ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཕྱི་སྒོ་དབྱེ་བ་རྡོ་རྗེའི་བཀའ་ཉན༔

From Dudjom Wiki
TTDL-ZABTER-14-PHA-023
Wylie title chos nyid nam mkha'i klong mdzod las: phyi sgo dbye ba rdo rje'i bka' nyan: TTDL-ZABTER-14-PHA-023.pdf
Location bdud 'joms gling pa zab gter
Volume 14, Text 23, Pages 211-212 (Folios 1a1 to 1b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las phyi sgo dbye ba rdo rje'i bka' nyan. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: 211-212. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: phyi sgo dbye ba   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Colophon

ཞེས་པ་འདིའང་སྐྱེས་བུ་ཆེ་མཆོག་གིས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di'ang skyes bu che mchog gis bskul ngor rig 'dzin bdud 'joms rdo rjes chos nyid nam mkha'i klong mdzod las bsgyur ba'o/_/dge'o/_/dge'o/_/dge'o//

[edit]
༼བྗྂ༽༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཕྱི་སྒོ་དབྱེ་བ་རྡོ་རྗེའི་བཀའ་ཉན་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དཀྱིལ་འཁོར་ཕྱི་ཡི་སྒོ་ཕྱེ་ལ༔ དཀར་གཏོར་དང་ནི་ཕུད་སྣོད་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ཡིས༔ ཀུན་བཟང་མཆོད་པའི་སྤྲིན་དུ་སྤེལ༔ ཀྱཻ༔ སྲིད་པ་ཤར་གྱི་མངའ་བདག་པོ༔ རྡོ་རྗེ་ཅན་ལ་སོགས་པ་ཡི༔ ཤར་ཕྱོགས་སྲིད་པའི་ལྷ་འདྲེ་རྣམས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ རྡོ་རྗེའི་དམ་ཚིག་རྗེས་དྲན་ནས༔ སྐུ་བཟུར་ཟོར་གྱི་ལམ་ཕྱེས་ཤིག༔ གོ་བགོས་མཚོན་ཐོགས་དགྲ་ལ་ཆོས༔ ཐུན་ཟོར་དགྲ་བགེགས་སྲོག་ལ་ཕོབ༔ དྲག་པོའི་ཕྲིན་ལས་གྲུབ་པར་མཛོད༔ ཀྱཻ༔ སྲིད་པ་ལྷོ་ཡི་མངའ་བདག་པོ༔ གཤིན་རྗེ་ཡ་མ་རཱ་ཙ་སོགས༔ ལྷོ་ཕྱོགས་སྲིད་པའི་ལྷ་འདྲེ་རྣམས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ རྡོ་རྗེའི་དམ་ཚིག་རྗེས་དྲན་ནས༔ སྐུ་བཟུར་ཟོར་གྱི་ལམ་ཕྱེས་ཤིག༔ གོ་བགོས་མཚོན་ཐོགས་དགྲ་ལ་ཆོས༔ ཐུན་ཟོར་དགྲ་བགེགས་སྲོག་ལ་ཕོབ༔ དྲག་པོའི་ཕྲིན་ལས་གྲུབ་པར་མཛོད༔ ཀྱཻ༔ སྲིད་པ་ནུབ་ཀྱི་མངའ་བདག་པོ༔ ཆུ་བདག་རྒྱལ་པོ་འཁོར་དང་བཅས༔ ནུབ་ཕྱོགས་སྲིད་པའི་ལྷ་འདྲེ་རྣམས༔ མཆོད་སྦྱིན་གཏོར་མ་སོགས༔ ཀྱཻ༔ སྲིད་པ་བྱང་གི་མངའ་བདག་པོ༔ གནོད་སྦྱིན་རྒྱལ་པོ་འཁོར་དང་བཅས༔ བྱང་ཕྱོགས་སྲིད་པའི་ལྷ་འདྲེ་རྣམས༔ མཆོད་སྦྱིན་གཏོར་མ་སོགས༔ ཀྱཻ༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ ཕྱོགས་སྐྱོང་དང་ནི་སྡེ་བརྒྱད་སོགས༔ སྲིད་པའི་ས་བདག་ཀླུ་གཉན་སྡེ༔ མ་ལུས་འཁོར་དང་ཡང་འཁོར་བཅས༔ གསེར་སྐྱེམས་གཏོར་མ་འདི་བཞེས་ལ༔ གཡས་སུ་འདུག་པ་གཡས་སུ་བྱོལ༔ གཡོན་དུ་འདུག་པ་གཡོན་དུ་བྱོལ༔ ཐད་དུ་འདུག་པ་སྐུ་བཟུར་ལ༔ གོ་བགོས་མཚོན་ཐོགས་ལས་ལ་ཆོས༔ ཐུན་ཟོར་དགྲ་བགེགས་སྲོག་ལ་ཕོབ༔ བཀའ་དང་དམ་ཚིག་རྗེས་དྲན་ནས༔ རྣལ་འབྱོར་སྒྲུབ་པའི་དཔུང་གྲོགས་མཛོད༔ གལ་ཏེ་གདོང་ལ་ཕོག་ཐུག་ན༔ ང་ནི་མ་ཉེས་མ་ཡོའོ༔ ཆད་པ་དགྲ་དང་བགེགས་ལ་ཕོབ༔ དཀོན་མཆོག་གསུམ་གྱི་གཟུ་དཔང་མཛོད༔ གཏོར་ལམ་ཕྱེས༔ ཟོར་ལམ་ཕྱེས༔ ཡས་ལམ་ཕྱེས༔ དགྲ་བགེགས་གདུག་པ་ཅན་རྣམས་མ་ཤོར་བར་སྐད་ཅིག་ད་ལྟ་ཉིད་དུ་བསྒྲལ་ཞིང་བརླག་པའི་ཕྲིན་ལས་མཛོད༔ ཨོཾ་ཨ་ཀ་ནི་སོགས་ཞེས་སྔགས་ལན་གསུམ་བརྗོད༔ དེ་ལྟར་ཚུལ་བཞིན་ལག་ལེན་ན༔ ཉེས་པ་ཀུན་སེལ་དགྲ་བགེགས་སྒྲོལ༔ མངོན་སྤྱོད་ཕྲིན་ལས་ཐོགས་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདིའང་སྐྱེས་བུ་ཆེ་མཆོག་གིས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།། །།