-489. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: smad las   Verso: bdud 'joms bka' brgyad gsang 'dus
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle བདེ་གཤེགས་བཀའ་བརྒྱད་གསང་བ་འདུས་པ་ (bde gshegs bka' brgyad gsang ba 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity bka' brgyad
Colophon

ཞེས་པ་འདི་ཉིད་གར་དབང་བདུད་འཇོམས་རྡོ་རྗེས་ས་མོ་ལུག་ལོར་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མཐར་ཆོས་ཀྱི་བདག་པོ་སྣ་ཚོགས་རང་གྲོལ་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་རྣམས་ཀྱིས་ནན་དུ་བསྐུལ་ངོར་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di nyid gar dbang bdud 'joms rdo rjes sa mo lug lor gser smad rnga rol stag rtse'i g.yas logs rdo rje brag nas bton te mthar chos kyi bdag po sna tshogs rang grol mkhyen rab rgya mtsho klong chen rdo rje rnams kyis nan du bskul ngor shog ser las zhal bshus te dag par phab pa'o/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་གསང་བ་འདུས་པའི་སྨད་ལས་སྤུ་གྲི་རེག་གཅོད་སྲིད་གསུམ་ཕུང་བྱེད་བཞུགས༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) དཔལ་ཆེན་ཧེ་རུ་ཀ་ལ་འདུད༔ བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ བདེ་གཤེགས་གསང་བ་འདུས་པ་ཡི༔ སྨད་ལས་སྤུ་གྲི་རེག་གཅོད་བསྟན༔ ཕུང་ཤུལ་ས་ལས་བྱས་པ་ཡི༔ ཨེ་ཁང་གྲུ་གསུམ་བང་རིམ་ཅན༔ ཁ་ཁྱེར་རྩང་གི་དྲྭ་བས་བསྐོར༔ ནང་ཀུན་གྲི་ཁྲག་དག་གིས་བྱུགས༔ ཕྱི་ནི་ནག་ལ་ནང་ནི་དམར༔ ཁ་ཆོད་རྡོ་རྗེ་རྒྱ་གྲམ་བྱ༔ དེ་ནང་དུག་ཤོག་ཁ་གང་ལ༔ ལིང་ག་སྐེམ་རིད་ཉམ་ཐག་པ༔ དབུགས་དང་བྲལ་ལ་ཁད་པ་བྲི༔ ཁ་ངུ་མིག་ནི་ཤི་བའི་མིག༔ ཡན་ལག་ལྕགས་སྒྲོག་གིས་བསྡམས་ཤིང་༔ དཔྲལ་བར་ནན་དང་མིག་ལ་ལོང་༔ ཁ་ལྐུགས་རྣ་འོན་མགྲིན་པར་ཆིང་༔ སྣ་འཚུབ་ལྷུ་བཞིར་ཛཿཧཱུྃ་དང་༔ བཾ་ཧོ་བརླ་ཆགས་རྗེ་ངར་ཞ༔ དཔུང་ལག་དེ་བཞིན་མཚན་མར་ཕཊ༔ བླ་ནང་བླ་གདགས་བྲི་བ་དང་༔ ཡང་ན་བླ་ཁུག་ཅེས་སུ་བྲི༔ སྤྱི་བོར་རྒྱ་གྲམ་དག་གིས་གཟིར༔ སྙིང་གར་མཚན་ཉིད་གསུམ་ལྡན་པའི༔ ནྲྀ་ཏྲི་ཛ་ཁ་བཞི་སྤྲོད་བྱ༔ མགྲིན་འོག་ནས་བཟུང་བླ་འགུགས་བྲིས༔ ཕྱི་རིམ་རྐང་མཐིལ་ནས་བཟུང་སྟེ༔ འགུགས་དང་མིང་སྤེལ་དམོད་པ་བྲི༔ ཕྱོགས་ཀུན་ཛཿཁྲམ་ཉེར་གཅིག་བཀོད༔ མཐའ་ནི་ཉི་ཟླ་གཟས་ཟིན་བཞིན༔ དམར་ནག་དུག་ཁྲག་དག་གིས་བྱུག༔ ལིང་ཁྲུས་ཟབ་མོ་སྤྱི་ལྟར་བྱ༔ ཤི་ལྟེབ་རོ་ལྟེབ་གང་རུང་གིས༔ ཁ་མཚན་སྤྲད་ཅིང་ལེགས་པར་ལྟེབ༔ ཕྱི་ནི་ཚོན་སྐུད་དྲྭ་བས་བཅིང་༔ གྲུ་གསུམ་ཨེ་ཡི་ཁང་པར་གཞུག༔ ཕུང་སས་སྤར་བའི་སཱཙྪ་ནི༔ ནག་པོས་ཁ་ཁེབ་སྟེང་ནས་མནན༔ རྫོང་འཕྲང་སྲོག་གསུམ་གཞི་བཟུང་ལ༔ ཨེ་ཕཊ༔ མདུན་བསྐྱེད་ཀྱི་ཚུ་རོལ་བདག་བསྐྱེད་ཀྱི་ཕར་མཐའ་དམར་ནག་ས་ཡི་གཞི་མ་དུག་མཚོ་ངད་རླངས་དྲག་ཏུ་ལྡང་བའི་དབུས་སུ་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཨེ་གཅིག་འཕྲོས་པ་ཡོངས་སུ་གྱུར་པ་ལས༔ གྲུ་གསུམ་ཨེ་ཡི་ཁང་པ་ཕྱི་ནག་ལ་རྣམ་ཐར་སྒོ་གསུམ་དང་ལྡན་པའི་ཟུར་གསུམ༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་བང་རིམ་གསུམ་དང་ལྡན་པ༔ ནང་དམར་ལ་ཟབ་པ༔ ཁ་དོག་ལ་གཏིང་ཡངས་པ༔ ཞབས་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ༔ ནང་ན་གཏི་མུག་གི་མུན་པ་འཐིབས་པ༔ ཁ་ཁྱེར་ན་ཞེ་སྡང་གི་མེ་དཔུང་འབར་བ༔ ཟུར་ན་ང་རྒྱལ་གྱི་བྲག་རི་རྙིལ་བ༔ བར་ན་ཕྲག་དོག་གི་རླུང་དམར་འཚུབས་པ༔ ཕྱོགས་མཚམས་ཐམས་ཅད་ནས་ཕོ་ཉ་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པའི་དམག་གིས་གང་བ༔ སོད་སོད་དང་ཆོད་ཆོད་ཀྱི་སྒྲ་སྒྲོགས་པ༔ ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་ཞིང་ཡ་ང་བའི་དབུས་སུ་ནྲྀཿདང་ཏྲིཿཡོངས་སུ་གྱུར་པ་ལས་གནོད་བྱེད་དགྲ་བགེགས་ཐམས་ཅད་འདུས་པའི་ངོ་བོ༔ རཱུ་པ་ཁ་ངུ་བ༔ མིག་ཤི་མིག༔ ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན༔ རྐང་ལག་ཐམས་ཅད་ལྕགས་སུ་བཅུག་པ༔ བུ་ག་དགུ་ནས་ཁྲག་འཛག་པ༔ མདོག་སྔོ་ལ་མདངས་ཉམས་པ་གཅེར་བུ་སྐྲ་གཟིང་བ༔ ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་ཙམ་དུ་ཡོད་པ་ཞིག་ཏུ་བསྐྱེད་དོ༔ དེ་ཡི་སྙིང་གར་ནྲྀཿདང་ཏྲིཿལས་འོད་འཕྲོས་པས་ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བར་གསུམ་ནས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་དང་ཁམས་གསུམ་གྱི་རཱུ་ཏྲ་གནོད་བྱེད་མ་ལུས་པ་ཆུ་ལ་ཆར་ཐིམ་བ་བཞིན་ལིངྒ་ལ་འདུས་ཤིང་རྫོགས་པར་བསམ༔ བདག་མདུན་གཉིས་ཀྱི་ཐུགས་ལས་སྤྲུལ་པའི་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཅན་དཔག་ཏུ་མེད་པ་འཕྲོས་ཏེ་གནོད་བྱེད་ཐམས་ཅད་བཀུག་ནས་ལིངྒ་ལ་བསྟིམ་པར་བསམ༔ དེ་ནས་འགུགས་གཞུག་ནི༔ ན་མོ༔ རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་བཀའ༴ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴ དོན་དམ་ཆོས་ཉིད་ཀྱི་རང་བཞིན་གདོད་ནས་རྣམ་པར་དག་པའི་བདེན་པ་དང་༔ ཆོས་ཅན་རྒྱུ་འབྲས་བསླུ་མེད་རྟེན་འབྲེལ་ཟབ་མོའི་བདེན་པ་དང་༔ ཁྱད་པར་དུ་བཅོམ་ལྡན་འདས་སྒྲུབ་པ་བཀའ་བརྒྱད་ཆེ་མཆོག་ཡོན་ཏན་གྱི་དཀྱིལ་འཁོར༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར༔ པདྨ་གསུང་གི་དཀྱིལ་འཁོར༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར༔ ཕུར་པ་ཕྲིན་ལས་ཀྱི་དཀྱིལ་འཁོར༔ རྦོད་གཏོང་མ་མོའི་དཀྱིལ་འཁོར༔ བླ་མ་རིག་འཛིན་གྱི་དཀྱིལ་འཁོར༔ འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར༔ དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར༔ དཔལ་གྱི་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པའི་བཀའ་བདེན་པ་དང་༔ གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བཀའ༴ གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི་བཀའ༴ རྣལ་འབྱོར་པ་བདག་གི་ལྷ་སྔགས་ཏིང་ངེ་འཛིན་གྱི་ནུས་པའི་མཐུས༔ བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་སྡང་བར་བྱེད་པའི་དགྲ༔ གཟུགས་མེད་གནོད་པར་བྱེད་པའི་བགེགས༔ སྔ་དགྲ་ལག་གིས་བརྡར་བ༔ ཕྱི་དགྲ་ཡིད་ལ་སེམས་པ༔ ད་དགྲ་ཐད་ཀར་སྡང་བའི་མི་ལ་ན་ཚ་གཏོང་བ༔ ཕྱུགས་ལ་གོད་ཁ་གཏོང་བ༔ བཟའ་ཚང་ཡུལ་སྡེ་འབངས་གསུམ་ལ་ནང་འཁོན་གཏོང་བ༔ ཕྱི་ཡི་ཇག་སྣ་ནང་དུ་ཁྲིད་པ༔ ནང་གི་ལོངས་སྤྱོད་ཕྱི་ལ་གཏོད་པ༔ མནན་གཏད་སེར་གསུམ་བྱེད་པ༔ ཁ་དཀར་ཞིང་ཁོང་བརྣག་པ༔ ཟ་ལམ་དུ་དུག་གཡོ་བ༔ འགྲོ་ལམ་དུ་རྩང་འཛུག་པ༔ མི་ཁ་བྲ་མཆུ་གཏོང་བ༔ བསམ་ངན་སྦྱོར་རྩུབ་བྱེད་པའི་དགྲ་བགེགས་གནོད་བྱེད་ཐམས་ཅད་མཐོ་རི་བོའི་རྩེ༔ དམའ་རྒྱ་མཚོའི་གཏིང་༔ ཉི་ཟླའི་གོ་བར༔ སྔགས་པ་ནུས་མཐུ་ཅན་གྱི་སྲུང་གུར༔ སྟོང་གསུམ་སྲིད་པ་གསུམ་གར་གནས་ཀྱང་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ ནྲྀ་ཏྲི་ཨ་ཀཪྴ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿ བརྒྱ་རྩ་སོགས་སྐབས་དང་བསྟུན༔ དེ་ནས་བླ་འགུགས་པའི་ལས་ནི༔ ཧཱུྃ་བྷྱོ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རབ་རྫོགས་པ༔ ལིང་རྩེ་དགུ་ཡི་དཀྱིལ་འཁོར་ལྷའི༔ ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་མ༔ དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག༔ མིང་བྱང་རཱུ་པ་འདི་ལ་ཕོབ༔ བྱུ་རུའི་ཁྱི་མོ་རལ་པ་ཅན༔ དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག༔ མིང་བྱང་རཱུ་པ་འདི་ལ་ཕོབ༔ གསེར་གྱི་འཕར་བ་ལྕེ་བརྒྱད་མ༔ དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག༔ མིང་བྱང་རཱུ་པ་འདི་ལ་ཕོབ༔ ཟངས་ཀྱི་དྲེད་མོ་རྐང་བརྒྱད་མ༔ དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག༔ མིང་བྱང་རཱུ་པ་འདི་ལ་ཕོབ༔ གཡུ་ཡི་མི་མོ་རྫུ་འཕྲུལ་ཅན༔ དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག༔ མིང་བྱང་རཱུ་པ་འདི་ལ་ཕོབ༔ དུང་གི་ཁྱེའུ་ཤེལ་མིག་ཅན༔ དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག༔ མིང་བྱང་རཱུ་པ་འདི་ལ་ཕོབ༔ མཚལ་གྱི་ཕོ་ཉ་གསེར་འབྲུག་ཅན༔ དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག༔ མིང་བྱང་རཱུ་པ་འདི་ལ་ཕོབ༔ དཀར་མོ་ཆེན་མོ་འགུགས་བྱེད་མ༔ དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག༔ མིང་བྱང་རཱུ་པ་འདི་ལ་ཕོབ༔ སེར་མོ་ཆེན་མོ་འཆིང་བྱེད་མ༔ དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག༔ མིང་བྱང་རཱུ་པ་འདི་ལ་ཕོབ༔ དམར་མོ་ཆེན་མོ་སྡོམ་བྱེད་མ༔ དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག༔ མིང་བྱང་རཱུ་པ་འདི་ལ་ཕོབ༔ ལྗང་མོ་ཆེན་མོ་མྱོས་བྱེད་མ༔ དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག༔ མིང་བྱང་རཱུ་པ་འདི་ལ་ཕོབ༔ སྟོང་གསུམ་འཇིག་རྟེན་ཁམས་རྣམས་ཀྱི༔ ནགས་ཚལ་མཚོ་གླིང་བྲག་སྤང་ལམ༔ ཁྱིམ་དང་ཀླས་མལ་གོས་སྟན་དང་༔ ཅ་ཀ་ཡོ་བྱད་རིགས་རྣམས་ལ༔ གབ་ཅིང་བྲོས་པའི་ཡུལ་བྱས་ན༔ རང་རང་གཤེད་དུ་སྐུར་བཞེངས་ཤིག༔ བྱིའུ་ཆུང་ཁྲ་ཡིས་གཅུམ་པ་བཞིན༔ དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག༔ མིང་བྱང་རཱུ་པ་འདི་ལ་ཕོབ༔ ཤ་ཁྱིས་རི་དྭགས་དེད་པ་བཞིན༔ དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག༔ མིང་བྱང་རཱུ་པ་འདི་ལ་ཕོབ༔ འཕར་སྤྱང་ར་ལུག་གཞིལ་བ་བཞིན༔ དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག༔ མིང་ཡིག་རཱུ་པ་འདི་ལ་ཕོབ༔ རྩ་སྔགས་རེ་བཞིན་བླ་འགུགས་སྔགས་ནི༔ དགྲ་བགེགས་གནོད་བྱེད་སརྦ་ཛཿཧཱུྃ་བཾ་ ཧོཿ དགྲ་བགེགས་གནོད་བྱེད་ཀྱི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ་ཤ་མ་རེ་ཏི་ཐུལ་ཐུལ༔ མྱོག་མྱོག་ཡེད་ཡེད༔ ཤ་མ་རེ་ཏི་ཁུག་ཁུག༔ ལིང་མྱོག་ལིང་མྱོག༔ ལིང་ཐུམ་ཙ་མུན་ཏྲི་ཛཿཧཱུྃ་བཾ་ ཧོཿ ཞེས་གདངས་ཤིང་རྩ་གསུམ་སྲུང་མ་རྣམས་ཀྱི་ཕོ་ཉ་མང་པོ་སྤྲོས་ཏེ༔ དགྲ་བགེགས་བླ་འཁྱམས་རང་དབང་མེད་པར་ལིང་ག་ལ་བཀུག་ཅིང་བསྟིམ་པར་བསམ་པའི་དམིགས་གནད་ཡང་ཡང་འཛིན༔ དེ་ནས་འགུགས་པའི་ལས་ནི༔ ཧཱུྃ་བྷྱོ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་འདུས་པའི་དཔལ༔ ཆེ་མཆོག་ལྷ་ཚོགས་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ ཕོ་ཉ་འགྱེད་པའི་དུས་ལ་བབ༔ སྤྲུལ་པས་སྟོང་གསུམ་ཁྱབ་པར་མཛོད༔ གཟུགས་ཅན་གཟུགས་མེད་དགྲ་གདོན་བགེགས༔ སྟོང་གསུམ་འཇིག་རྟེན་གར་གནས་ཀྱང་༔ མྱུར་དུ་འགུགས་པའི་ལས་མཛོད་ཅིག༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུང་༔ ཞགས་པ་ཅན་གྱིས་མགུལ་ནས་ཆིང་༔ ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམ༔ དྲིལ་བུ་ཅན་གྱིས་མྱོས་སུ་ཆུག༔ གཟུགས་བྱང་རཱུ་པ་འདི་ལ་ཕོབ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ དགྲ་གདོན་བགེགས་ཚོགས་ཐམས་ཅད་ཨ་ཀཪྴ་ཡ་ཛ་ཛ༔ ཧཱུྃ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་འདུས་པའི་དཔལ༔ ཡང་དག་ལྷ་ཚོགས་དུས༴ མཐུ་རྩལ་བྱུང་སོགས་ཕོབ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དགྲ་གདོན་སོགས༔ ཧཱུྃ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་འདུས་པའི་དཔལ༔ འཇམ་དཔལ་ལྷ་ཚོགས་དུས༴ མཐུ་རྩལ་བྱུང་སོགས་ཕོབ༔ ཨོཾ་ཨ་ཀྲོ་ཏ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ དགྲ་གདོན་སོགས༔ ཧཱུྃ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་འདུས་པའི་དཔལ༔ པདྨ་གསུང་གི་དུས༴ མཐུ་རྩལ་བྱུང་སོགས་ཕོབ༔ ཨོཾ་པདྨ་ཏ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་གདོན་སོགས༔ ཧཱུྃ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་འདུས་པའི་དཔལ༔ ཕུར་པའི་ལྷ་ཚོགས་དུས༴ མཐུ་རྩལ་བྱུང་སོགས་ཕོབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དགྲ་གདོན་སོགས༔ ཧཱུྃ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་འདུས་པའི་དཔལ༔ རྦོད་གཏོང་ལྷ་ཚོགས་དུས༴ མཐུ་རྩལ་བྱུང་སོགས་ཕོབ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་ཏི་ཤྭ་རི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ དགྲ་གདོན་སོགས༔ ཧཱུྃ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་འདུས་པའི་དཔལ༔ རིག་འཛིན་ལྷ་ཚོགས་དུས༴ མཐུ་རྩལ་བྱུང་སོགས་ཕོབ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ དགྲ་གདོན་སོགས༔ ཧཱུྃ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་འདུས་པའི་དཔལ༔ མཆོད་བསྟོད་ལྷ་ཚོགས་དུས༴ མཐུ་རྩལ་བྱུང་སོགས་ཕོབ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ༔ དགྲ་གདོན་སོགས༔ ཧཱུྃ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་འདུས་པའི་དཔལ༔ དྲག་སྔགས་ལྷ་ཚོགས་དུས༴ མཐུ་རྩལ་བྱུང་སོགས་ཕོབ༔ ཨོཾ་བཛྲ་སརྦ་དུཥྚན་ཧཱུྃ་ཕཊ༔ དགྲ་གདོན་སོགས༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ བསྟན་པ་བསྲུང་བའི་མཐུ་རྩལ་ཅན༔ བཀའ་སྡོད་ལྷ་ཚོགས་དུས༴ མཐུ་རྩལ་བྱུང་སོགས་ཕོབ༔ སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ དགྲ་གདོན་བགེགས་ཚོགས་ཐམས་ཅད་ཨ་ཀཪྴ་ཡ་ཛ་ཛཿདཔལ་ཆེན་ལྷ་ཚོགས་ཀྱི་ཐུགས་ལས་སྤྲུལ་པའི་ཕོ་ཉ་ལས་བྱེད་ཀྱི་ཚོགས་རྣམས་སྐར་ལྟར་འཁྲིགས་ཏེ་དགྲ་བགེགས་གནོད་བྱེད་ཐམས་ཅད་རི་དྭགས་གོ་རར་བཙུད་པ་ལྟར་བཀུག་ནས་ལིངྒ་ལ་བསྟིམ་པར་བསམ༔ དེ་ནས་དབྱེ་བའི་ལས་རིམ་ནི༔ བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་ལས་སྤྲོས་པའི་ཕྲ་མེན་མ་ཁྭ་ཏ་དང་བྱ་རོག་གི་མགོ་ཅན་བུད་མེད་ཀྱི་ལུས་ལ་གནམ་ལྕགས་ཀྱི་མཆུ་སྡེར་ཅན་སྤུ་གསེབ་ནས་ནད་དང་དུག་གི་ཡོ་ལང་འབེབས་པ་དཔག་ཏུ་མེད་པས་དགྲ་བགེགས་ཀྱི་སྟེང་གི་ནམ་མཁའ་ནས་འཛིང་འཐབ་བྱས་པས་ཡེ་ཤེས་པའི་ལྷ་སྲུང་རྣམས་དམ་ཚིག་དྲན་ནས་དབྱིངས་སུ་གཤེགས༔ འཇིག་རྟེན་པའི་ལྷ་སྲུང་ཉམ་ཆུང་བ་རྣམས་བརྒྱལ་ཞིང་དངངས༔ ནུས་མཐུ་ཅན་རྣམས་དེད་ནས་རི་རབ་ཀྱི་ཟོམ་དང་གླིང་བར་མུན་པའི་སྨག་རུམ་དུ་བསྐྲད་ནས་མགོ་འཁོར་ཅིང༔ དགྲ་བགེགས་གཅེར་བུ་བྱང་ཐང་དུ་ལུས་པ་ལྟར་མགོན་སྐྱབས་དང་བྲལ་ནས་འདར་ཕྲི་ལི་ལི་བྱེད་པར་བསམ༔ ཧཱུྃ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ དཔལ་ཡང་དག་འཇམ་དཔལ་དབང་ཆེན་ཕུར་པའི་རྦོད་གཏོང་རིག་འཛིན་མཆོད་བསྟོད་དྲག་སྔགས་རྣམས་སུ་བསྒྱུར་ཆེན་ལྷ་ཚོགས་འཁོར་བཅས་ཀྱི༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ དགྲ་བགེགས་གནོད་བྱེད་གདུག་ཅན་འདིའི༔ མགོན་སྐྱོབ་བྱེད་པའི་ལྷ་དང་ཕྲོལ༔ ཕུང་བརླག་བྱེད་པའི་འདྲེ་དང་སྤྲོད༔ མཐུ་སྟོབས་ནུས་པ་ཉམས་པར་མཛོད༔ དཔལ་དགུའི་ཁ་སྦྱར་བསྒྱུར་རང་སྔགས་མཇུག༔ ཨ་ནྲྀ་ཏྲི་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ ཧཱུྃ༔ བདེ་གཤེགས་རྒྱལ་བའི་བསྟན་པ་སྲུང་༔ བཀའ་སྡོད་ལྷ་ཚོགས་སོགས་མཛོད༔ ཨོཾ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ ཨ་ནྲྀ་ཏྲི་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ ཧཱུྃ་བྷྱོ༔ མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ ཕྲ་མེན་ཆེན་མོ་ཁྭ་ཏའི་མགོ༔ བཞེངས་ཤིག་མངོན་སྤྱོད་ལས་ལ་བཞེངས༔ དགྲ་བགེགས་གནོད་བྱེད་གདུག་ཅན་འདིའི༔ མགོན་སྐྱོབ་བྱེད་པའི་ལྷ་སྲུང་ཀུན༔ དབྱེ་རྨོངས་བསྐྲད་པའི་ལས་མཛོད་ཅིག༔ མཐུ་སྟོབས་ནུས་པ་ཉམས་པར་མཛོད༔ ཁ་ཁ་མུ་ཁ་ཛ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ ཧཱུྃ་བྷྱོ༔ རླུང་ནག་འཚུབས་མའི་ཀློང་དཀྱིལ་ནས༔ ཕྲ་མེན་ཆེ་མོ་འུག་གདོང་མ༔ བཞེངས་ཤིག་མངོན་སྤྱོད་ལས་ལ་བཞེངས༔ དགྲ་བགེགས་གནོད་བྱེད་གདུག་ཅན་འདིའི༔ མགོན་སྐྱོབ་བྱེད་པའི་ལྷ་སྲུང་ཀུན༔ དབྱེ་རྨོངས་བསྐྲད་པའི་ལས་མཛོད་ཅིག༔ ཕུང་བརླག་བྱེད་པའི་འདྲེ་དང་སྤྲོད༔ མཐུ་སྟོབས་ནུས་པ་ཉམས་པར་མཛོད༔ ཧུ་ལུ་མུ་ཁ་ཛཿཨ་ནྲྀ་ཏྲི་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ དེ་ནས་སྨྱོ་རུ་གཞུག་པ་ནི༔ ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་ལས་ཉོན་སྡིག་སྒྲིབ་བག་ཆགས་ལས་རླུང་ཐམས་ཅད་འོད་སྔོ་ནག་གི་རྣམ་པས་དགྲ་བགེགས་ཀྱི་སྲིན་ལག་ནས་ཞུགས་ཏེ་སྙིང་ནང་དུ་སོང་བས་ཤིན་ཏུ་སྨྱོ་ཞིང་འབོག་པར་བསམ༔ ཧཱུྃ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ༔ ཆེ་མཆོག་ལྷ་ཚོགས་དུས་ལ་བབ༔ བདག་ལ་སྡང་བའི་དགྲ་དང་བགེགས༔ སྨྱོ་འབོག་མྱོས་བརྒྱལ་ཕྲིན་ལས་མཛོད༔ མཐུ་སྟོབས་ནུས་པ་བརླག་པར་གྱིས༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ནྲྀ་ཏྲི་ཤ་ཏྲུཾ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ༔ ཡང་དག་ལྷ་ཚོགས༴ འཇམ་དཔལ་ལྷ་ཚོགས༴ རྟ་མགྲིན་ལྷ་ཚོགས༴ ཕུར་པའི༴ རྦོད་གཏོང༴ རིག་འཛིན༴ མཆོད་བསྟོད༴ དྲག་སྔགས་ལྷ་ཚོགས༴ རང་སྔགས་དང༔ ནྲྀ་ཏྲི་ཤ་ཏྲུཾ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་གདབ་བོ༔ ཧཱུྃ༔ བདེ་གཤེགས་རྒྱལ་བའི་བསྟན་པ་སྲུང་༔ བཀའ་སྡོད་ལྷ་ཚོགས་དུས་ལ་བབ༔ བདག་ལ་སྡང་བའི་དགྲ་དང་བགེགས༔ སྨྱོ་འབོག་མྱོས་བརྒྱལ་ཕྲིན་ལས་མཛོད༔ མཐུ་སྟོབས་ནུས་པ་བརླག་པར་གྱིས༔ ཨོཾ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ ནྲྀ་ཏྲི་ཤ་ཏྲུཾ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ དེ་ནས་བྱད་དུ་བཅུག་པ་ནི༔ བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་བྱད་ཐག་སྔོ་དམར་གཉིས་ལས་བྱེད་དང་བཅས་པ་སྤྲོས་ཏེ༔ དགྲ་བགེགས་ཀྱི་མགོ་ལུས་མེད་པར་དམ་དུ་དཀྲིས་ཤིང་གཡོ་འགུལ་མེད་པར་བསམ་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ༔ ཆེ་མཆོག་ལྷ་ཚོགས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ཀྱི༔ ལུས་ངག་གྲུ་གུ་ཐུལ་དུ་ཆིངས༔ མཐུ་སྟོབས་ནུས་པ་ཉམས་པར་མཛོད༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ སརྦ་ཤ་ཏྲུཾ་དགྲ་བགེགས་ནྲྀ་ཏྲི་ཨ་པ་ན་ཡེ་ཐུམ་རི་ལི་ལི་རྦད་སོད༔ ཧཱུྃ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ༔ ཡང་དག་ལྷ་ཚོགས༴ འཇམ་དཔལ་ལྷ་ཚོགས༴ རྟ་མགྲིན༴ ཕུར་པའི༴ རྦོད་གཏོང༴ རིག་འཛིན༴ མཆོད་བསྟོད༴ དྲག་སྔགས༴ བཀའ་སྡོད༴ དཔལ་དགུ་ཁ་བསྒྱུར་རང་སྔགས་མཐར༔ སརྦ་ཤ་ཏྲུཾ་དགྲ་བགེགས་ནྲྀ་ཏྲི་ཨ་པ་ན་ཡེ་ཐུམ་རི་ལི་ལི་རྦད་སོད༔ དེ་ནས་ཡུངས་དཀར་གདབ་ལ༔ ཧཱུྃ་བྷྱོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡོན་ཏན་མཐུ་སྟོབས་ནུས་པ་བྱུང༔ ཞིང་བཅུ་ཚང་བའི་དགྲ་བགེགས་ལ༔ དྲག་སྔགས་ཐུན་གྱི་དབལ་ཐོབ་ལ༔ མཐུ་སྟོབས་ནུས་པ་བརླག་པ་དང་༔ བསྒྲལ་ཞིང་འདྲེན་པའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ དགྲ་བགེགས་གདུག་པ་ཅན་གྱི་བླ་ཚེ་སྲོག་གསུམ་ལ་ཐུན་བྷྱོ༔ དེ་ནས་རྡོ་ཕྱེ་བྲབ་ལ༔ ཧཱུྃ་བྷྱོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་མཐུ་སྟོབས་ནུས་པ་བྱུང་༔ ཞིང་བཅུ༴ དྲག་སྔགས༴ མཐུ་སྟོབས༴ བསྒྲལ་ཞིང་༴ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དགྲ་བགེགས་གདུག་པ་ཅན་གྱི་བླ་ཚེ་སྲོག་གསུམ་ལ་ཐུན་བྷྱོ༔ དེ་ནས་བྲ་བོ་གདབ་ལ༔ ཧཱུྃ་བྷྱོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་མཐུ་སྟོབས་ནུས་པ་བྱུང་༔ ཞིང་བཅུ༴ དྲག་སྔགས༴ མཐུ་སྟོབས༴ བསྒྲལ་ཞིང་༴ ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ དགྲ་བགེགས་གདུག་པ་ཅན་སོགས༔ ཀེ་མཚེ་གདབ་ལ༔ ཧཱུྃ་བྷྱོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་མཐུ་སྟོབས་ནུས་པ་བྱུང་༔ ཞིང་བཅུ༴ དྲང་སྔགས༴ མཐུ་སྟོབས༴ བསྒྲལ་ཞིང་༴ ཨོཾ་པདྨ་ཏ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་གདུག་པ་ཅན་སོགས༔ ཡུངས་ནག་གདབ་ལ༔ ཧཱུྃ་བྷྱོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མཐུ་སྟོབས་ནུས་པ་བྱུང་༔ ཞིང་བཅུ༴ དྲག་སྔགས༴ མཐུ་སྟོབས༴ བསྒྲལ་ཞིང་༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དགྲ་བགེགས་གདུག་པ་ཅན་སོགས༔ ཤངས་མཚེ་གདབ་ལ༔ ཧཱུྃ་བྷྱོ༔ མཁའ་འགྲོ་འབར་བའི་སྤྲིན་འཕྲོ་བ༔ རྦོད་གཏོང་དམོད་པའི་ནུས་པ་བྱུང་༔ ཞིང་བཅུ༴ དྲག་སྔགས༴ མཐུ་སྟོབས༴ བསྒྲལ་ཞིང་༴ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷི་ཤྭ་རི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ དགྲ་བགེགས་གདུག་པ་ཅན་སོགས༔ ཏིལ་ནག་གདབ་ལ༔ ཧཱུྃ་བྷྱོ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ བྱིན་རླབས་ནུས་པའི་དཔལ་ཤུགས་བྱུང་༔ ཞིང་བཅུ༴ དྲག་སྔགས༴ མཐུ་སྟོབས༴ བསྒྲལ་ཞིང་༴ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ དགྲ་བགེགས་གདུག་པ་ཅན་སོགས༔ ཟངས་ཕྱེ་གདབ་ལ༔ ཧཱུྃ་བྷྱོ༔ གདུག་པ་མ་ལུས་འདུལ་བའི་ཕྱིར༔ མཐུ་རྩལ་དྲག་པོའི་ཤུགས་བྱུང་ལ༔ ཞིང་བཅུ༴ དྲག་སྔགས༴ མཐུ་སྟོབས༴ བསྒྲལ་ཞིང་༴ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ༔ དགྲ་བགེགས་གདུག་པ་སོགས༔ ལྕགས་ཕྱེ་གདབ་ལ༔ ཧཱུྃ་བྷྱོ༔ ལྷ་སྲིན་བྲན་དུ་བཀོལ་བའི་ཕྱིར༔ འབར་ཁྲོ་རྔམས་པའི་ཤུགས་བྱུང་ལ༔ ཞིང་བཅུ༴ དྲག་སྔགས༴ མཐུ་སྟོབས༴ བསྒྲལ་ཞིང་༴ ཨོཾ་བཛྲ་སརྦ་དུཥྚན་ཧཱུྃ་ཕཊ༔ དགྲ་བགེགས་སོགས༔ དེ་ནས་དུག་ཁྲག་གདབ་ལ༔ ཧཱུྃ་བྷྱོ༔ ཕོ་ཉ་ཟ་གསོད་ངོ་བོ་ལ༔ ནད་མཚོན་དུག་གི་ཡོ་ལངས་འདེབས༔ ཞིང་བཅུ༴ དྲག་སྔགས༴ མཐུ་སྟོབས༴ བསྒྲལ་ཞིང་༴ ཨོཾ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ མ་མ་སརྦ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ དགྲ་བགེགས་གདུག་པ་ཅན་གྱི་བླ་ཚེ་སྲོག་གསུམ་ལ་ཐུན་བྷྱོ༔ དེ་ནས་ཕུར་ཐུན་གདབ་པ་ནི༔ ཧཱུྃ་བྷྱོ༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ༔ དགུ་ལྡན་དཀྱིལ་འཁོར་མ་ལུས་པ༔ མ་གཡེལ་ཐུགས་དམ་གནད་ནས་བསྐུལ༔ ཞིང་བཅུ་ཚང་བའི་དགྲ་གདོན་ལ༔ ཕུར་ཐུན་དྲག་པོ་ཆར་ལྟར་ཕོབ༔ མིང་ཙམ་མེད་པར་རྡུལ་དུ་རློག༔ དྲག་སྔགས་མཇུག༔ དགྲ་བགེགས་དམ་སྲི་འབྱུང་པོ་མི་དང་མི་མ་ཡིན་པ་རྣམས་ཀྱི་བླ་ཚེ་སྲོག་གི་སྟེང་དུ་ཕོབ་ཛ་ཕོབ་ཛ༔ དེ་ནས་ཉུང་ཐུན་གདབ་པ་ནི༔ ཧཱུྃ་བྷྱོ༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ༔ དགུ་ལྡན་དཀྱིལ་འཁོར༴ མ་གཡེལ་ཐུགས་དམ༴ ཞིང་བཅུ་ཚང་བའི༴ ཉུང་ཐུན་དྲག་པོ་ཆར་ལྟར་ཕོབ༔ མིང་ཙམ་མེད་པར༴ དྲག་སྔགས་མཇུག༔ དགྲ་བགེགས་དམ་སྲི་འབྱུང་པོ་སོགས༔ དེ་ནས་ཁྲག་ཐུན་གདབ་པ་ནི༔ ཧཱུྃ་བྷྱོ༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ༔ དགུ་ལྡན༴ མ་གཡེལ༴ ཞིང་བཅུ༴ ཁྲག་ཐུན་དྲག་པོ་ཆར་ལྟར་ཕོབ༔ མིང་ཙམ༴ དྲག་སྔགས་མཇུག༔ དགྲ་བགེགས་དམ་སྲི་སོགས༔ དེ་ནས་མཚེ་ཐུན་གདབ་པ་ནི༔ ཧཱུྃ་བྷྱོ༔ སྤྱི་དཔལ༴ དགུ་ལྡན༴ མ་གཡེལ༴ ཞིང་བཅུ༴ མཚེ་ཐུན་དྲག་པོ་ཆར་ལྟར་ཕོབ༔ མིང་ཙམ༴ དྲག་སྔགས་མཇུག༔ དགྲ་བགེགས་དམ་སྲི་སོགས༔ དེ་ནས་དུག་ཐུན་གདབ་པ་ནི༔ ཧཱུྃ་བྷྱོ༔ སྤྱི་དཔལ༴ དགུ་ལྡན༴ མ་གཡེལ༴ ཞིང་བཅུ༴ དུག་ཐུན་དྲག་པོ་ཆར་ལྟར་ཕོབ༔ མིང་ཙམ༴ དྲག་སྔགས་མཇུག༔ དགྲ་བགེགས་དམ་སྲི་སོགས༔ དེ་ནས་གྲི་ཐུན་གདབ་པ་ནི༔ ཧཱུྃ་བྷྱོ༔ སྤྱི་དཔལ༴ དགུ་ལྡན༴ མ་གཡེལ༴ ཞིང་བཅུ༴ གྲི་ཐུན་དྲག་པོ་ཆར་ལྟར་ཕོབ༔ མིང་ཙམ༴ དྲག་སྔགས་མཇུག༔ དགྲ་བགེགས་དམ་སྲི་སོགས༔ དེ་ནས་མདའ་ཐུན་གདབ་པ་ནི༔ ཧཱུྃ་བྷྱོ༔ སྤྱི་དཔལ༴ དགུ་ལྡན༴ མ་གཡེལ༴ ཞིང་བཅུ༴ མདའ་ཐུན་དྲག་པོ་ཆར་ལྟར་ཕོབ༔ མིང་ཙམ༴ དྲག་སྔགས་མཇུག༔ དགྲ་བགེགས་དམ་སྲི་སོགས༔ དེ་ནས་རྡོ་ཐུན་གདབ་པ་ནི༔

ཧཱུྃ་བྷྱོ༔ སྤྱི་དཔལ༴ དགུ་ལྡན༴ མ་གཡེལ༴ ཞིང་བཅུ༴ རྡོ་ཐུན་དྲག་པོ་ཆར་ལྟར་ཕོབ༔ མིང་ཙམ༴ དྲག་སྔགས་མཇུག༔ དགྲ་བགེགས་དམ་སྲི་སོགས༔ དེ་ནས་གཏོར་ཐུན་གདབ་པ་ནི༔ ཧཱུྃ་བྷྱོ༔ སྤྱི་དཔལ༴ དགུ་ལྡན༴ མ་གཡེལ༴ ཞིང་བཅུ༴ གཏོར་ཐུན་དྲག་པོ་ཆར་ལྟར་ཕོབ༔ མིང་ཙམ༴ དྲག་སྔགས་མཇུག༔ དགྲ་བགེགས་དམ་སྲི་འབྱུང་པོ་མི་དང་མི་མ་ཡིན་པ་རྣམས་ཀྱི་བླ་ཚེ་སྲོག་གི་སྟེང་དུ་ཕོབ་ཛ་ཕོབ་ཛ༔ དེ་ནས་སྒྲོལ་གྲི་འཇམ་དཔལ་དུ་གསལ་ལ༔ ལས་མཁན་ཡཀྴ་ནག་པོས་དགྲ་བགེགས་ཀྱི་མགོ་ལུས་ཚལ་པར་གཏུབ་པར་བསམ་ལ༔ ཧཱུྃ་བྷྱོ༔ ཆོས་དབྱིངས་ངང་ལས་རང་བྱུང་ཁྲོ་བོའི་རྒྱལ༔ འབར་བ་ཁྲག་འཐུང་ལས་བྱེད་རྔམས་པའི་ཚོགས༔ ཞིང་བཅུ་ཚང་བའི་དགྲ་བགེགས་མ་ལུས་པའི༔ རྣམ་སྨིན་ཕུང་པོ་ཡེ་ཤེས་མཚོན་གྱིས་ཤིག༔ དྲག་སྔགས་མཇུག༔ ནྲྀ་ཏྲི་སརྦ་ནྲྀ་ཏྲི་གཏུབ་གཏུབ་མྱོག་མྱོག་ཨེ་ཧུར་ཐུམ་ཛ་རྦད་སོད༔ དེ་ནས་གཏུན་དུ་བརྡུང་བ་ནི༔ ཡབ་རྡོ་རྗེ་འཐག་བྱེད་དང་ཡུམ་ཁྲོ་མོ་རོལ་བྱེད་མའི་མཁའ་གསང་དུ་དགྲ་བགེགས་ཀྱི་ཕུང་པོ་རྡུལ་ཕྲན་བཞིན་དུ་འཐག་པར་བསམ་ལ༔ ཧཱུྃ་བྷྱོ༔ སྣང་བ་ཐབས་མཆོག་རྒྱལ་པོ་ཡིས༔ སྟོང་ཉིད་ཤེས་རབ་ཡུམ་མཁར་དུ༔ དགྲ་བགེགས་དམ་སྲི་གདུག་ཅན་རྣམས༔ བརྡུང་བྱེད་རྡོ་རྗེ་འབར་བས་བརྡུང་༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག༔ ཆོས་ཉིད་དེ་བཞིན་ཉིད་དུ་སངས༔ དྲག་སྔགས་མཇུག༔ གནོད་བྱེད་དགྲ་བགེགས་ཏ་ཐ་ཡ་ཏ་ཐ་ཡ་ཕྱེ་མ་ཕྱེ་མ་ཚལ་པ་ཚལ་པ་རྦད་སོད༔ དེ་ནས་ཡབ་ཡུམ་གྱི་མཁའ་གསང་ནས་ངོ་བོ་བདེ་སྟོང་ཟག་པ་མེད་པའི་བདུད་རྩི་ལ་རྣམ་པ་ཤ་ཁྲག་གི་ཚུལ་དུ་བསྟབས་གིང་གཉིས་ཀྱི་བྷན་སྣོད་དུ་བླངས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབས་པར་བསམ་ལ༔ ཧཱུྃ་ཧྲཱིཿ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ནས༔ དཔལ་ཆེན་ཆེ་མཆོག་ལྷ་ཚོགས་འཁོར་བཅས་རྣམས༔ གནམ་ས་ཙམ་གྱི་ཞལ་གདངས་ཤིག༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་ལྟ་བུའི་ལྗགས་འདྲིལ་ལ༔ དགྲ་བགེགས་ཕུང་ཁམས་སྐྱེ་མཆེད་ཞལ་དུ་བསྟབས༔ འགགས་མེད་རོལ་པའི་མགྲིན་པར་བསྟིམ༔ ཆོས་ཉིད་ཡངས་པའི་ལྟོ་བར་བསྐྱིལ༔ དབྱེར་མེད་ཆེན་པོར་སངས་རྒྱས་ཤོག༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ དགྲ་བགེགས་ཀྱི་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ བ་སུ་ཏ་ལ་ཁཱ་ཧི༔ གཽ་རོ་ཙ་ན་ལ་ཁཱ་ཧི༔ ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ ཕུང་ཁམས་སྐྱེ་མཆེད་རྣམ་ཤེས་ཚོགས་བརྒྱད་དང་བཅས་པ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ་ཧྲཱིཿ དཀར་གསལ་གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་བཅས་རྣམས༔ གནམ་ས་ཙམ་གྱི་ཞལ་སོགས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དགྲ་བགེགས་ཀྱི་མ་ཧཱ་སོགས་ཁཱ་ཧི༔ ཧཱུྃ་ཧྲཱིཿསེར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་རྣམས༔ གནམ་ས་ཙམ་གྱི་ཞལ་སོགས༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ དགྲ་བགེགས་ཀྱི་སོགས་ཁཱ་ཧི༔ ཧཱུྃ་ཧྲཱིཿདམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་འཁོར་བཅས་རྣམས༔ གནམ་ས་ཙམ་གྱི་སོགས༔ ཨོཾ་པདྨ་ཏ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་ཀྱི་སོགས་ཁཱ་ཧི༔ ཧཱུྃ་ཧྲཱིཿལྗང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་འཁོར་བཅས་རྣམས༔ གནམ་ས་ཙམ་གྱི་ཞལ་སོགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དགྲ་བགེགས་ཀྱི་སོགས་ཁཱ་ཧི༔ ཧཱུྃ་ཧྲཱིཿམ་མོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ བླ་མེད་ཧེ་རུའི་ལྷ་ཚོགས་འཁོར་བཅས་རྣམས༔ གནམ་ས་ཙམ་གྱི་ཞལ་སོགས༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷི་ཤྭ་རི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ དགྲ་བགེགས་ཀྱི་སོགས་ཁཱ་ཧི༔ ཧཱུྃ་ཧྲཱིཿ རིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ བླ་མ་རིག་འཛིན་ལྷ་ཚོགས་འཁོར་བཅས་རྣམས༔ གནམ་ས་ཙམ་གྱི་ཞལ་སོགས༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ དགྲ་བགེགས་སོགས་ཁཱ་ཧི༔ ཧཱུྃ་ཧྲཱིཿམཆོད་བསྟོད་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་འཁོར་བཅས་རྣམས༔ གནམ་ས་ཙམ་གྱི་ཞལ་སོགས༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ༔ དགྲ་བགེགས་ཀྱི་སོགས་ཁཱ་ཧི༔ ཧཱུྃ་ཧྲཱིཿདྲག་སྔགས་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་འཁོར་བཅས་རྣམས༔ གནམ་ས་ཙམ་གྱི་ཞལ་སོགས༔ ཨོཾ་བཛྲ་སརྦ་དུཥྚན་ཧཱུྃ་ཕཊ༔ དགྲ་བགེགས་ཀྱི༴ སོགས་ཁཱ་ཧི༔ ཧཱུྃ་ཧྲཱིཿ དཀྱིལ་འཁོར་ཆེན་པོའི་བར་ཁྱམས་འཁོར་ཡུག་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་འཁོར་བཅས་རྣམས༔ གནམ་ས་ཙམ་གྱི་ཞལ་གདངས་ཤིག༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་ལྟ་བུའི་ལྗགས་འདྲིལ་ལ༔ དགྲ་བགེགས་ཕུང་ཁམས་སྐྱེ་མཆེད་ཞལ་དུ་བསྟབས༔ འགགས་མེད་རོལ་པའི་མགྲིན་པར་བསྟིམ༔ ཆོས་ཉིད་ཡངས་པའི་ལྟོ་བར་བསྐྱིལ༔ དབྱེར་མེད་ཆེན་པོ་སངས་རྒྱས་ཤོག༔ ཨོཾ་ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ སརྦ་མ་མ་ཌཱཀི་ནཱི་ཧཱུྃ་ཕཊ༔ དགྲ་བགེགས་ཀྱི་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ བ་སུ་ཏ་ལ་ཁཱ་ཧི༔ གཽ་རོ་ཙ་ན་ལ་ཁཱ་ཧི༔ ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ ཕུང་ཁམས་སྐྱེ་མཆེད་རྣམས་ཤེས་ཚོགས་བརྒྱད་དང་བཅས་པ་ལ་ཁ་རཾ་ཁཱ་ཧི༔ དེ་ལྟར་བསྟབས་མཐར་བསྟོད་པར་བྱ༔ དམིགས་པ་གནད་དང་ལྡན་པ་གལ༔ རང་ཕྱོགས་ལྷ་རུ་འཛིན་པ་དང་༔ འདྲེ་བགེགས་རང་རྒྱུད་ཅན་དུ་དམིགས༔ སྡང་ཞེན་རེ་དོགས་འཁུ་འཕྲིག་གིས༔ བསླད་པའི་དྲག་ལས་ལ་བརྩོན་ཀྱང་༔ རང་གཞན་ཀུན་ལ་ཕན་ཐོགས་པ༔ ཉིན་མོའི་སྐར་མ་ཅི་བཞིན་ནོ༔ དམིགས་ཡུལ་བདག་འཛིན་གདོན་ལ་དམིགས༔ སྒྲོལ་བྱེད་རིག་པའི་མཚོན་ཆ་བརྟེན༔ སྒྲོལ་ནི་སྲིད་པའི་མཚོ་ལས་སྒྲོལ༔ བསད་ནི་སྐྱེ་མེད་ངང་དུ་བསད༔ བདག་གཞན་གཉིས་སུ་འཛིན་པ་སངས༔ ཆོས་ཀུན་ཆོས་ཉིད་རོལ་པ་རུ༔ མངོན་རྫོགས་ཡེ་སངས་རྒྱས་པའི་དོན༔ ཁ་ཙམ་ཚིག་ཙམ་མ་ཡིན་པར༔ ངེས་ཤེས་གཏིང་ནས་འདྲོངས་པར་གྱིས༔ ཕྱི་སྣོད་དཔལ་ཆེན་ཧེ་རུའི་ཞིང་༔ ནང་བཅུད་ཁྲོ་བོའི་དཀྱིལ་འཁོར་བསྒོམ༔ སྒྲ་གྲགས་བརྗོད་སྟོང་སྔགས་ཀྱི་སྒྲ༔ ཆོས་ཉིད་དག་པའི་འཁོར་ལོ་རུ༔ ངེས་ཤེས་བསྐྱེད་པ་གནད་དུ་ཆེ༔ གདོན་བགེགས་རང་གི་སེམས་ལས་བྱུང་༔ སེམས་ཉིད་འོད་གསལ་ཆོས་སྐུ་ལ༔ གནོད་བྱ་གནོད་བྱེད་མིང་ཡང་མེད༔ ཐམས་ཅད་རིག་པའི་ཡེ་ཤེས་ཡིན༔ སྤང་ཐོབ་གཟུང་འཛིན་དམིགས་སུ་མེད༔ མཉམ་ཉིད་བློ་ལས་འདས་པའི་ངང་༔ སྒྱུ་མ་ལྟ་བུའི་རྣལ་འབྱོར་པས༔ སྒྱུ་མ་ལྟ་བུའི་བསྒྲལ་འདྲེན་བྱ༔ ཕུར་པ་ཐེབ་ཚད་སངས་རྒྱས་འགྱུར༔ ཕུར་ནི་ཆོས་དབྱིངས་སྐྱེ་བ་མེད༔ པ་ནི་ལྷུན་གྲུབ་སྐུ་ཡེ་ཤེས༔ ཐེབས་ནི་འཁོར་བའི་གདོན་ལ་ཐེབས༔ འདེབས་མཁན་དཔལ་ཆེན་ཧེ་རུ་ཀ༔ དཔལ་ནི་འཁོར་འདས་ཡོངས་ཀྱི་དཔལ༔ ཆེན་ནི་གཉིས་མེད་རིག་པར་རྫོགས༔ ཧེ་ནི་དྲི་མེད་ཆོས་ཀྱི་སྐུ༔ རུ་ནི་ཡེ་ནས་རྣམ་པར་དག༔ ཀ་ནི་དབང་ཕྱུག་རིག་པའི་རྒྱལ༔ འབྲས་བུ་སངས་རྒྱས་བྱང་ཆུབ་ཐོབ༔ སངས་ནི་འཁོར་བའི་འཁྲུལ་སྣང་སངས༔ རྒྱས་ནི་ངང་མདངས་ཡོན་ཏན་རྒྱས༔ བྱང་ནི་ཉོན་ཤེས་དྲི་མ་བྱང་༔ ཆུབ་ནི་འཁོར་འདས་དབྱིངས་སུ་ཆུབ༔ ཐོབ་ནི་བུམ་སྐུའི་གཏན་སྲིད་ཐོབ༔ དེ་ཕྱིར་བསྒྲལ་འདྲེན་ཐབས་འདི་ཟབ༔ རྗེས་འཇུག་རྣམས་ཀྱིས་ཉམས་སུ་ལོངས༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གཉེར༔ སྐལ་ལྡན་བུ་ལ་སྤྲད་སོ་གྱིས༔ སྐལ་མེད་རྣམས་ལ་གསང་རྒྱས་ཐོབ༔ ཚུལ་བཞིན་ཉམས་ལེན་སྐྱེས་བུ་རྣམས༔ བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ༔ མཆོག་གི་དངོས་གྲུབ་ས་ལ་རེག༔ ཐེ་ཚོམ་མེད་དོ་རྡོ་རྗེའི་ཚིག༔ ས་མ་ཡ༔ སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཞེས་པ་འདི་ཉིད་གར་དབང་བདུད་འཇོམས་རྡོ་རྗེས་ས་མོ་ལུག་ལོར་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མཐར་ཆོས་ཀྱི་བདག་པོ་སྣ་ཚོགས་རང་གྲོལ་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་རྣམས་ཀྱིས་ནན་དུ་བསྐུལ་ངོར་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ།། །།