དག་སྣང་ལས༔ དབང་ཕྱུག་མ་ཧཱ་དཱེ་ཝའི་ཕྱག་རྒྱ་བསྡུས་པ༔

From Dudjom Wiki
TTDL-ZABTER-15-BA-069
Wylie title dag snang las: dbang phyug ma hA dA+e wa'i phyag rgya bsdus pa: TTDL-ZABTER-15-BA-069.pdf
Location bdud 'joms gling pa zab gter
Volume 15, Text 69, Pages 299 (Folios 1a1 to 1a5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang las dbang phyug ma hA dA+e wa'i phyag rgya bsdus pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 299. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: phyag rgya lha chen  
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity Lha chen
Colophon

ཞེས་བདུད་འཇོམས་རྡོ་རྗེས་བསྒྱུར་བའོ། །དགེའོ།།

zhes bdud 'joms rdo rjes bsgyur ba'o/_/dge'o//

[edit]
༁ྃ༔ དག་སྣང་ལས༔ དབང་ཕྱུག་མ་ཧཱ་དཱེ་ཝའི་ཕྱག་རྒྱ་བསྡུས་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རང་ཉིད་ལྷ་ཡི་མདུན་ས་རུ༔ རིན་ཆེན་སྣ་ཚོག་གཞལ་ཡས་དབུས༔ རཱ་གའི་ཁྲི་སྟེང་ཟླ་ཕྱེད་སྟེང་༔ ལྷ་ཆེན་དབང་ཕྱུག་ཆེན་པོ་དམར༔ ཞི་མ་ཁྲོ་འཛུམ་གཟི་འོད་འབར༔ མཐིང་ནགས་རལ་པ་རྟིང་རྩེར་སླེབ༔ ཕྱག་གཡས་ལྕགས་ཀྱུ་གཡོན་ཞགས་པ༔ གཅེར་བུ་རྒྱན་མེད་འདོར་སྟབས་བགྲད༔ གཡོན་དུ་ཡུམ་མཆོག་ཨུ་མ་དམར༔ ཕྱག་ན་ལྕགས་ཀྱུ་ནོར་བུ་བསྣམས༔ གཅེར་བུ་དགྱེས་ཤིང་ཆགས་པའི་ཉམས༔ ཡབ་ལ་བཏུད་དེ་སྐུ་ལ་རེག༔ སྤྲུལ་པས་སྣང་སྲིད་ཁྱབ་པ་ལས༔ སྤྲོས་པའི་འོད་ཀྱིས་ལྷའི་བླ་མ༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཛ་ཛཿས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་བདུད་འཇོམས་རྡོ་རྗེས་བསྒྱུར་བའོ། །དགེའོ།། །།