བླ་མའི་བཀའ་ཕྱིར་རྟེན་འབྲེལ་བརྟགས་པའི་མོད་སོགས།

From Dudjom Wiki
TTDL-ZABTER-14-PHA-047
Wylie title bla ma'i bka' phyir rten 'brel brtags pa'i mod sogs TTDL-ZABTER-14-PHA-047.pdf
Location bdud 'joms gling pa zab gter
Volume 14, Text 47, Pages 389-390 (Folios 1a1 to 1b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Bla ma'i bka' phyir rten 'brel brtags pa'i mod sogs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: 389-390. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: lung byang   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Treasure Certificates - lung byang
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
༁ྃ༔ བླ་མའི་བཀའ་ཕྱིར་རྟེན་འབྲེལ་བརྟགས་པའི་མོད༠མཁའ་འགྲོ་སེར་མོ་དོན་གྲུབ་མས༠ཤར་མེ་འོད་བརྒྱ་པ་མུན་དགུང་དུས༠ཁྱིམ་མདའ་ཡི་གྲངས་རྫོགས་ལྷོ་ནུབ་ཏུ༠ངེད་དྷུ་མ་ཐ་ལའི་མ་སྲིང་ནས༠ཟས་ག་ཎའི་བདེ་ཆེན་ཚོགས་སུ་སྟོབ༠ཁྱིམ་རོ་ལ་ཟ་བའི་ནམ་མཁའ་ལྡིང་༠ནུབ་ཆུ་བདག་རྒྱལ་པོའི་སྒོ་འགྲམ་དུ༠སླེབ་ཙམ་ནས་འཇའ་སྤྲིན་རི་བཀྲ་ཡལ༠ཨེ་ཨེ་མ༠ཀློང་ཆེན་ཨ་མའི་མཁའ་གནས་ན་ཟིམ་པའི་བུ་ཆུང་༠རྣམ་པར་རྟོག་པའི་འཁྲུལ་འཁོར་གཟུང་འཛིན་དུ་ཨི་གོ༠ཉམས་དང་རྨི་ལམ་ཡུལ་གནས་སྔར་འདྲིས་ཀྱི་གཟུགས་ཅན༠ཐམས་ཅད་སྔ་ནུབ་ཕྱི་འབྱུང་སེམས་ཀྱི་ཆོ་འཕྲུལ་དུ་ཨི་གོ༠བཤེས་གཉེན་གྲོགས་ཀྱིས་བོར་བའི་རྒྱུས་མེད་ཀྱི་ཐང་དུ༠རབ་འཇིགས་གཟུགས་སྒྲ་མཐོང་ན་གཟུང་འཛིན་རང་གྲོལ་དུ་ཨི་གདའ༠གཞི་དབྱིངས་ཁྱབ་བརྡལ་འཁོར་འདས་ཡོངས་རྫོགས་སུ་ཡེ་ཡིན༠ཕྱི་ནང་བར་གསུམ་འདྲེས་ནས་ཀ་དག་ཀློང་ཡངས་སུ་སངས་ན༠བསྒྲོད་ཚོལ་མེད་པའི་སྟོན་འཁོར་ཕུན་སུམ་ཚོགས་པ་དེ་ཨི་གོ༠གཟུང་འཛིན་བདེན་གྲུབ་སྐུ་དང་ཞིང་ཁམས་འདི་ཀ་ནི་མཚང་བླུན༠རང་རིག་རང་སོར་སད་ནས་རང་སར་འཕོས་པ་དེ་ཨི་གོ༠ངེད་ཅག་ཡེ་ཤེས་མཁའ་འགྲོའི་སྙིང་ཁྲག་རྒྱང་གླུ་རུ་གྱེར་བ༠དད་དམ་ལྡན་པ་བུ་ཆུང་ལ་མཆོག་གི་དངོས་གྲུབ་ནུ་ཞོ་བསྣུན་ཡོད༠ཅེས་ཟེར་ཞིང་མི་སྣང་བར་ཡལ་ལོ༠