སྔགས་སྲུང་བསྐང་བཤགས༔

From Dudjom Wiki
TTDL-ZABTER-15-BA-064
Wylie title sngags srung bskang bshags: TTDL-ZABTER-15-BA-064.pdf
Location bdud 'joms gling pa zab gter
Volume 15, Text 64, Pages 287 (Folios 1a1 to 1a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sngags srung bskang bshags:. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 287. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang bshags sngags srung  
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Confessions - bshags pa  ·  Mending Rituals - bskang chog
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity E ka dzA Ti
Colophon

བདུད་འཇོམས་པས་སོ། །དགེའོ།།

bdud 'joms pas so/_/dge'o//

[edit]
༁ྃ༔ ནམ་མཁའ་མཛོད་སྔགས་མཐར༔ བྷྱོ༔ འདོད་ཡོན་སྣང་བ་མི་ཟད་གཏེར༔ མ་མོ་མཁའ་འགྲོ་དགྱེས་ཕྱིར་འབུལ༔ ཨེ་ཀ་ཙ་ཏིའི་ཐུགས་དམ་བསྐང་༔ སྲིད་པའི་མ་ཆེན་ཐུགས་དམ་བསྐང་༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་བཤགས༔ མ་གཡེལ་མ་འཁྲུག་ཐུགས་རྗེས་དགོངས༔ རྣལ་འབྱོར་ཉམས་རྒུད་གསོ་བ་དང་༔ ཆོས་སྲིད་མངའ་ཐང་འཕེལ་རྒྱས་མཛོད༔ མི་འདོད་ཉེར་འཚེ་དགྲ་ལ་བསྒྱུར༔ དགྲ་བགེགས་མ་ལུས་རྡུལ་དུ་རློགས༔ རང་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་མ་མོ་མཁའ་འགྲོའི་སྡེ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས༔ པཎ་ཆེན་བི་མ་མི་ཏྲས་འདི་ཅི་མང་བསྐྱར་བ་གལ་ཆེ་སྟེ༔ མ་མོས་ཀོ་ལོང་དང་རུ་ང་རྒོལ་གྱིས་འདི་ལྟར་བཤགས་སྦྱང་གིས་སེལ་ཞིང་བཟློག་པར་འགྱུར་རོ༔ ཞེས་གསུངས༔ བདུད་འཇོམས་པས་སོ། །དགེའོ།། །།