ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་གསོལ་མཆོད་བསྡུས་པ་ནོར་བུའི་གཙུག་རྒྱན༔

From Dudjom Wiki
TTDL-ZABTER-08-NYA-014
Wylie title zab gsang mkha' 'gro'i snying thig las: lha chen dbang phyug chen po'i gsol mchod bsdus pa nor bu'i gtsug rgyan: TTDL-ZABTER-08-NYA-014.pdf
Location bdud 'joms gling pa zab gter
Volume 8, Text 14, Pages 97-98 (Folios 1a1 to 1b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las lha chen dbang phyug chen po'i gsol mchod bsdus pa nor bu'i gtsug rgyan. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 97-98. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol bsdus   Verso: bdud 'joms bka' srung lha chen
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Rituals - gsol mchod
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་རང་སློབ་དམ་པ་འཇིགས་མེད་ཡེ་ཤེས་བློ་གྲོས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་བློ་བཟང་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di yang rang slob dam pa 'jigs med ye shes blo gros kyis bskul ngor khrag 'thung bdud 'joms rdo rjes gtan la phab pa'i yi ge pa ni blo bzang rdo rje'o/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་གསོལ་མཆོད་བསྡུས་པ་ནོར་བུའི་གཙུག་རྒྱན་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) གཏོར་མ་སྐྱེམས་དང་ཟས་སྣ་ཚོགས༔ དར་གོས་ལ་སོགས་འབྱོར་ཚོགས་བཤམས༔ སྭ་བྷཱ་ཝ་ཡིས་སྦྱངས་ནས་སུ༔ ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་སྤེལ༔ ཧྲཱི་ཛཿདད་པ་དང་ནི་དམ་ཚིག་གིས༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ ཨུ་མ་དཱེ་ཝི་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་ག་ཎ་ཚོགས༔ འབྲུ་སྨན་ཟས་ནོར་རིན་ཆེན་དཀོར༔ དར་ཟབ་གཅན་གཟན་གོ་མཚོན་རིགས༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ རྟེན་སྒྲུབ་མཆོད་བསྐང་མཐུན་པའི་རྫས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ འདོད་ཡོན་ནམ་མཁའ་མཛོད་ཆེན་པོས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་མཆོད༔ བཙུན་མོ་ཨུ་མ་དཱེ་ཝི་མཆོད༔ འཁོར་དང་བཅས་པ་གསོལ་ལོ་མཆོད༔ སྐད་ཅིག་མི་འབྲལ་སྲུངས་སྐྱོབས་ལ༔ དགྱེས་པའི་ཞལ་དང་འགྲུབ་རྟགས་སྟོན༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔ མདུན་དུ་ལྷ་ཆེན་གསལ་བ་ལ༔ མཆོད་སྤྲིན་མི་ཟད་རྒྱན་འཁོར་དུ༔ སྤྲུལ་ཏེ་འདི་ཉིད་དུས་རྟག་དང་༔ ཁྱད་པར་སྒྲུབ་དུས་གྲངས་ལྡན་བྱ༔ མི་འབྲལ་གྲོགས་སུ་ངེས་པར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་སློབ་དམ་པ་འཇིགས་མེད་ཡེ་ཤེས་བློ་གྲོས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་བློ་བཟང་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ།། །།