གསོལ་འདེབས་དངོས་གྲུབ་ཆར་འབེབས་ཡིག་མེད་ཨུ་པ་དེ་ཤ༔

From Dudjom Wiki
TTDL-ZABTER-15-BA-037
Wylie title gsol 'debs dngos grub char 'bebs yig med u pa de sha: TTDL-ZABTER-15-BA-037.pdf
Location bdud 'joms gling pa zab gter
Volume 15, Text 37, Pages 201-202 (Folios 1a1 to 1b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Gsol 'debs dngos grub char 'bebs yig med u pa de sha. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 201-202. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bcud len gsol 'debs   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Rasayana - bcud len  ·  Supplications - gsol 'debs
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Colophon

ཞེས་པ་འདི་ཡང་རིག་འཛིན་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་བ་ནི་ངག་དབང་ཕྲིན་ལས་སོ། །དགེའོ། །ལེགས་སོ། སརྦ་མངྒ་ལཾ།།

zhes pa 'di yang rig 'dzin bdud 'joms rdo rjes gtan la phab pa'i yi ge ba ni ngag dbang phrin las so/_/dge'o/_/legs so/_sarba mang+ga laM//

[edit]
༁ྃ༔ གསོལ་འདེབས་དངོས་གྲུབ་ཆར་འབེབས་ཡིག་མེད་ཨུ་པ་དེ་ཤ་ནི༔ ན་མོ་གུ་རུ༔ མོས་གུས་དྲག་པོས་རྒྱུད་སྦྱངས་ཏེ༔ རིམ་བཞིན་ཡིད་ལ་དྲན་བྱས་ནས༔ འདི་ལྟར་བརྗོད་པས་བྱིན་རླབས་འཇུག༔ ཨེ་མ་ ཧོཿ ཆོ་སྐུ་དབྱིངས་ཀྱི་ཡུམ་ཆེན་ཀུན་ཏུ་བཟང་མོ་ལ་གསོལ་བ་རང་འདེབས་སོ༔ ཚེ་དང་ཡེ་ཤེས་གཉིས་ཀྱི་དངོས་གྲུབ་མྱུར་བ་ཉིད་དུ་རང་སྩོལ་ཅིག༔ ཡེ་ཤེས་སྒྱུ་མའི་སྐུ་མཆོག་གཞོན་ནུ་བུམ་པའི་སྐུ་རུ་བྱིན་གྱིས་རང་རློབས་ཤིག༔ ལོངས་སྐུ་མཁའ་སྤྱོད་དབང་མོ་གསང་བ་ཡེ་ཤེས་ལ༴ ཚེ་དང་༴ ཡེ་ཤེས༴ སྤྲུལ་སྐུ་རྡོ་རྗེ་རྣལ་འབྱོར་མ་ཅིག་ཁྲོས་མ་ནག་མོ་ལ༴ ཚེ་དང་༴ ཡེ་ཤེས༴ རྒྱལ་བ་དགོངས་བརྒྱུད་བླ་མ་ཡོངས་རྫོགས་མཁའ་འགྲོའི་དཀྱིལ་འཁོར་ལ༴ ཚེ་དང་༴ ཡེ་ཤེས་༴ རིག་འཛིན་བརྡ་བརྒྱུད་བླ་མ་ཡོངས་རྫོགས་མཁའ་འགྲོའི་དཀྱིལ་འཁོར་ལ༴ ཚེ་དང་༴ ཡེ་ཤེས༴ གང་ཟག་སྙན་བརྒྱུད་བླ་མ་ཡོངས་རྫོགས་མཁའ་འགྲོའི་དཀྱིལ་འཁོར་ལ༴ ཚེ་དང་༴ ཡེ་ཤེས༴ ཐུགས་རྗེ་བཀའ་དྲིན་འདོར་མེད་རྩ་བའི་བླ་མ་མཆོག་ལ་༴ ཚེ་དང་ཡེ་ཤེས་གཉིས་ཀྱི་དངོས་གྲུབ་མྱུར་བ་ཉིད་དུ་རང་སྩོལ་ཅིག༔ ཡེ་ཤེས་སྒྱུ་མའི་སྐུ་མཆོག་གཞོན་ནུ་བུམ་པའི་སྐུ་རུ་བྱིན་གྱིས་རང་རློབས་ཤིག༔ ཟས་གོས་སྲེད་པ་ཆོད་པ་དཀའ་ཐུབ་ཀྱི་དངོས་གྲུབ༔ རིང་པོར་མི་ཐོགས་ད་ལྟ་མྱུར་བ་ཉིད་དུ་སྩོལ་ཞིག༔ འཕོ་མེད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ༔ མི་འགྱུང་ད་ལྟ་ཉིད་དུ་སྩོལ་བར་རང་མཛོད་ཅིག༔ ལུས་སེམས་འབྲལ་མེད་མཁའ་སྤྱོད་བདེ་ཆེན་གྱི་གླིང་དུ༔ མངོན་སུམ་བྱོན་ནས་ལག་པའི་སོར་མོ་ནས་བཟུང་སྟེ༔ དབྱིངས་སུ་དྲོངས་ཤིག་ཡེ་ཤེས་མཁའ་འགྲོ་ཁྱེད་མཁྱེན་ནོ༔ ཞེས་ལན་བདུན་ནམ་ཉེར་གཅིག་དུ་བརྗོད་ཅིང་འབྱུང་ལྔའི་ཟས་སུ་སྤྱོད་པའི་རྣལ་འབྱོར་ལ་འཇུག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་རིག་འཛིན་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་བ་ནི་ངག་དབང་ཕྲིན་ལས་སོ། །དགེའོ། །ལེགས་སོ། སརྦ་མངྒ་ལཾ།། །། དེ་ནས་བཟའ་བཏུང་རྣམས་བྱིན་རླབས་ནི༔ ཡི་དམ་གང་ཡིན་སྔགས་ཀྱི་མཐར༔ ཨོཾ་ཨ་མྲྀ་ཏ་ཧཱུྃ་ཕཊ་སྭཱ་ཧཱ༔