དག་སྣང་ལས༔ ཟོ་དོར་རྔ་ལ་སྟག་རྩེའི་གསོལ་མཆོད༔

From Dudjom Wiki
TTDL-ZABTER-15-BA-110
Wylie title dag snang las: zo dor rnga la stag rtse'i gsol mchod: TTDL-ZABTER-15-BA-110.pdf
Location bdud 'joms gling pa zab gter
Volume 15, Text 110, Pages 457 (Folios 1a1 to 1a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang las zo dor rnga la stag rtse'i gsol mchod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 457. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol mchod rnga la stag rtse  
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Rituals - gsol mchod
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Colophon

ཞེས་པ་འདི་ཡང་དཔལ་འཛིན་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་དགེ་བར་གྱུར་ཅིག །དགེའོ།།

zhes pa 'di yang dpal 'dzin gyis bskul ngor bdud 'joms rdo rjes chos nyid nam mkha'i mdzod las bsgyur ba dge bar gyur cig_/dge'o//

[edit]
༁ྃ༔ དག་སྣང་ལས༔ ཟོ་དོར་རྔ་ལ་སྟག་རྩེའི་གསོལ་མཆོད་བཞུགས༔ ན་མོ་གུ་རུ་ཝེ༔ དངོས་སུ་འབྱོར་པའི་མཆོད་རྫས་བཤམས༔ ཏིང་ངེ་འཛིན་གྱིས་མང་དུ་སྤེལ༔ སཱ་བྷཱ་ཝ་ཡིས་སྟོང་པར་སྦྱང་༔ ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་བརླབས༔ ཀྱཻཿ སྔོན་ཚེ་གསང་བའི་བདག་པོ་དང་༔ རིག་འཛིན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་ཆེན་པོ་དྲེགས་པ་རྩལ༔ ཕྱི་ལྟར་རྔ་ལ་སྟག་རྩེར་གྲགས༔ ནང་ལྟར་དགེ་བསྙེན་དཔལ་འབར་རྩལ༔ གསང་བ་བཙན་རྒོད་དྲེགས་པའི་གཙོ༔ ཀླུ་གཉན་རྒྱལ་པོའི་འཁོར་གྱིས་བསྐོར༔ ཡུམ་མཆོག་བསྭེ་ཡི་རལ་པ་ཅན༔ མ་སྨན་ལྷ་མོའི་འཁོར་དང་བཅས༔ གསོལ་མཆོད་གནས་འདིར་བཤེགས་སུ་གསོལ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ འདོད་ཡོན་ནམ་མཁའ་མཛོད་དུ་འབུལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ དབྱེར་མེད་གྲོགས་མཛོད་བསམ་དོན་སྒྲུབས༔ དགྲ་བགེགས་གདུག་པ་ཆོམ་ལ་ཕོབས༔ དམ་ལ་མ་འདའ་ས་མ་ཡ༔ ཞེས་པ་འདི་ཡང་དཔལ་འཛིན་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་དགེ་བར་གྱུར་ཅིག །དགེའོ།། །།