ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ སྒྲུབ་པ་ཀུན་གྱི་ཆ་ལག་ཐོ་མཚམས་གཅོད་པ༔

From Dudjom Wiki
TTDL-ZABTER-09-TA-052
Wylie title zab gsang mkha' 'gro'i snying thig las: sgrub pa kun gyi cha lag tho mtshams gcod pa: TTDL-ZABTER-09-TA-052.pdf
Location bdud 'joms gling pa zab gter
Volume 9, Text 52, Pages 403-421 (Folios 1a1 to 10a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las sgrub pa kun gyi cha lag tho mtshams gcod pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 403-421. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: rgyal tho   Verso: bdud 'joms sgrub pa'i cha lag
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre King Poles - rgyal tho
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ནི་རང་སློབ་དམ་པ་ཧོར་བླ་བཙུན་རྣམས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་བློ་བཟང་རྡོ་རྗེའོ། །འདི་ཉིད་གཏེར་གཞུང་དུ་ཉུང་ཆེ་བས་རྩ་ཚིག་ཐམས་ཅད་སོར་བཞག་བྱས་ཏེ་སྤྱི་འགྲོས་དང་མཐུན་པར་འཇིགས་མེད་གཞན་ཕན་གྱིས་ཆོག་འགྲིགས་སུ་བཀོད་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di ni rang slob dam pa hor bla btsun rnams kyis bskul ngor khrag 'thung bdud 'joms rdo rjes gtan la phab pa'i yi ge pa ni blo bzang rdo rje'o/_/'di nyid gter gzhung du nyung che bas rtsa tshig thams cad sor bzhag byas te spyi 'gros dang mthun par 'jigs med gzhan phan gyis chog 'grigs su bkod pa'o/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ སྒྲུབ་པ་ཀུན་གྱི་ཆ་ལག་ཐོ་མཚམས་གཅོད་པ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བསྒྲུབ་པའི་ཐོག་མར་བར་ཆད་བསྲུང་ཕྱིར་མཚམས་ཐོ་བཙུག་པ་ལ༔ ཕྱོགས་སྐྱོང་བའི་རྒྱལ་པོ་བཞིའི་སྐུ་གཟུགས་སྟག་ཤམ་ཅན་སྟ་གོན་བྱས་ཏེ༔ དཀར་གཏོར་རེ་དང་གསེར་སྐྱེམས་རེ་ཕུལ་ནས་ཕྲིན་ལས་བཅོལ་བ་ནི༔ རང་ཉིད་ཡི་དམ་ལྷ་ཡི་ང་རྒྱལ་དང་ལྡན་པའི་ངང་ནས༔ དང་པོ་ཤར་ཕྱོགས་སུ་ཕྱིན་ནས་ཐོ་གཟུག་པ་ལ་ཉེར་སྤྱོད་གཏོར་མ་རྣམས་བྱིན་གྱིས་བརླབས་པ་ནི༔ རཾ་ཡཾ་ཁཾ༔ ཨོཾ་བཛྲ་ཨ་མྲྀ་ཏ་སོགས༔ ཨོཾ་སྭ་བྷཱ་ཝ༴ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་བྷྲཱུྃཿལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཆོད་རྫས་གཏོར་མ་རྣམས་དྭངས་ཤིང་ཐོགས་པ་མེད་པ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མི་ཟད་པའི་གཏེར་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ནམ་མཁའ་མཛོད་སྔགས་ལན་གསུམ་དང་༔ ཨོཾ་ཨ་ཀཱ་རོ་སོགས༔ བཻ༔ ཤར་ཕྱོགས་སྲིད་པ་སྐྱེ་འགྲོའི་བདག༔ ཆོས་སྐྱོང་རྒྱལ་པོ་ཡུལ་འཁོར་སྲུང་༔ མདོག་དཀར་དངུལ་གྱི་གོ་ཁྲབ་ཅན༔ ཕྱག་ན་སྒྲ་སྙན་པི་ཝཾ་བསྣམས༔ དྲི་ཟའི་འཁོར་གྱི་དབུས་ན་ངོམས༔ དམ་ཚིག་དབང་གིས་འདིར་གཤེགས་ཤིག༔ རང་གི་སྙིང་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར༔ ཨོཾ་དྷི་དྷ་རཥྚ་ཧཱུྃ་ཛ༔ ཨོཾ་དྷི་དྷ་རཥྚ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནསཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ལྗགས་རིན་པོ་ཆེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཐུགས་མཉེས་ཤིང་ཚིམ་པར་གྱུར༔ ཨོཾ་དྷི་དྷ་རཥྚ་ཡེ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་གྱིས་གཏོར་མ་ཕུལ༔ ཧཱུྃ༔ རི་རབ་གླིང་བཞིའི་ཤར་ཕྱོགས་ནས༔ དཔལ་ལྡན་རྒྱལ་པོ་ཡུལ་འཁོར་སྲུང་༔ ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར༔ འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས༔ དྲི་ཟའི་གདོན་རྣམས་མཚམས་ཆོད་ཅིག༔ ཅེས་དང༔ དེང་གི་གནས་མཆོག་དམ་པ་འདིར༔ དམ་བཅའ་ཚད་དུ་མ་འཁྱོལ་བར༔ སྐུ་གཟུགས་སྔགས་བཤམས་འདིར་རྟེན་ཆོས༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ གནོད་བྱེད་ནང་དུ་མི་གཏོང་ཞིང་༔ དངོས་གྲུབ་ཕྱི་རུ་མ་བཏང་ཞིག༔ དམ་ལ་མ་འདའ་ས་མ་ཡ༔ ཨོཾ་བཻ་རུ་རཀྴ་ཧཱུྃ༔ ས་མ་ཡ་རཀྵ་རཀྵ༔ ཞེས་བརྟན་པར་བྱ་ཞིང་ཤིས་པ་བརྗོད་པ་ནི༔ ཧཱུྃ༔ ཤེས་རབ་ཡེ་ཤེས་རླན་ཆེན་པོས༔ སྒྲིབ་གཉིས་བག་ཆགས་དྲི་མ་སྦྱངས༔ དག་གྲོལ་ཆོས་ཉིད་སྤྲོས་མཐའ་བྲལ༔ ཞི་བ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་མེ་ཏོག་གཏོར༔ དེ་ནས་ལྷོ་ཕྱོགས་སུ་ཕྱིན་ལ་རྒྱལ་ཐོ་གཟུག་པ་ནི༔ རཾ་ཡཾ་ཁཾ༔ ཨོཾ་བཛྲ་ཨ་མྲྀ་ཏ་སོགས་ནས༔ གཏེར་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ནམ་མཁའ་མཛོད་སྔགས་ལན་གསུམ་དང་༔ ཨོཾ་ཨ་ཀཱ་རོ་སོགས༔ བཻ༔ ལྷོ་ཕྱོགས་སྲིད་པ་སྐྱེ་འགྲོའི་བདག༔ ཆོས་སྐྱོང་རྒྱལ་པོ་འཕགས་སྐྱེས་པོ༔ མདོག་དམར་གསེར་གྱི་གོ་ཁྲབ་ཅན༔ ཕྱག་ན་རལ་གྲི་འབར་བ་བསྣམས༔ གཤིན་རྗེའི་འཁོར་གྱི་དབུས་ན་ངོམས༔ དམ་ཚིག་དབང་གིས་འདིར་གཤེགས་ཤིག༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར༔ ཨོཾ་བཻ་རུ་དྷ་ཀ་ཧཱུྃ་ཛཿཨོཾ་བཻ་རུ་དྷ་ཀ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས༔ ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ལྗགས་རིན་པོ་ཆེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཐུགས་མཉེས་ཤིང་ཚིམ་པར་གྱུར༔ ཨོཾ་བཻ་རུ་དྷ་ཀ་ཡེ་ས་པ་རི་ཝཱ་ར་ཨེ་དཾ་བ་སོགས༔ ལན་བདུན་གྱིས་གཏོར་མ་ཕུལ༔ ཧཱུྃ༔ རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས༔ དཔལ་ལྡན་རྒྱལ་པོ་འཕགས་སྐྱེས་པོ༔ ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར༔ འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས༔ གྲུལ་བུམ་གདོན་རྣམས་མཚམས་ཆོད་ཅིག༔ ཅེས་དང་༔ དེང་གི་གནས་མཆོག་དམ་པ་འདིར༔ དམ་བཅའ་ཚད་དུ་མ་འཁྱོལ་བར༔ སྐུ་གཟུགས་སྔགས་བཤམས་འདིར་རྟེན་ཆོས༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ གནོད་བྱེད་ནང་དུ་མི་གཏོང་ཞིང་༔ དངོས་གྲུབ་ཕྱི་རུ་མ་བཏང་ཞིག༔ དམ་ལ་མ་འདའ་ས་མ་ཡ༔ ཨོཾ་བྷེ་རུ་བྷ་ཤི་སྭཱ་ཧཱ༔ ཧཱུྃ༔ ས་མ་ཡ་རཀྵ་རཀྵ༔ ཞེས་བརྟན་པར་བྱ་ཞིང་༔ ཤིས་པ་བརྗོད་པ་ནི༔ ཧཱུྃ༔ གཞི་སྣང་ལོངས་སྤྱོད་རྫོགས་པའི་ངང་༔ མཁྱེན་དང་གཟིགས་པའི་ཡེ་ཤེས་ཀྱིས༔ མངོན་བྱེད་མི་སློབ་ཡོན་ཏན་ཀུན༔ མི་ནུབ་མཐའ་རྒྱས་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་མེ་ཏོག་གཏོར༔ དེ་ནས་ནུབ་ཕྱོགས་སུ་ཕྱིན་ལ་རྒྱལ་ཐོ་གཟུགས་པ་ནི༔ རཾ་ཡཾ་ཁཾ༔ ཨོཾ་བཛྲ་ཨ་མྲྀ་ཏ་སོགས་གཏེར་དུ་གྱུར༔ ཨོཾཨཱཿཧཱུྃ༔ ནམ་མཁའ་མཛོད་སྔགས་ལན་གསུམ་དང་་༔ ཨོཾ་ཨ་ཀཱ་རོ་སོགསབཻ༔ ནུབ་ཕྱོགས་སྲིད་པ་སྐྱེ་འགྲོའི་བདག༔ ཆོས་སྐྱོང་རྒྱལ་པོ་སྤྱན་མི་བཟང་༔ མདོག་དམར་ཟངས་ཀྱི་གོ་ཁྲབ་ཅན༔ ཕྱག་ན་མཆོད་རྟེན་སྦྲུལ་ཞགས་བསྣམས༔ ཀླུ་གཉན་འཁོར་གྱི་དབུས་ན་ངོམས༔ དམ་ཚིག་དབང་གིས་འདིར་གཤེགས་ཤིག༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར༔ ཨོཾ་བཻ་རུ་བཀྵ་ཧཱུྃ་ཛཿཨོཾ་བྷེ་རུ་བཀྵ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་སྭཱ་ཧཱ༔ ལྗགས་རིན་པོ་ཆེའི་སྦུག་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཐུགས་མཉེས་ཤིང་ཚིམ་པར་གྱུར༔ ཨོཾ་བྷེ་རུ་བཀྵ་ཡེ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ༴ ལན་བདུན་གྱིས་གཏོར་མ་ཕུལ༔ ཧཱུྃ༔ རི་རབ་གླིང་བཞིའི་ནུབ་ཕྱོགས་ནས༔ དཔལ་ལྡན་རྒྱལ་པོ་སྤྱན་མི་བཟང་༔ ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར༔ འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས༔ ཀླུ་དབང་གདོན་རྣམས་མཚམས་ཆོད་ཅིག༔ ཅེས་དང་༔ དེང་གི་གནས་མཆོག་དམ་པ་འདིར༔ དམ་བཅའ་ཚད་དུ་མ་འཁྱོལ་བར༔ སྐུ་གཟུགས་སྔགས་བཤམས་འདིར་རྟེན་ཆོས༔ ཕྱི་ནང་གསུམ་བའི་བར་ཆད་བཟློག༔ གནོད་བྱེད་ནང་དུ་མི་གཏོང་ཞིང་༔ དངོས་གྲུབ་ཕྱི་རུ་མ་བཏང་ཞིག༔ དམ་ལ་མ་འདའ་ས་མ་ཡ༔ ཨོཾ་བྷེ་རུ་བཀྵ་ཧཱུྃ༔ ས་མ་ཡ་རཀྵ་རཀྵ༔ ཞེས་བརྟན་པར་བྱ་ཞིང་༔ ཤིས་པ་བརྗོད་པ་ནི༔ ཧཱུྃ༔ དབང་ཆེན་གནས་ལུགས་རྫོགས་པ་ཆེ༔ འཁོར་འདས་སྒྱུ་འཕྲུལ་རྩལ་དུ་ངོམས༔ ཤེས་རབ་ཡེ་ཤེས་སྟོབས་ཤུགས་ཀྱིས༔ དབང་བསྒྱུར་ཕྲིན་ལས་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་མེ་ཏོག་གཏོར༔ དེ་ནས་བྱང་ཕྱོགས་སུ་ཕྱིན་ལ་རྒྱལ་ཐོ་གཟུག་པ་ནི༔ རཾ་ཡཾ་ཁཾ༔ ཨོཾ་བཛྲ་ཨ་མྲྀ་ཏ་སོགས་ནསགཏེར་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ནམ་མཁའ་མཛོད་སྔགས་ལན་གསུམ་དང་༔ ཨོཾ་ཨ་ཀཱ་རོ་སོགས༔ བཻ༔ བྱང་ཕྱོགས་སྲིད་པ་སྐྱེ་འགྲོའི་བདག༔ ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས༔ གསེར་མདོག་བསྭེ་ཡི་གོ་ཁྲབ་ཅན༔ ཕྱག་ན་རྒྱལ་མཚན་ནཻའུ་ལེ་བསྣམས༔ གནོད་སྦྱིན་འཁོར་གྱི་དབུས་ན་ངོམས༔ དམ་ཚིག་དབང་གིས་འདིར་གཤེགས་ཤིག༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར༔ ཨོཾ་བཻ་ཤྲ་མ་ཎ་ཡེ་ཧཱུྃ་ཛཿཨོཾ་བཻ་ཤྲ་མ་ཎ་ཡེ་ཨརྒྷཾ་སོགསསྭཱ་ཧཱ༔ ལྗགས་རིན་པོ་ཆེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཐུགས་མཉེས་ཤིང་ཚིམ་པར་གྱུར༔ ཨོཾ་བཻ་ཤྲ་མ་ཎ་ཡེ་ས་པ་རི་ཝཱ་ར་ཨེ་དཾ༴ ལན་བདུན་གྱིས་གཏོར་མ་ཕུལ༔ ཧཱུྃ༔ རི་རབ་གླིང་བཞིའི་བྱང་ཕྱོགས་ནས༔ དཔལ་ལྡན་རྒྱལ་པོ་རྣམ་ཐོས་སྲས༔ ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར༔ འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས༔ གནོད་སྦྱིན་གདོན་རྣམས་མཚམས་ཆོད་ཅིག༔ ཅེས་དང་༔ དེང་གི་གནས་མཆོག་དམ་པ་འདིར༔ དམ་བཅའ་ཚད་དུ་མ་འཁྱོལ་བར༔ སྐུ་གཟུགས་སྔགས་བཤམས་འདིར་རྟེན་ཆོས༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ གནོད་བྱེད་ནང་དུ་མི་གཏོང་ཞིང་༔ དངོས་གྲུབ་ཕྱི་རུ་མ་བཏང་ཞིག༔ དམ་ལ་མ་འདའ་ས་མ་ཡ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ས་མ་ཡ་རཀྵ་རཀྵ༔ ཞེས་བརྟན་པར་བྱ་ཞིང་༔ ཤིས་པ་བརྗོད་པ་ནི༔ ཧཱུྃ༔ མཐུ་སྟོབས་གཞི་ཡི་ཧེ་རུ་ཀའི༔ ཤེས་རིག་རྡོ་རྗེའི་རྩེ་མོ་ཡིས༔ བདག་ལྟའི་རཱུ་ཏྲ་དབྱིངས་སུ་བསྒྲལ༔ མངོན་སྤྱོད་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་མེ་ཏོག་གཏོར་རོ༔ དེ་ནས་ཕྱིའི་བར་ཆད་བསྲུང་ཕྱིར་སྒོ་བྱང་ཕྱི་མ་གདགས་པ་ལ༔ སྒོ་ཐེམ་མཚམས་སུ་གནམ་ལྕགས་རྡོ་རྗེ་རྭ་གདེངས་པའམ་སྐུ་བྱང་གཟུག་སྟེ་དང་པོ་གཏོར་མ་བྱིན་གྱིས་བརླབས་པ་ནི༔ ཨོཾ་སྭ་བྷཱ༴ སྟོང་པའི་ངང་ལས་ཨ་ལས་བྷནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ལྔ་དང་བདུད་རྩི་ལྔའི་རང་བཞིན་འདོད་པའི་ཡོན་ཏན་མ་ཚང་བ་མེད་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་དང་ནམ་མཁའ་མཛོད་སྔགས་ཀྱི་མཐར༔ རྟེན་བསྐྱེད་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ༴ སྐུ་རྟེན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སྐད་ཅིག་གིས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་གནམ་ལྕགས་ཀྱི་རྡོ་རྗེ་དང་༔ གཡོན་པས་སྦྲུལ་ཞགས་བསྣམས་པ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ ཁྲོ་བོའི་ཆས་དུ་མས་བརྒྱན་ཅིང་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་རྔམས་ཤིང་བརྗིད་པའི་སྐུར་གྱུར༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་ནས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འཁོར་ཡེ་ཤེས་ཀྱི་ཁྲོ་བོ་བཅུས་བསྐོར་བ་སྤྱན་དྲངས་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ ཧོཿ གཉིས་སུ་མེད་པར་གྱུར༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་སོགསསྭཱ་ཧཱ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར༔ ཨོཾ་མ་ཧཱ་ཀྲོ་ཏ་ས་པ་རི་ཝཱ་ར་ཨེ་དཾ༴ ཞེས་ལནབདུན་གྱིས་གཏོར་མ་ཕུལ་རྗེས་འདོད་དོན་གསོལ་བ་ནི༔ ཀྱཻ༔ ཁྲོ་བོ་ཆེན་པོ་དྲག་ཤུལ་བདག༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ ཁྱོད་སྔོན་དུས་གསུམ་སངས་རྒྱས་ཀྱི༔ བར་ཆད་བསྲུང་བའི་གཉེར་བླང་བཞིན༔ བཀའ་རྟགས་རྡོ་རྗེ་འདིར་རྟེན་ཆོས༔ ཕྱི་ནང་གསང་བའི་བར་ཆད་ཀུན༔ སྲུང་བཟློག་ཕྲིན་ལས་མཛད་ཕྱག་འཚལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ སརྦ་བཱི་ན་མཱ་ར་ཡ་བྷྱོ་ཕཊ༔ ལན་བདུན་དང་རྟེན་འབྲེལ་སྙིང་པོའི་མཐར༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་བརྗོད་པས་བརྟན་པར་བྱས་ནས༔ ཤིས་བརྗོད་ནི༔ ཧོཿ སྐུ་གསུམ་ཡོངས་རྫོགས་རྡོ་རྗེ་འཛིན་པའི་ངང་༔ གསང་སྔགས་ཡོངས་ཀྱི་ཁྱབ་བདག་ཆེན་པོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བཀྲ་ཤིས་གང་༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ དེ་ནས་ནང་གི་དངོས་གྲུབ་བསྒྲུབ་ཕྱིར་སྒོ་བྱང་ནང་མ་གདགས་པ་ལ༔ ཨོཾ་སྭ་བྷཱ་སོགས༔ བྱིན་རླབས་སྔར་ལྟར་ལ་རྟེན་བསྐྱེད་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ སྐུ་རྟེན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་ནག་གཡས་རྒྱ་གྲམ་དང་གཡོན་སྡིགས་མཛུབ་མཛད་པ༔ པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ་ཞབས་གཉིས་གྱད་ཀྱི་འདོར་ཐབས་སུ་བསྒྲད་པ༔ ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བསྐྱེད་དོ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འོག་མིན་གྱི་ཞིང་ནས་ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ལ་ཡེ་ཤེས་ཀྱི་ཁྲོ་བོའི་ཚོགས་ཀྱིས་བསྐོར་བ་དང་བཅས་པ་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་སརྦ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་ནསཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ལྗགས་རྡོ་རྗེ་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཀྱི་གསོལ་བར་གྱུར༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ཀཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་བདུན་གྱིས་འབུལ་ལོ༔ དེ་ནས་འདོད་དོན་གསོལ་བ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཡེ་ཤེས་ཡོན་ཏན་རྒྱ་མཚོའི་བདག༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ ཁྱོད་སྔོན་དུས་གསུམ་སངས་རྒྱས་ཀྱིས༔ ཇི་ལྟར་བཀའ་བསྒོས་གཉེར་གཏད་བཞིན༔ དེང་གི་གནས་མཆོག་དམ་པ་འདིར༔ བསྒྲུབ་པ་ཆེན་པོའི་དྲོད་ཚད་བསྲུངས༔ དངོས་གྲུབ་ཕྱི་རུ་མི་བཏང་ཞིང་༔ དམ་རྫས་བདུད་རྩིར་བསྒྱུར་བ་དང་༔ བར་ཆད་བསྲུང་བའི་གཉེར་བླང་འཚལ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ བཛྲ་ས་མ་ཡ་རཀྵ་རཀྵ༔ ལན་བདུན་གྱི་མཐར༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ལན་གསུམ་བརྗོད་ནས་མེ་ཏོག་འཐོར༔ དེ་ནས་ཤིས་པ་བརྗོད་པ་ནི༔ ཧཱུྃ༔ གདོད་ནས་མ་བཅོས་ཆོས་སྐུ་ཀུན་ཏུ་བཟང་༔ འགྲོ་བའི་དོན་དུ་ཕྲིན་ལས་གར་བསྒྱུར་བ༔ བདུད་དཔུང་མ་ལུས་གཞོམ་མཛད་ལྷག་པའི་ལྷ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བའི་བཀྲ་ཤིས་ཤོག༔ ཅེས་བརྗོད་རྗེས་ནང་དུ་ལོག་ནས་བསྒྲུབ་གཞུང་དཀྱུས་ལྟར་བྱའོ༔ དེ་ནས་བསྒྲུབ་མཚམས་མ་བཀྲོལ་བར་དུ༔ ཐོ་གསོས་བྱེད་དགོས་པས་རྒྱས་པར་སྤྲོ་ན་གོང་གི་བྱིན་རླབས་དང་༔ རང་གི་སྙིང་ཀ་ནས་སོགས་ནས་གཏོར་མ་ཕུལ་བ་ཡན་བཏང་ལ་འདོད་གསོལ་འོག་ནས་འབྱུང་བ་ལྟར༔ བཻ༔ ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་༔ སོགས་ནས༔ དམ་ལ་མ་འདའ་ས་མ་ཡ༔ ཡི་བར༔ ལྷོ་ནུབ་བྱང་སོ་སོར་ཁ་བསྒྱུར་བྱས་ལ་བཀྲ་ཤིས་གོང་ལྟར་བྱའོ༔ བསྡུ་ན༔ རང་གི་སྙིང་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་སྤྱན་དྲངས༔ བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨ་ཀཱ་རོ༴ ཨོཾ་དྷི་དྷ་རཥྚ་ཡེ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་བཞིན་དུ་བཻ་རུ་དྷ་ཀ༔ བཻ་རུ་པཀྵ༔ བཻ་ཤྲ་མ་ཎ༔ འདོད་གསོལ་ནི༔ བཻ༔ ཕྱོགས་སྐྱོང་རྒྱལ་པོ་ཆེན་པོ་བཞི༔ འཁོར་དང་བཅས་པ་འདིར་གཤེགས་བཞུགས༔ འདོད་ཡོན་མཆོད་པ་དམ་པ་བཞེས༔ སྔོན་གྱི་ཐ་ཚིག་ཇི་བཞིན་དུ༔ བསྒྲུབ་པའི་བར་ཆད་རྐྱེན་བཟློག་ཅིག༔ དམ་ལ་མ་འདའ་ས་མ་ཡ༔ ཞེས་མ་འཆབ་པར་བརྗོད་ཅིང་གཏོར་མ་འབུལ་ལོ༔ དེ་ནས་སྒོ་བྱང་ནང་མ་ཕྲིན་ལས་བཅོལ་བ་ནི༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཀྱཻ༔ ཁྲོ་བོ་ཆེན་པོ་དྲག་ཤུལ་བདག༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ ཁྱོད་སྔོན་དུས་གསུམ་སངས་རྒྱས་ཀྱི༔ བར་ཆད་བསྲུང་བའི་གཉེར་བླང་བཞིན༔ བཀའ་རྟགས་རྡོ་རྗེ་འདིར་རྟེན་ཆོས༔ ཕྱི་ནང་གསང་བའི་བར་ཆད་ཀུན༔ སྲུང་བཟློག་ཕྲིན་ལས་མཛད་ཕྱག་འཚལ༔ བཛྲ་ས་མ་ཡ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་སརྦ༴ ཧཱུྃ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡིས༔ སྒྲུབ་པ་ཆེན་པོའི་དྲོད་བསྲུང་ཞིང་༔ ཡ་མཚན་དངོས་གྲུབ་ཕྱིར་མ་བཏང་༔ དམ་རྫས་བདུད་རྩིར་བསྐྱིལ་བར་མཛོད༔ བཛྲ་ས་མ་ཡ་རཀྵ་རཀྵ༔ ཞེས་འདོད་དོན་གསོལ་བར་བྱའོ༔ དེ་ནས་བསྒྲུབ་པ་མཐར་ཕྱིན་པའི་ཚེ་ཐོ་བསྡུ་བྱ་བ་ནི༔ ཐོག་མར་སྒོ་བྱང་ནང་མ་བསྡུ་བ་ལ༔ ཉེར་སྤྱོད་གཏོར་མ་རྣམས་བཤམས་ཤིང་བྱིན་གྱིས་བརླབས་པ་ནི༔ ཨོཾ་སྭ་བྷཱ༴ སྟོང་པའི་ངང་ལས་ཨཱཿལས་བྷནྡྷ་སོགས་ནསམ་ཚང་བ་མེད་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་དང་ནམ་མཁའ་མཛོད་སྔགས་ཀྱི་མཐར༔ ཨོཾ་བཛྲ་པུཥྤེ་སོགསཤཔྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ལྗགས་རིན་པོ་ཆེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར༔ ཨོཾ་མ་ཧཱ་ཀྲོ་ཏ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་གྱིས་ཕུལ་ཏེ༔ བསྟོད་པ་ནི༔ ཧོཿ སྐྱེ་མེད་གདལ་ཁྱབ་ཆོས་ཀྱི་སྐུ༔ མ་འགགས་རོལ་པ་ཅིར་ཡང་བསྒྱུར༔ ཕྱོགས་མེད་ཐུགས་རྗེས་འཁོར་བ་སྒྲོལ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་བསྟོད༔ ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤམས༔ བསྡུ་རིམ་ནི༔ ཧཱུྃ༔ རྒྱལ་ཀུན་ཕྲིན་ལས་མངའ་བདག་ཁྲོ་བོའི་རྒྱལ༔ བདུད་རྩིའི་སྲུང་མ་དཔལ་གྱི་ཕོ་ཉ་བ༔ གཏང་རག་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རང་བཞིན་སྤྲོས་མཐའ་བྲལ་བའི་དབྱིངས་སུ་གཤེགས༔ སླར་ཡང་བདག་སོགས་འགྲོ་རྣམས་རྗེས་སུ་ཟུངས༔ བཛྲ་མུ༔ ཞེས་བརྗོད་ལ་བསྡུའོ༔ གཉིས་པ་སྒོ་བྱང་ཕྱི་མ་བསྡུ་བ་ལ་གཏོར་མ་ཉེར་སྤྱོད་རྣམས་བྱིན་གྱིས་བརླབས་པ་ནི༔ ཨོཾ་སྭཱ་བྷཱ་ཝ༴ སྟོང་པའི་ངང་ལས་སོགས་ནས་མེད་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་དང་ནམ་མཁའ་མཛོད་ཀྱི་སྔགས་བརྗོད་མཐར༔ ཨོཾ་བཛྲ་པུཥྤེ༴ ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ བར་གྱིས་མཆོད༔ ཨོཾ་བཛྲ་ཀྲོ་ཏ་རཱ་ཛ་སརྦ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་གྱིས་གཏོང་མ་ཕུལ་ལ་བསྟོད་པ་ནི༔ ཧཱུྃ༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི༔ ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་༔ སངས་རྒྱས་ཀུན་གྱི་ཐུགས་ཆེ་བ༔ སངས་རྒྱས་ཀུན་གྱི་ཐུགས་ལ་གནས༔ སངས་རྒྱས་གསུང་དབང་སྐུ་ཡི་དཔལ༔ རྫོགས་པའི་སངས་རྒྱས་ཁྱེད་ལ་བསྟོད༔ ཡིི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས་པ་གཤེགས་གསོལ་ནི༔ ཧཱུྃ༔ ཡེ་ཤེས་དབྱིངས་ནས་བཞེངས་པའི་ལྷ༔ གཏང་རག་མཆོད་པ་འདི་བཞེས་ལ༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ སྐྱེ་མེད་ཆོས་ཀྱི་དབྱིངས་སུ་གཤེགས༔ རྟག་ཏུ་བདག་ནི་ཐུགས་རྗེས་ཟུངས༔ བཛྲ་མུཿཞེས་བརྗོད་མཐར་སྐུ་རྟེན་བཀྲོལ༔ དེ་ནས་ཕྱི་རོལ་དུ་གཤེགས་ལ་རྒྱལ་ཐོ་རྣམས་བསྡུ་བ་ལ༔ ཐོག་མར་ཤར་དུ་ཕྱིན་ནས་ཉེར་སྤྱོད་རྣམས་བཤམས་ལ་བྱིན་གྱིས་བརླབས་པ་ནི༔ རཾ་ཡཾ་ཁཾ༔ ཨོཾ་བཛྲ་ཨ་མྲྀ་ཏ༴ ཨོཾ་སྭ་བྷཱ༴ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་མཆོད་རྫས་གཏོར་མ་རྣམས་དྭངས་ཤིང་ཐོགས་པ་མེད་པ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མི་ཟད་པའི་གཏེར་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ ནམ་མཁའ་མཛོད་ཀྱི་སྔགས་གསུམ་དང༔ ཨོཾ་ཨ་ཀཱ་རོ་སོགས༔ ཨོཾ་དྷི་དྷ་རཥྚ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནསཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ལྗགས་རིན་པོ་ཆེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཐུགས་མཉེས་ཤིང་ཚིམ་པར་གྱུར༔ ཨོཾ་དྷི་དྷ་རཥྚ་ཡེ་ས་པ་རི་ཝཱ་ར་ཨེ་དཾ༴ ལན་བདུན་གྱིས་གཏོར་མ་ཕུལ་རྗེས་གཤེགས་བསྡུ་ནི༔ ཀྱཻ༔ ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་༔ གཏང་རག་གསེར་སྐྱེམས་གཏོར་མ་འབུལ༔ ད་ལྟ་རང་རང་གནས་སུ་གཤེགས༔ སླར་ཡང་ཕྲིན་ལས་ནམ་བཅོལ་ཚེ༔ རྫུ་འཕྲུལ་ཆེན་པོས་འདིར་བྱོན་ནས༔ བར་ཆད་བསྲུང་ལ་དངོས་གྲུབ་སྩོལ༔ བཛྲ་མུཿཞེས་བརྗོད་ལ་སྐུ་རྟེན་བཀྲོལ༔ དེ་ནས་ལྷོ་ཕྱོགས་སུ་ཕྱིན་ལ་རྒྱལ་ཐོ་བསྡུ་བ་ནི༔ ཉེར་སྤྱོད་རྣམས་བཤམས་ལ་བྱིན་གྱིས་བརླབས་པ་ནི༔ རཾ་ཡཾ་ཁཾ༔ ཨོཾ་བཛྲ་ཨ་མྲྀ་ཏ༴ ཨོཾ་སྭཱ་བྷཱ༴ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སོགསགཏེར་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ ནམ་མཁའ་མཛོད་སྔགས་ལན་གསུམ་དང་༔ ཨོཾ་ཨ་ཀཱ་རོ༴ ཨོཾ་བཻ་རུ་དྷ་ཀ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནསཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ལྗགས་རིན་པོ་ཆེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཐུགས་མཉེས་ཤིང་ཚིམ་པར་གྱུར༔ ཨོཾ་བཻ་རུ་དྷ་ཀ་ཡེ་ས་པ་རི་ཝཱ་ར་ཨེ་དཾ༴ ལན་བདུན་གྱིས་གཏོར་མ་ཕུལ་རྗེས་གཤེགས་བསྡུ་ནི༔ ཀྱཻ༔ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ༔ གཏང་རག་གསེར་སྐྱེམས༴ ད་ལྟ་རང་རང་༴ སླར་ཡང་ཕྲིན་ལས༴ རྫུ་འཕྲུལ་ཆེན་པོས༴ བར་ཆད་བསྲུང་ལ་དངོས་གྲུབ་སྩོལ༔ བཛྲ་མུ༔ ཞེས་བརྗོད་ལ་སྐུ་རྟེན་བཀྲོལ༔ དེ་ནས་ནུབ་ཕྱོགས་སུ་ཕྱིན་ལ་རྒྱལ་ཐོ་བསྡུ་བ་ནི༔ ཉེར་སྤྱོད་རྣམས་བཤམས་ལ་བྱིན་གྱིས་བརླབས་པ་ནི༔ རཾ་ཡཾ་ཁཾ༔ ཨོཾ་བཛྲ་ཨ་མྲྀ་ཏ༴ ཨོཾ་སྭ་བྷཱ༴ སྟོང་པ་ཉིད་དུ་སོགསགཏེར་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ ནམ་མཁའ་མཛོད་སྔགས་ལན་གསུམ་དང༔ ཨོཾ་ཨ་ཀཱ་རོ་སོགས༔ ཨོཾ་བཻ་རུ་བཀྵ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནསཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ལྗགས་རིན་པོ་ཆེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཐུགས་མཉེས་ཤིང་ཚིམ་པར་གྱུར༔ ཨོཾ་བཻ་རུ་བཀྵ་ཡེ་ས་པ་རི་ཝཱ་ར་ཨེ་དཾ༴ ལན་བདུན་གྱིས་གཏོར་མ་ཕུལ་རྗེས་གཤེགས་བསྡུ་ནི༔ ཀྱཻ༔ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་༔ གཏང་རག་གསེར་སྐྱེམས༴ ད་ལྟ་རང་རང་༴ སླར་ཡང་ཕྲིན་ལས༴ རྫུ་འཕྲུལ་ཆེན་པོས༴ བར་ཆད་བསྲུང་ལ་དངོས་གྲུབ་སྩོལ༔ བཛྲ་མུཿཞེས་བརྗོད་ལ་སྐུ་རྟེན་བཀྲོལ༔ དེ་ནས་བྱང་ཕྱོགས་སུ་ཕྱིན་ལ་རྒྱལ་ཐོ་བསྡུ་བ་ནི༔ ཉེར་སྤྱོད་རྣམས་བཤམས་ལ་བྱིན་གྱིས་བརླབས་པ་ནི༔ རཾ་ཡཾ་ཁཾ༔ ཨོཾ་བཛྲ་ཨ་མྲྀ་ཏ༴ ཨོཾ་སྭཱ་བྷཱ་ཝ༴ སྟོང་པ་ཉིད་དུ་གྱུར༴ སོགས།གཏེར་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ ནམ་མཁའ་མཛོད་སྔགས་ལན་གསུམ་དང་༔ ཨོཾ་ཨ་ཀཱ་རོ་སོགས༔ ཨོཾ་བཻ་ཤྲ་མ་ཎ་ཡཻ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ལྗགས་རིན་པོ་ཆེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཐུགས་མཉེས་ཤིང་ཚིམ་པར་གྱུར༔ ཨོཾ་བཻ་ཤྲ་མཎ་ཡེ་ས་པ་རི་ཝ་ར་ཨེ་དཾ༴ ལན་བདུན་གྱིས་གཏོར་མ་ཕུལ་རྗེས་གཤེགས་བསྡུ་ནི༔ ཀྱཻ༔ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས༔ གཏང་རག་གསེར་སྐྱེམས༴ ད་ལྟ་རང་རང༴ སླར་ཡང་ཕྲིན་ལས༴ རྫུ་འཕྲུལ་ཆེན་པོས༴ བར་ཆད་བསྲུང་ལ་དངོས་གྲུབ་སྩོལ༔ བཛྲ་མུཿཞེས་བརྗོད་ལ་སྐུ་རྟེན་བཀྲོལ༔ ཟབ་དང་རྒྱ་ཆེ་གཟིགས་པ་པོ༔ ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ༔ སྤྱན་མི་བཟང་དང་རྣམ་ཐོས་སྲས༔ རྒྱལ་ཆེན་བཞི་ཡི་བཀྲ་ཤིས་ཤོག༔ སོགས་ཀྱིས་ཤིས་པ་བརྗོད༔ དེ་ལྟར་གནད་དང་ལྡན་བྱས་ན༔ དངོས་གྲུབ་བར་ཆད་བསྲུང་ཞིང་སེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ (བརྡ་ཡིག་) ཞེས་པ་འདི་ནི་རང་སློབ་དམ་པ་ཧོར་བླ་བཙུན་རྣམས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་བློ་བཟང་རྡོ་རྗེའོ། །འདི་ཉིད་གཏེར་གཞུང་དུ་ཉུང་ཆེ་བས་རྩ་ཚིག་ཐམས་ཅད་སོར་བཞག་བྱས་ཏེ་སྤྱི་འགྲོས་དང་མཐུན་པར་འཇིགས་མེད་གཞན་ཕན་གྱིས་ཆོག་འགྲིགས་སུ་བཀོད་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།