ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་ནོར་གྱི་བདག་པོའི་བསྐང་གསོལ་དགོས་འདོད་ཆར་འབེབས༔

From Dudjom Wiki
TTDL-ZABTER-13-PA-040
Wylie title chos nyid nam mkha'i klong mdzod las: gnod sbyin nor gyi bdag po'i bskang gsol dgos 'dod char 'bebs: TTDL-ZABTER-13-PA-040.pdf
Location bdud 'joms gling pa zab gter
Volume 13, Text 40, Pages 139-140 (Folios 1a1 to 1b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las gnod sbyin nor gyi bdag po'i bskang gsol dgos 'dod char 'bebs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 139-140. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang gsol   Verso: bdud 'joms srung ma a par tsit+ta
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog  ·  Protector Rituals - gsol mchod
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity A pa ra tsit+ta
Colophon

ཞེས་པ་འདི་ཡང་རིགས་སྲས་དྲི་མེད་འོད་ཟེར་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di yang rigs sras dri med 'od zer gyis bskul ngor bdud 'joms rdo rjes gtan la phab pa'o/_/dge'o/_/dge'o/_/dge'o//

[edit]
ཐྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་ནོར་གྱི་བདག་པོའི་བསྐང་གསོལ་དགོས་འདོད་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) གནོད་སྦྱིན་ནོར་བདག་བསྐང་གསོལ་ལ༔ འབྱོར་ཚོགས་ཅི་རིགས་བཤམས་བྱས་ཏེ༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ རྟེན་འབྲེལ་སྙིང་པོས་བྱིན་གྱིས་བརླབས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ ཀྵ༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ནོར་བདག་ཨ་པར་ཙིཏྟ་དང་༔ ཛམ་ལྷ་རིགས་ལྔ་འཁོར་དང་བཅས༔ དད་དང་དམ་ཚིག་གཉན་གྱིས་འབོད༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས༔ བདག་གི་གྲོགས་དང་སྲུང་མར་བཞུགས༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བདུད་རྩི་སྨན་གཏོར་རཀྟ་དང་༔ ཤ་སྣ་སྙིང་སྣ་ཁྲག་སྣ་དང་༔ ཤ་རི་ཁྲག་མཚོ་རུས་གྲམ་ཁྲོད༔ ཇ་ཆང་འོ་ཞོ་མར་དང་ཐུད༔ འབྲུ་སྣ་སྨན་སྣ་ཟས་སྣ་ཚོགས༔ དར་ཟབ་གོ་མཚོན་རིན་ཆེན་ནོར༔ གཟུགས་འགྲོས་རྣམ་པ་སྣ་ཚོགས་པས༔ གནོད་སྦྱིན་ཤན་པ་དམར་ནག་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ནོར་བདག་ཨ་པར་ཙིཏྟ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཛམ་ལྷ་རིགས་ལྔ་འཁོར་བཅས་ལ༔ གསོལ་ལོ་མཆོད་དོ༴ ལས་མཁན་སྤྲུལ་པའི་འཁོར་བརྒྱད་ལ༔ གསོལ་ལོ་མཆོད་དོ༴ འཁོར་ཚོགས་བྱེ་བ་འབུམ་སྡེ་ལ༔ གསོལ་ལོ་མཆོད་དོ༴ ཐུགས་དང་འགལ་འདས་ནོར་འཁྲུལ་བཤགས༔ ཕ་མ་བུ་ཚ་བཞིན་བརྩེས་སྐྱོངས༔ ནད་གདོན་བར་ཆད་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་རྒྱས་པ་དང་༔ སྣང་སྲིད་སྐྱེ་འགྲོ་དབང་དུ་བསྡུས༔ འདོད་རྒུའི་ལོངས་སྤྱོད་ཆར་དུ་ཕོབ༔ དགྲ་བགེགས་གནོད་བྱེད་མ་ལུས་པ༔ མངོན་སྤྱོད་དྲག་པོའི་ལས་ཀྱིས་སྒྲོལ༔ བཀའ་དམ་གཉན་པོ་དཔང་དུ་བཙུག༔ མ་འདའ་བཛྲ་ས་མ་ཡ༔ དེ་ལྟར་གྲངས་ལྡན་བསྐྱར་གྱུར་ན༔ འབྲལ་བ་མེད་པའི་གྲོགས་སུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་རིགས་སྲས་དྲི་མེད་འོད་ཟེར་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའོ། །དགེའོ། །དགེའོ། །དགེའོ།། །།