དག་སྣང་ཡེ་ཤེས་དྲྭ་བ་ལས༔ ལས་བུམ་སྒྲུབ་པའི་ཆོ་ག༔

From Dudjom Wiki
TTDL-ZABTER-15-BA-042
Wylie title dag snang ye shes drwa ba las: las bum sgrub pa'i cho ga: TTDL-ZABTER-15-BA-042.pdf
Location bdud 'joms gling pa zab gter
Volume 15, Text 42, Pages 213-214 (Folios 1a1 to 1b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las las bum sgrub pa'i cho ga. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 213-214. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: las bum sgrub pa   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Vase Consecration - bum sgrub
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Colophon

ཅེས་བསོད་ནམས་རབ་རྒྱས་ཀྱིས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་བསྒྱུར་པའོ། །དགེའོ། །དགེའོ། །དགེའོ།།

ces bsod nams rab rgyas kyis bskul ngor rig 'dzin bdud 'joms rdo rjes bsgyur pa'o/_/dge'o/_/dge'o/_/dge'o//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ ལས་བུམ་སྒྲུབ་པའི་ཆོ་ག་བཞུགས་སོ༔ ན་མོ་གུ་རུ་བྷྱ༔ ལས་བུམ་སྒྲུབ་པའི་ཆོ་ག་ནི༔ ཨོཾ་སྭ་བྷཱ་ཝ་སོགས༔ བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་བུམ་ཆུ་བདུད་རྩིའི་རྒྱ་མཚོ་ཆེན་པོས་གསལ་བའི་དབུས་སུ་པདྨའི་སྡོང་པོ་ཡལ་ག་ལོ་འདབ་རྒྱས་པའི་དབུས་སུ་ཉི་མའི་གདན་ལ་ཧཱུྃ་ལས་ཁྲོ་ཆེན་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་ནག་ཁྲོ་བོའི་ཉམས་དང་ཆས་རྒྱན་ཡོངས་སུ་རྫོགས་པ་གཡས་རྒྱ་གྲམ་དང་གཡོན་དྲིལ་བུ་འཛིན་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བཞུགས་པའི་སྤྱི་བོར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་རྣམས་རྡོ་རྗེ་གསུམ་གྱི་ངོ་བོར་གནས་པ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས༔ བཛྲ་ས་མ་ཡ་ཛ་ཛ༔ པདྨ་ཀ་མཱ་ལ་ཡེ་སྟྭཾ༔ ན་མོ་ན་མ་ ཧོཿ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགསཤཔྡའི་བར་གྱིས་མཆོད༔ བསྟོད་པ་ལ༔ ཧོཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་ཆེ་བའི་མཆོག༔ ཉོན་མོངས་ཚུལ་གྱིས་ཉོན་མོངས་འདུལ༔ བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད༔ ཐུགས་སྲོག་ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་དག་བྱེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ་པར་གྱུར༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ སླར་ཡང་མཆོད་བསྟོད་མཐར༔ ཡེ་ཤེས་པ་དབྱིངས་སུ་གཤེགས༔ དམ་ཚིག་པ་ཆུར་ཞུ་བས་དག་བྱེད་ཀྱི་ནུས་པ་དང་ལྡན་པར་གྱུར༔ ཅེས་བསོད་ནམས་རབ་རྒྱས་ཀྱིས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་བསྒྱུར་པའོ། །དགེའོ། །དགེའོ། །དགེའོ།། །།