རྣམ་རྒྱལ་བུམ་པ་སྒྲུབ་པ༔

From Dudjom Wiki
TTDL-ZABTER-15-BA-044
Wylie title rnam rgyal bum pa sgrub pa: TTDL-ZABTER-15-BA-044.pdf
Location bdud 'joms gling pa zab gter
Volume 15, Text 44, Pages 217-218 (Folios 1a1 to 1b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Rnam rgyal bum pa sgrub pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 217-218. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: rnam bum sgrub pa   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Vase Consecration - bum sgrub
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
༁ྃ༔ བུམ་པ་སྒྲུབ་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ རྣམ་རྒྱལ་བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་ཡེ་ཤེས་ལྔ་ལྡན་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསྐྱེད་པའི་ལྷ་གཙོ་བོ་དང་མཐུན་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་མཐའ་བསྐོར་དུ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་སྤྲུལ་པའི་འཁོར་ཚོགས་ཐམས་ཅད་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་བཞིན་དུ་བསྒོམ་ཞིང་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ་མོ༔ བཛྲ་ས་མ་ཡ་ཛ་ཛ༔ པདྨ་ཀ་མཱ་ལ་ཡེ་སྟྭཾ༔ ཨརྒྷཾ་པཱདྱཾ་སོགས༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ༔ ལྷུན་གྲུབ་བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་གང་འདུལ་སྤྲུལ་པའི་སྐུ་རུ་ཤར༔ སྐུ་གསུམ་ལྷུན་གྲུབ་དཔལ་ལ་ཕྱག་འཚལ་བསྟོད༔ རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་གཟུངས་ཐག་ལ་བརྒྱུད་དེ་འཕྲོས༔ མདུན་བསྐྱེད་ལྷའི་ཐུགས་ཀར་ཕོག་ཐུགས་དམ་གྱི་རྒྱུད་བསྐུལ༔ དེ་ལས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི་མཐུ་ནུས་དབང་བྱིན་དངོས་གྲུབ་ཐམས་ཅད་ཚུར་འདུས་བུམ་པའི་ཆུ་ལ་ཐིམ་པར་བསྒོམ༔ སྔགས་ཅི་མང་བཟླ༔ བསྡུ་ན༔ བུམ་ལྷའི་སྐུའི་ཆ་ཐམས་ཅད་ནས་དབང་བཞི་ཡེ་ཤེས་ཀྱི་ཆུ་རྒྱུན་བྱུང་བས་བུམ་ཆུ་བདུད་རྩིིའི་རྒྱ་མཚོར་གྱུར༔ སྔགས་ཅི་མང་བཟླ༔ མཐར་མཆོད་བསྟོད་བྱས་མཐར༔ ཡེ་ཤེས་པ་གཤེགས་༔ དམ་ཚིག་པ་ཆུར་ཞུ་བས་བུམ་ཆུའི་རྣམ་པར་གྱུར༔