དག་སྣང་ཡེ་ཤེས་དྲྭ་བ་ལས༔ བཟའ་བཏུང་ལམ་ཁྱེར་ཚོགས་ཀྱི་འཁོར་ལོ༔

From Dudjom Wiki
TTDL-ZABTER-15-BA-050
Wylie title dag snang ye shes drwa ba las: bza' btung lam khyer tshogs kyi 'khor lo: TTDL-ZABTER-15-BA-050.pdf
Location bdud 'joms gling pa zab gter
Volume 15, Text 50, Pages 229 (Folios 1a1 to 1a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las bza' btung lam khyer tshogs kyi 'khor lo. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 229. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bza' btung tshogs mchod  
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Feast Offering - tshogs mchod - tshogs kyi 'khor lo
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Colophon

མཁས་གྲུབ་རྒྱ་མཚོས་བསྐུལ་བའི་ངོར། །མི་རྒན་བདུད་འཇོམས་རྡོ་རྗེས་སྨྲས།།

mkhas grub rgya mtshos bskul ba'i ngor/_/mi rgan bdud 'joms rdo rjes smras//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ བཟའ་བཏུང་ལམ་ཁྱེར་ཚོགས་ཀྱི་འཁོར་ལོ་བཞུགས༔ རང་ལུས་འབྱུང་བ་ལྔ་པོ་ནི༔ ཡུམ་ཆེན་ལྔ་རུ་ཡེ་སངས་རྒྱས༔ ཕུང་ཁམས་གཤེགས་པ་གཤེགས་མ་དང་༔ དབང་ཡུལ་སེམས་དཔའ་སེམས་མ་སོགས༔ ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་ལྷར༔ ཏིལ་གྱི་གོང་བུ་ཕྱུར་བཞིན་གསལ༔ ཨོཾ་ཨཱཿཧཱུྃ༔ བཟའ་བཏུང་ཚོགས་ཀྱི་འཁོར་ལོ་ནི༔ ཡེ་ཤེས་བདུད་རྩིའི་ངོ་བོར་གནས༔ ཚོགས་གཉིས་རྫོགས་ཕྱིར་མཆོད་འབུལ་བཞེས༔ ཨ་ལ་ལ་སྟེ་དགྱེས་པར་རོལ༔ མ་ཧཱ་ག་ཎ་ཙཀྲ་པཉྩ་པཱུ་ཛ་ ཧོཿ བཟའ་བཏུང་ཚོགས་ཀྱི་འཁོར་ལོ་རུ༔ དམིགས་པས་ཚོགས་གཉིས་རྫོགས་གྱུར་ཏེ༔ ལམ་ཁྱེར་མཆོག་གི་རྣལ་འབྱོར་ལམ༔ མཁའ་འགྲོ་ཀུན་མཁྱེན་མ་ཡིས་གདམས༔ ས་མ་ཡ༔ མཁས་གྲུབ་རྒྱ་མཚོས་བསྐུལ་བའི་ངོར། །མི་རྒན་བདུད་འཇོམས་རྡོ་རྗེས་སྨྲས།། །།