ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དཀོར་སྲུང་རྒྱལ་པོ་ཆེན་པོའི་གསོལ་མཆོད་འདོད་ཡོན་སྤྲིན་དཔུང་༔

From Dudjom Wiki
TTDL-ZABTER-13-PA-091
Wylie title chos nyid nam mkha'i klong mdzod las: dkor srung rgyal po chen po'i gsol mchod 'dod yon sprin dpung: TTDL-ZABTER-13-PA-091.pdf
Location bdud 'joms gling pa zab gter
Volume 13, Text 91, Pages 333-334 (Folios 1a1 to 1b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las dkor srung rgyal po chen po'i gsol mchod 'dod yon sprin dpung. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 333-334. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol mchod   Verso: bdud 'joms srung ma gnod sbyin dkor rgyal
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Rituals - gsol mchod
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity Gnod sbyin dkor rgyal
Colophon
  • First colophon: ཅེས་པ་འདི་ཉིད་ཉེར་མཁོའི་ཆེད་དུ་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།།
  • Second colophon: བདུད་འཇོམས་པས་སོ།།
  • First colophon: ces pa 'di nyid nyer mkho'i ched du bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'o/_/dge'o/_/dge'o/_/dge'o//
  • Second colophon: bdud 'joms pas so//
[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དཀོར་སྲུང་རྒྱལ་པོ་ཆེན་པོའི་གསོལ་མཆོད་འདོད་ཡོན་སྤྲིན་དཔུང་བཞུགས་སོ༔ དྡྂ།༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཆོས་སྐྱོང་ཆེན་པོའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ཐུགས་གཡོ་བ་ཙམ་གྱིས་བདག་གི་མདུན་དུ་ལྷགས་པར་གྱུར༔ ཨོཾ་སྭ་བྷཱ་ཝས་མཆོད་རྫས་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས༔ སྟོང་པའི་ངང་ལས་མཆོད་རྫས་བཤམས་པའི་ངོ་བོ་དང་ཁམས་གསུམ་འབྱུང་བའི་ངོ་བོ་རྣམས་བསྡུས་ཏེ་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཚུར་འདུས་ཏེ་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རྐང་དང་ཚིལ་ཞག་གི་བྲག་རི་དཀར་གསུམ་བདུད་རྩིའི་རྒྱ་མཚོ་མངར་གསུམ་བཅུད་ཀྱི་བྲག་རི་འབྲུ་སྣ་དང་ཤིང་ཏོག་དཀོར་ནོར་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་ཆེན་པོ་ཡིད་ལ་གང་དྲན་པ་ཐམས་ཅད་འབྱུང་བའི་རང་བཞིན་ཅན་དུ་གྱུར༔ ཨོཾ་ཨ་ཀཱ་རོས་བརླབས༔ ནམ་མཁའ་མཛོད་དུ་སྔགས་ཀྱིས་སྤེལ༔ ཀྱཻ༔ དཀོར་སྲུང་ཙནྡྲ་སྨ་ར་ཅན༔ རྫུ་འཕྲུལ་སྟོབས་ཀྱི་བདག་པོ་ཁྱོད༔ མ་ཐོགས་གནས་འདིར་གཤེགས་སུ་གསོལ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ འདོད་ཡོན་ནམ་མཁའ་མཛོད་དུ་འབུལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ དགྱེས་པར་དགོངས་ཤིང་བཞེས་སུ་གསོལ༔ ཨོ་རྒྱན་པདྨ་ཐོད་ཕྲེང་དང་༔ ཀློང་གསལ་སྙིང་པོའི་བཀའ་དམ་ཚིག༔ གཏའ་རུ་བཞག་སྟེ་ཁྱོད་སྒྲུབ་མཆོད༔ བདག་ཅག་འཁོར་དང་བཅས་པ་ཡི༔ མི་མཐུན་ཉེར་འཚེ་ཀུན་ཞི་ཞིང་༔ དཀོར་ནོར་ལོངས་སྤྱོད་རྒྱས་པ་དང་༔ སྣང་སྲིད་སྐྱེ་འགྲོ་ཟས་ནོར་དཀོར༔ འདོད་རྒུའི་ལོངས་སྤྱོད་དབང་དུ་བསྡུས༔ མི་ཕྱུགས་ནོར་ལ་འཚེ་བ་ཡི༔ གཟུགས་ཅན་གཟུགས་མེད་དགྲ་དང་བགེགས༔ མ་ལུས་ཐལ་བའི་རྡུལ་དུ་རློགས༔ སྲིད་འཚོའི་བར་དུ་སྲུང་སྐྱོབ་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་པ་འདི་ཉིད་ཉེར་མཁོའི་ཆེད་དུ་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།། །། ༁ྃ༔ ཀྱཻ༔ དཀོར་སྲུང་ཆེན་པོ་ཟླ་བ་ཡི༔ མིང་གི་ཅོད་པན་འཆང་བ་ཁྱོད༔ སྣང་སྲིད་འདི་ན་གར་གནས་ཀྱང་༔ སྐད་ཅིག་ཉིད་དུ་གཤེགས་སུ་གསོལ༔ བདག་གི་དཀོར་གྱི་སྲུང་མར་བཞུགས༔ རྟ་ལུག་གནག་ཕྱུགས་དཀོར་རྣམས་ལ༔ སྲུང་ཞིང་སྐྱོབ་པའི་སྲུང་མ་མཛོད༔ དགྲ་བགེགས་གནོད་བྱེད་ཆོམ་ལ་ཕོབས༔ ཅི་འདོད་འདོད་ཡོན་དབང་དུ་བསྡུས༔ དམ་ལ་མ་འདའ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བདུད་འཇོམས་པས་སོ།། །།