ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཟའ་བདུད་ནག་པོའི་སྲོག་འཁོར༔

From Dudjom Wiki
TTDL-ZABTER-09-TA-006
Wylie title zab gsang mkha' 'gro'i snying thig las: gza' bdud nag po'i srog 'khor: TTDL-ZABTER-09-TA-006.pdf
Location bdud 'joms gling pa zab gter
Volume 9, Text 6, Pages 43-44 (Folios 1a1 to 1b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gza' bdud nag po'i srog 'khor. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 43-44. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: srog 'khor   Verso: bdud 'joms bka' srung gza' bdud
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Cakra and Amulet Designs - 'khor lo - srung 'khor
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་རིག་འཛིན་ཀུན་བཟང་བདེ་ཆེན་རྡོ་རྗེས་བསྐུལ་ངོར་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཡེ་ཤེས་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di yang rig 'dzin kun bzang bde chen rdo rjes bskul ngor khrag 'thung rdo rje khro lod rtsal gyis ye shes mkha' 'gro'i brda ris las dag par phab pa'o/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཟའ་བདུད་ནག་པོའི་སྲོག་འཁོར་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༤༣གཟའ་བདུད་ནག་པོ་སྒྲུབ་པའི་བུས༔ མི་འབྲལ་གྲིབ་བཞིན་འགྲོགས་པའི་ཕྱིར༔ བླ་རྡོ་སྲོག་གི་འཁོར་ལོ་བཅང་༔ འདི་ཡི་ལག་ལེན་རིམ་པ་ནི༔ རྒྱ་ཤོག་དཀར་པོ་དྲི་མེད་ལ༔ མུ་ཁྱུད་རིམ་པ་བཞི་རུ་བསྐོར༔ དབུས་ཀྱི་ལྟེ་བ་ཁྱོན་ཡངས་པར༔ གཟའབདུད་ནག་པོ་གཞུང་བཞིན་བྲིས༔ དེ་ལ་མཐིང་གི་ཁུ་བ་བྱུག༔ ནམ་མཁའི་བྱ་རོག་ནག་པོའི་མཆུ༔ བར་སྣང་ར་ཡི་མཆིན་པ་དང་༔ ས་འོག་དུག་སྦྲུལ་མཇུག་མ་རྣམས༔ སྟོད་སྨད་སྐེད་ཆར་རིམ་བཞིན་བྱུག༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ནཱ་ག་རཀྴ་རཱ་ཧུ་ལ་ཧཱུྃ་ཛ༔ ནཱ་ག་རཀྴ་རཱ་ཧུ་ལ་ས་མ་ཡ༔ གཟའ་བདུད་ནག་པོའི་སྲོག་ཆགས་པར་གྱུར་ཅིག༔ བླ་གནས་པར་གྱུར་ཅིག༔ སརྦ་ས་མ་ཡ་སྟྭཾ༔ དེ་ཡི་ཕྱི་རིམ་པདྨ་འདབ་བཞི་ལ༔ མ་བྷྱོ་ཛ་ཧྲཱིཾ༔ དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ༔ ཨེ་རཾ་བཾ་ཁཾ་ཡཾ་སུཾ་སུཾ༔ དེ་མཐར་ཐིག་ལེ་ཉེར་བརྒྱད་བྲིས༔ མཚམས་བཞིར་མིག་བརྒྱད་བྲི་བར་བྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ནཱ་ག་རཀྴ་རཱ་ཧུ་ལ་ཧ་ལ་ཧ་ལ་དགྲ་ལ་རྦད༔ ནཱ་ག་རཀྴ་རཱ་ཧུ་ལ་ཧ་ལ་ཧ་ལ་དགྲ་བོ་ཧུར་ཐུམ་སོད༔ མ་མ་རཀྨོ་ཐུན་ཐུན་བྷྱོ༔ ཨཿཡཿམཿདུཿརུཿཙཿཤཿནཿདགྲ་བོའི་སྲོག་ལ་ཧུར་ཐུམ་རྦད༔ སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ལོ་ཀ་པཱ་ལ༔ སརྦ་ས་མ་ཡ༔ འཆང་བ་པོ་ལ་སྐད་ཅིག་འབྲལ་བ་མེད་པར་སྲུང་བ་དང་བསྐྱབ་པ་དང་སྦ་བར་མཛད་དུ་གསོལ༔ ཅེས་བྲིས༔ དེ་མཐར་ཤར་དུ་ཆུ་རིས་བྲིས༔ ལྷོ་རུ་རི་རབ་བྲིས༔ ནུབ་ཏུ་མེ་རི་བྲིས༔ བྱང་དུ་རླུང་རིས་བྲིས༔ རྫས་ནི་རིན་ཆེན་རྣམ་བཞི་དང་༔ བདུད་རྩི་སྨན་གྱི་ཕྱེ་མ་བྱུགས༔ ལས་གཞུང་བསྲང་ཞིང་རྩ་སྔགས་ཀྱིས༔ ཡང་ཡང་འགུགས་བསྟིམ་རབ་གནས་བྱ༔ གཟུགས་མི་བཅག་པར་ལྟེབ་བྱས་ནས༔ དར་ནག་གིས་དྲིལ་རྟེན་དུ་བཙུགས༔ རྟག་ཏུ་མི་འབྲལ་བཅང་བར་བྱ༔ འདི་འཆང་སྒྲུབ་པའི་སྐལ་ལྡན་ལ༔ ལུས་དང་གྲིབ་བཞིན་འབྲལ་མེད་འཁོར༔ ཕྲིན་ལས་རབ་འབྱམས་ཐོགས་མེད་བསྒྲུབ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རིག་འཛིན་ཀུན་བཟང་བདེ་ཆེན་རྡོ་རྗེས་བསྐུལ་ངོར་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཡེ་ཤེས་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།