ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོ་ལ་བརྟེན་ནས་དགྲ་བོ་སྨྱོ་འབོགས་གཏོང་བའི་མན་ངག༔

From Dudjom Wiki
TTDL-ZABTER-13-PA-017
Wylie title chos nyid nam mkha'i klong mdzod las: sngags srung dbyings kyi rje mo la brten nas dgra bo smyo 'bogs gtong ba'i man ngag: TTDL-ZABTER-13-PA-017.pdf
Location bdud 'joms gling pa zab gter
Volume 13, Text 17, Pages 61-62 (Folios 1a1 to 1b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las sngags srung dbyings kyi rje mo la brten nas dgra bo smyo 'bogs gtong ba'i man ngag. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 61-62. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: man ngag   Verso: bdud 'joms srung ma sngags srung
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Pith Instructions - man ngag
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity E ka dzA Ti
Colophon

ཞེས་པ་འདི་སློབ་བུ་ངག་དབང་གིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di slob bu ngag dbang gis bskul ngor bdud 'joms rdo rjes nam mkha'i mdzod las bsgyur ba'o/_/dge'o/_/dge'o/_/dge'o//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོ་ལ་བརྟེན་ནས་དགྲ་བོ་སྨྱོ་འབོགས་གཏོང་བའི་མན་ངག་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) དགྲ་ལ་སྨྱོ་འབོགས་གཏོང་བའི་ཐབས་བརྩོན་ན༔ དབྱིངས་ཀྱི་རྗེ་མོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ༔ གཞུང་བཞིན་འགྲུབ་པའི་རྟགས་མཚན་མ་ཐོན་བར༔ བསྒྲུབ་ནས་མཐའ་མ་ལས་ལ་སྦྱོར་བ་ནི༔ སྨྱོ་བྲུན་བག་ཟན་བསྲེ་བའི་ངར་མི་ནི༔ དབང་པོ་ཡན་ལག་ཚང་བ་གཅིག་བྱས་ཏེ༔ སྙིང་ཁར་དགྲ་བོའི་མིང་རུས་མཁན་གསུམ་གཞུག༔ ཐུན་རྫས་ཟངས་ཁབ་སོར་བཞི་པ་ཞིག་ལ༔ བྱད་ཐག་སྔོ་དམར་བཏགས་ཅིང་ཐར་ནུ་དང་༔ བོང་ང་ར་དུག་བསྲེས་པའི་འདག་པ་བྱུག༔ ངར་མི་དེ་ཉིད་བྲུབ་ཁུང་ནང་དུ་གཞུགས༔ མགོ་ལ་བྱ་རོག་འུག་པའི་སྒྲོ་བཙུག་སྟེ༔ བསྐུལ་བ་མང་འདོན་འགུགས་གཞུག་སྟོང་ཕྲག་གམ༔ བརྒྱ་ཕྲག་ཚད་དུ་བསྐྱལ་ནས་སྔགས་འདི་བརྗོད༔ ཧེ་ནར་ཤུ་ཏུ་ནན༔ ཅེས་སྨྲ་བཅད་སྔགས་འདི་འབྲུ་འབུམ་བཞི་རུ་བསྐྱལ་ཏེ༔ ཟངས་ཁབ་ལ་བཏབ་སྟེ་ངར་མིའི་སྙིང་གར་བརྒྱབ་པས་སྨྱོ་བར་འགྱུར༔ བརྒྱ་ཕྲག་རེའི་མཚམས་སུ་ཟངས་ཁབ་ལ་བཏབ་ཅིང་༔ ངར་མིའི་སྙིང་གར་བཏབ་ཚད་ཡང་ཡང་བྱ༔ མཐར་ནི་ལམ་རྒྱ་གྲམ་འོག་ཏུ་ཁ་སྦུབ་ཏུ་མནན༔ དེ་ཡིས་དགྲ་བོ་སྨྱོ་བར་ཐེ་ཚོམ་མེད་དོ༔ ཡང་ན་ལིང་ག་སྤྱི་ལྟར་བྲིས་ནས་སུ༔ བྲུབ་ཁུང་ནང་འཕང་སྨྱོ་བྲུན་ནྲྀཿལ་བྱུག༔ སྨྱོ་བྲུན་ཐུན་ལ་སྔགས་འདི་མང་བཏབ་སྟེ༔ ཏྲི་ཤ་དྲིག་ཐུན་སོད༔ ཀ་དྲ་སོད༔ དུ་ཏྲི་མུ་སོད༔ ཆེ་གེ་མཱ་ར་ཡ་སོད༔ སྨྲ་བཅད་བདུན་ཞག་གསུམ་དུ་དེ་བསྒྲུབ་ན༔ དགྲ་ལ་སྨྱོ་འབོག་འབྱུང་བར་ཐེ་ཚོམ་མེད༔ ཡང་ན༔ མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྴ་སྙིང་ཁ་རཀྨོ་བྷྱོ༔ ཆེ་གེ་མོའི་ཙིཏྟ་བསྒུལ་བསྒུལ་སྲོག་རྩར་ཡཾ་ཡཾཿཛྭ་ལ་པ་ཡ་ཛྭ་ལ་པ་ཡ༔ ཡཾ་ཡཾ་མཱ་ར་ཡ་རྦད༔ ཅེས་སྨྲ་བཅད་ཞག་པོ་ཉེར་གཅིག་གྲངས་རྫོགས་པར༔ སྔགས་འདི་བརྗོད་དེ་སྨྱོ་བྲུན་ཐུན་གྱིས་བྲབ༔ ནམ་གྱི་གུང་ལ་འགུགས་གཞུག་ནན་དུ་བསྐྱར༔ མཐར་ནི་ལིང་ག་སྐྱེར་ཚེར་མེ་ལ་བསྲེགས༔ ལམ་ཆེན་རྒྱ་གྲམ་འོག་ཏུ་ཐལ་བ་མནན༔ གནད་དེ་དགྲ་ལ་སྨྱོ་འབོགས་ཆར་འབེབས་འགྱུར༔ བཀའ་སྲུང་དྲེགས་པ་གཟའ་བདུད་རྒྱལ་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་སློབ་བུ་ངག་དབང་གིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།། །། ༈ སྔགས་སྲུང་མའི་བསྐུལ་བ་སྨྱོ་བསྐུལ་བྱེད་ཚེ༔ ཛཿ བཞེངས་ཤིག་ཆོས་ཀྱི་དབྱིངས་སོགས་ནས་ལོ་ཟླར་བཞག་ན་བསྟན་པ་འཇིག༔ བར་རོ༔ དོ་ནུབ་ཉིད་དུ་སྨྱོ་རུ་ཆུག༔ མ་འགྱངས་སྨྱོ་འབོགས་སྙིང་ལ་ཕོབ༔ ཡང་བསྐུལ་གཞུང་ལས༔ ནམ་མཁའ་སེར་སྤྲིན་སོགས་ནས་ས་གཞིར་ཐོག་གི་ཆར་པ་ཕོབ༔ བར་རོ༔ དེ་ནས༔ དགྲ་བོའི་སྲོག་རྩར་སྨྱོ་འདྲེ་ཕོབ༔ མ་འགྱངས་མི་རིང་སྨྱོ་རུ་ཆུག༔ སྨྱོས་ཤིང་ཉེས་པ་དྲན་དུ་ཆུག༔ དྲན་ནས་ལྷང་ལྷང་སྒྲོག་ཏུ་ཆུག༔ སྒྲོགས་ཤིང་རང་སྲོག་གཅོད་དུ་ཆུག༔ ལྟས་ངན་ཐན་གྱི་ཡོ་ལངས་སོགས་གཞུང་བཞིན་ནོ༔