ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཨོ་རྒྱན་ཆེན་པོའི་ཕྱག་རྒྱ་བདུད་རྩིའི་བུམ་བཟང་༔

From Dudjom Wiki
TTDL-ZABTER-12-NA-046
Wylie title chos nyid nam mkha'i klong mdzod las: o rgyan chen po'i phyag rgya bdud rtsi'i bum bzang: TTDL-ZABTER-12-NA-046.pdf
Location bdud 'joms gling pa zab gter
Volume 12, Text 46, Pages 271-272 (Folios 1a1 to 1b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las o rgyan chen po'i phyag rgya bdud rtsi'i bum bzang. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: 271-272. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: phyag rgya   Verso: bdud 'joms o rgyan bla sgrub
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Colophon
  • First colophon: ཞེས་པ་འདི་ནི་སྨོན་ལམ་བཟང་པོས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།
  • Second colophon: པདྨ་ལས་འབྲེལ་རྩལ་གྱིས་སོ།།
  • First colophon: zhes pa 'di ni smon lam bzang pos nan du bskul ngor bdud 'joms rdo rjes chos nyid nam mkha'i klong mdzod las bsgyur ba'o/_/dge'o/_/legs so/_/sarba mang+ga laM//
  • Second colophon: pad+ma las 'brel rtsal gyis so//
[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཨོ་རྒྱན་ཆེན་པོའི་ཕྱག་རྒྱ་བདུད་རྩིའི་བུམ་བཟང་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་སྟེ༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་ལ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ པདྨ་ཉི་ཟླའི་གདན་སྟེང་དུ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་༔ སྐུ་མདོག་དཀར་དམར་འོད་ཕུང་འབར༔ ཞལ་འཛུམ་སྤྱན་གདངས་ཁྲོ་གཉེར་སྡུད༔ པད་ཞྭ་བེར་མཐིང་ཐང་ཤམ་སྨུག༔ ཕྱག་གཡས་གསེར་གྱི་རྡོ་རྗེ་བསྡིགས༔ གཡོན་པས་མཉམ་བཞག་ཐོད་བུམ་བསྣམས༔ རྒྱལ་པོ་རོལ་པའི་སྟབས་སུ་འགྱིང་༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བརྟེན༔ རིགས་བདག་སྣང་བ་མཐའ་ཡས་དམར༔ ཐུགས་ཀར་པདྨ་ཟླ་གདན་ལ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཧྲཱིཿ ལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ བསྐྱེད་དང་དམིགས་གསལ་གནད་ལྡན་པས༔ འདི་ལྟར་བསྒོམ་བཟླས་ལ་འབད་ན༔ ཉམས་རྟོགས་ཡོན་ཏན་གོང་འཕེལ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ནི་སྨོན་ལམ་བཟང་པོས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། དེ་ནས་བསྟོད་པ་བྱ་བ་ནི༔ ཧྲཱིཿ རིག་སྟོང་མ་བཅོས་ཆོས་ཉིད་དེ་བཞིན་ཉིད༔ རིག་གདངས་མ་འགགས་ལྷུན་གྲུབ་བུམ་པའི་སྐུ༔ རིག་རྩལ་འགྲོ་ལ་རྗེས་ཆགས་སྤྲུལ་པའི་སྐུ༔ རིག་འཛིན་པདྨ་ཐོད་ཕྲེང་རྩལ་ལ་བསྟོད༔ པདྨ་ལས་འབྲེལ་རྩལ་གྱིས་སོ།།