ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་སྲོག་བདག་མི་སྲུན་དྲག་པོ་རྩལ་གྱི་གསོལ་མཆོད་ཕ་རོལ་དཔུང་འཇོམས༔

From Dudjom Wiki
TTDL-ZABTER-08-NYA-053
Wylie title zab gsang mkha' 'gro'i snying thig las: gnod sbyin shan pa dmar nag srog bdag mi srun drag po rtsal gyi gsol mchod pha rol dpung 'joms: TTDL-ZABTER-08-NYA-053.pdf
Location bdud 'joms gling pa zab gter
Volume 8, Text 53, Pages 487-488 (Folios 1a1 to 1b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gnod sbyin shan pa dmar nag srog bdag mi srun drag po rtsal gyi gsol mchod pha rol dpung 'joms. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 487-488. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol mchod   Verso: bdud 'joms bka' srung shan pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Rituals - gsol mchod
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་རིག་འཛིན་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ལུང་ཟིན་དམ་པ་ཡོངས་གྲུབ་རིག་པའི་རྡོ་རྗེའོ། །དགེའོ།།

zhes rig 'dzin bdud 'joms rdo rje gro lod rtsal gyis shog ser las zhal bshus te dag par phab pa'i yi ge pa ni lung zin dam pa yongs grub rig pa'i rdo rje'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་སྲོག་བདག་མི་སྲུན་དྲག་པོ་རྩལ་གྱི་གསོལ་མཆོད་ཕ་རོལ་དཔུང་འཇོམས་བཞུགས་སོ༔ (བརྡ་ཡིག་) དཀར་དམར་སྐྱེམས་དང་ཚོགས་མཆོད་སོགས༔ མཆོད་རྫས་སྣ་ཚོགས་བཤམས་པ་ལ༔ སྔགས་དང་ཏིང་ངེ་འཛིན་གྱིས་སྤེལ༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ ཀྵ༔ དུར་ཁྲོད་ཧེ་ཆེན་བརྡལ་བ་ནས༔ གནོད་སྦྱིན་ཤན་པ་འཁོར་དང་བཅས༔ དད་དང་དམ་ཚིག་གཉན་གྱིས་འབོད༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ བསྒྲུབ་ཅིང་བརྟེན་པའི་གནས་འདིར་བཞུགས༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀ༔ རིན་ཆེན་སྣ་ལྔ་དར་ཟབ་དཀོར༔ དགྲ་བགེགས་ཤ་ཁྲག་སྲོག་དབུགས་རུས༔ མཐུན་རྫས་སྤྱན་གཟིགས་སྣ་ཚོགས་ཀྱིས༔ གནོད་སྦྱིན་ཤན་པ་དམར་ནག་མཆོད༔ ཡུམ་མཆོག་གསོད་བྱེད་དམར་མོ་མཆོད༔ ལས་མཁན་སྤྲུལ་པའི་འཁོར་བརྒྱད་མཆོད༔ ཡང་སྤྲུལ་ལྷ་སྲིན་སྡེ་བརྒྱད་མཆོད༔ འཁོར་ཚོགས་བྱེ་བ་འབུམ་སྡེ་མཆོད༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ རྟག་ཏུ་བྱམས་བརྩེས་བདག་སྐྱོངས་ཤིག༔ ཞི་རྒྱས་དབང་དང་དྲག་པོའི་ལས༔ ཕྲིན་ལས་རབ་འབྱམས་ལྷུན་གྲུབ་མཛོད༔ མ་གཡེལ་མ་འགྱང་ས་མ་ཡ༔ དེ་ལྟར་གསོལ་མཆོད་བྱས་པ་ཡིས༔ ལུས་དང་གྲིབ་བཞིན་དབྱེར་མེད་འགྲོགས༔ ཕྲིན་ལས་རྣམ་བཞི་འབད་མེད་འགྲུབ༔ འཕྲལ་ཕུག་ཀུན་ཏུ་དགེ་ལེགས་རྒྱས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་རིག་འཛིན་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ལུང་ཟིན་དམ་པ་ཡོངས་གྲུབ་རིག་པའི་རྡོ་རྗེའོ། །དགེའོ།། །།