དག་སྣང་ཡེ་ཤེས་དྲྭ་བ་ལས༔ གནོད་སྦྱིན་ཤན་པ་བྲན་འགུག་བསྐང་གསོལ་ཡེ་ཤེས་ལྕགས་ཀྱུ༔

From Dudjom Wiki
TTDL-ZABTER-15-BA-074
Wylie title dag snang ye shes drwa ba las: gnod sbyin shan pa bran 'gug bskang gsol ye shes lcags kyu: TTDL-ZABTER-15-BA-074.pdf
Location bdud 'joms gling pa zab gter
Volume 15, Text 74, Pages 317-318 (Folios 1a1 to 1b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las gnod sbyin shan pa bran 'gug bskang gsol ye shes lcags kyu. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 317-318. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang gsol   Verso: bdud 'joms srung ma shan pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog  ·  Protector Rituals - gsol mchod
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity Shan pa dmar nag
Colophon

ཞེས་པ་འདི་ནི་རང་གི་ཉེར་མཁོའི་ཆེད་དུ་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ། །དགེའོ།།

zhes pa 'di ni rang gi nyer mkho'i ched du bdud 'joms rdo rjes dag snang ye shes drwa ba las bsgyur ba'o/_/dge'o//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ གནོད་སྦྱིན་ཤན་པ་བྲན་འགུག་བསྐང་གསོལ་ཡེ་ཤེས་ལྕགས་ཀྱུ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གནོད་སྦྱིན་བྲན་འགུག་བདེན་ཚིགས་དང་༔ བསྐང་བ་ཡེ་ཤེས་ལྕགས་ཀྱུ་ལ༔ འབྱོར་ཚོགས་བཤམས་ཤིང་མཆོད་རྫས་ལ༔ གསང་སྔགས་ཏིང་འཛིན་སྟོབས་ཀྱིས་སྤེལ༔ མདུན་དུ་གནོད་སྦྱིན་དངོས་སུ་གསལ༔ འདི་ནི་ཤིན་ཏུ་མི་སྲུན་པས༔ བདེན་ཚིག་སྟོབས་ཀྱིས་བཀུག་ཅིང་བཀོལ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་མཐུ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ གནོད་སྦྱིན་ཤན་པ་འཁོར་དང་བཅས༔ བདག་གི་མདུན་སར་མཆིས་གྱུར་ཅིག༔ ཛཿདད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་བཀའ་ཡི་སྲུང་མ་ཆེ༔ གནོད་སྦྱིན་འཁོར་བཅས་སྤྱན་འདྲེན་གཤེགས༔ བདག་གི་སྲུང་མར་མངའ་གསོལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་རྫས་ཀྱིས༔ གནོད་སྦྱིན་དམར་ནག་ཐུགས་དམ་བསྐང་༔ གཟའ་བདུད་ནག་པོའི་ཐུགས་དམ་བསྐང་༔ གསོད་བྱེད་དམར་མོའི་ཐུགས་དམ་བསྐང་༔ འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ ཐུགས་དང་འགལ་བའི་ཉེས་ཀུན་བཤགས༔ བྱམས་བརྩེས་བདག་སྐྱོངས་ཕྲིན་ལས་སྒྲུབ༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ གནོད་བྱེད་དགྲ་བགེགས་མ་ལུས་པ༔ མིང་ཙམ་མེད་པར་རྡུལ་དུ་རློག༔ མ་གཡེལ་མ་འགྱངས་ས་མ་ཡ༔ དེ་ལྟར་རྟག་དུ་གྲངས་མང་བརྗོད༔ བསྐྱེད་དང་གསལ་བའི་གནད་ལྡན་ནབཀའ་སྲུང་གཉན་པོ་བྲན་བཞིན་འཁོར༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ནི་རང་གི་ཉེར་མཁོའི་ཆེད་དུ་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ། །དགེའོ།། །།