ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་བསྐང་བ་བསམ་འཕེལ་ནོར་བུ༔

From Dudjom Wiki
TTDL-ZABTER-13-PA-007
Wylie title chos nyid nam mkha'i klong mdzod las: sngags srung dbyings kyi rje mo'i bskang ba bsam 'phel nor bu: TTDL-ZABTER-13-PA-007.pdf
Location bdud 'joms gling pa zab gter
Volume 13, Text 7, Pages 19-20 (Folios 1a1 to 1b1)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las sngags srung dbyings kyi rje mo'i bskang ba bsam 'phel nor bu. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 19-20. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang ba   Verso: bdud 'joms srung ma sngags srung
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity E ka dzA Ti
Colophon

ཞེས་པ་འདི་སློབ་བུ་ངག་དབང་རྡོ་རྗེས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di slob bu ngag dbang rdo rjes nan du bskul ngor bdud 'joms rdo rjes nam mkha'i mdzod las bsgyur ba'o/_/dge'o/_/dge'o/_/dge'o//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་བསྐང་བ་བསམ་འཕེལ་ནོར་བུ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) མ་ཆེན་བསྒྲུབ་པའི་རྣལ་འབྱོར་གྱིས༔ བསྐང་བ་བསམ་འཕེལ་ནོར་བུ་འདི༔ རྟག་ཏུ་གྲངས་མང་བསྐྱར་བ་གནད༔ དངོས་སུ་འབྱོར་བའི་མཆོད་པ་ལ༔ ཡིད་ཀྱིས་ནམ་མཁའ་མཛོད་དུ་སྤེལ༔ ནམ་མཁའི་མཛོད་སྔགས་དང་སྦྲེལ་ཏེ༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ དབྱིངས་ཀྱི་རྗེ་མོ་འཁོར་དང་བཅས༔ འབོད་དོ་མྱུར་དུ་ད་ཚུར་བྱོན༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་ཁྲག༔ ནལ་བུའི་ཤ་ཁྲག་གཏོར་མ་གསུར༔ མཐུན་རྫས་རྣམ་པ་སྣ་ཚོགས་ཀྱིས༔ ཨེ་ཀ་ཙ་ཏིའི་ཐུགས་དམ་བསྐང་༔ དབྱིངས་ཀྱི་རྗེ་མོའི་ཐུགས་དམ་བསྐང་༔ སྤྲུལ་འཁོར་བཀའ་སྡོད་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ལ་ཉམས་ཆག་བཤགས༔ གསོལ་ལོ་མཆོད་དོ་དགྱེས་དགོངས་ཏེ༔ རྟག་ཏུ་བྱམས་བརྩེས་བདག་སྐྱོང་ཞིང་༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལས༔ བསམ་པ་ཙམ་གྱིས་མྱུར་འགྲུབ་མཛོད༔ ཚེ་བསྲིང་སྲོག་སྐྱོབ་དཔལ་ཡོན་བསྐྱེད༔ དམ་ལ་མ་འདའ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ལྟར་རྟག་ཏུ་གྲངས་མང་པོ༔ བསྐྱར་བས་ལུས་དང་གྲིབ་བཞིན་འགྲོགས༔ ལེགས་པའི་ཡོན་ཏན་ཐམས་ཅད་ཀུན༔ མ་འབད་མྱུར་དུ་འབྱུང་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་སློབ་བུ་ངག་དབང་རྡོ་རྗེས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།། །།