ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་ཤ་ཟ་ཆེན་མོའི་གསོལ་མཆོད༔

From Dudjom Wiki
TTDL-ZABTER-13-PA-071
Wylie title chos nyid nam mkha'i klong mdzod las: sngags srung sha za chen mo'i gsol mchod: TTDL-ZABTER-13-PA-071.pdf
Location bdud 'joms gling pa zab gter
Volume 13, Text 71, Pages 273-274 (Folios 1a1 to 1b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las sngags srung sha za chen mo'i gsol mchod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 273-274. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol mchod   Verso: bdud 'joms srung ma sha za kha mo che
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Rituals - gsol mchod
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity sha za kha mo che
Colophon

ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཆོས་ཉིད་ནམ་མཁའི་མཛོད་ལས་ཕབ་པའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di yang khrag 'thung rdo rje khro lod rtsal gyis chos nyid nam mkha'i mdzod las phab pa'o/_/dge'o/_/dge'o/_/dge'o//

[edit]
ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་ཤ་ཟ་ཆེན་མོའི་གསོལ་མཆོད་བཞུགས་སོ༔ ན་མོ་གུ་རུ་བྷྱ༔ (བརྡ་ཡིག་) ཕུད་སྐྱེམས་གཏོར་མ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ་ལ༔ ཧཱུྃ༔ རང་ཉིད་ཡི་དམ་དྲག་པོ་ཧེ་རུའི་མདུན་དུ་དུར་ཁྲོད་རབ་ཏུ་འཇིགས་པའི་གནས་ཁྲག་གི་རྒྱ་མཚོ་ཆེན་པོའི་ཀློང་དུ་ཀེང་རུས་སྐམ་པོའི་ཐོད་མཁར་མེ་འབར་བའི་དབུས་སུ༔ མཿལས་ཤ་ཟའི་རྒྱལ་མོ་ཁ་མོ་ཆེ་མི་ལྤགས་རློན་པའི་གཡང་གཞི་གསོལ་ཞིང་ནག་མོ་ཁྲག་གི་རལ་པས་དགྲ་ལ་ཁྲག་ནད་འབེབས་ཤིང་བསྟན་དགྲ་ཧུབ་འདེབས་ཀྱི་ཁ་བོ་ཆེ་མཆན་ཁུང་གཡོན་དུ་གདེངས་པ་ནད་རྐྱལ་ནག་པོ་མཆན་ཁུང་གཡས་ན་བཅུག་སྟེ་ལག་གཡས་ཞིང་ལྤགས་ཀྱི་རུ་མཚོན་དང་གཡོན་ཐོད་ཁྲག་ཐོགས་པ༔ བོང་བུ་ནག་པོ་ལ་བཅིབས་ཤིང་འཁོར་རང་འདྲ་བརྒྱད་དང་བཅས་པ་ཐམས་ཅད་སྒྲུབ་མཆོག་རྣམས་ལ་བརྩེ་ཞིང་དགྱེས་ཏེ་དགྲ་བོའི་སྲོག་ལ་རྔམས་ཤིང་བསྟན་ལ་དགོངས་པར་གྱུར༔ གནས་གསུམ་ལས་འོད་འཕྲོས་པས་སྣང་སྲིད་འཁོར་འདས་གར་བཞུགས་པའི་གནས་ནས་སྤྱན་དྲངས་ལ་བསྟིམ་མོ༔ ཧོཿ དགོངས་སུ་གསོལ་ལོ༔ ཧོཿ དགོངས་སུ་གསོལ་ལོ༔ ཧོཿ དགོངས་སུ་གསོལ་ལོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་མ་མོ་ཡོངས་ཀྱི་གཙོ་མོ་ནག་མོ་ཁྲག་གི་རལ་བསིགས་ཤ་ཟ་ཌཱ་ཀི་ཁ་མོ་ཆེ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་ཐམས་ཅད་བཀའ་དང་དམ་ཚིག་གཉན་པོ་ལ་མ་འདའ༔ དམ་ཚིག་གཉན་གྱིས་འབོད་དོ༔ དམ་ཚིག་དབང་གིས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿལན་གསུམ༔ སྟྭཾ་སྟྭཾ༔ སྤེལ་སྔགས་མཐར༔ ཧཱུྃ་བྷྱོ༔ ཤ་ཟ་ཌཱ་ཀི་ཁ་མོ་ཆེ༔ མ་ཁྱོད་སྤྲུལ་འཁོར་བཀའ་སྡོད་བཅས༔ དད་དང་དམ་ཚིག་གཉན་གྱིས་འབོད༔ སྒྲུབ་པའི་གནས་རྫས་འདིར་རྟེན་ཆོས༔ འདོད་ཡོན་མི་ཟད་རྒྱན་འཁོར་གྱིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ སྐད་ཅིག་མི་འབྲལ་གྲོགས་མཛོད་ལ༔ བསམ་དོན་ཡིད་བཞིན་འགྲུབ་པ་དང་༔ དགྲ་བགེགས་ཚར་གཅོད་ཕྲིན་ལས་མཛོད༔ མ་མ་བཛྲ་ས་མ་ཡ༔ ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཆོས་ཉིད་ནམ་མཁའི་མཛོད་ལས་ཕབ་པའོ། །དགེའོ། །དགེའོ། །དགེའོ།། །།