དག་སྣང་ཡེ་ཤེས་དྲྭ་བ་ལས༔ རྫ་རྒྱལ་རྡོ་རྗེ་དཔའ་བོའི་གསོལ་མཆོད་བསྡུས་པ༔

From Dudjom Wiki
TTDL-ZABTER-15-BA-114
Wylie title dag snang ye shes drwa ba las: rdza rgyal rdo rje dpa' bo'i gsol mchod bsdus pa: TTDL-ZABTER-15-BA-114.pdf
Location bdud 'joms gling pa zab gter
Volume 15, Text 114, Pages 473 (Folios 1a1 to 1a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las rdza rgyal rdo rje dpa' bo'i gsol mchod bsdus pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 473. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol mchod rdza rgyal  
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Rituals - gsol mchod
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity Rdza rgyal rdo rje 'phan phyug
Colophon

ཞེས་པ་འདི་ཡང་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་ཁྲག་འཐུང་བདུད་འཇོམས་དཔའ་བོ་ལ་གདམས་པའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang o rgyan mtsho skyes rdo rjes khrag 'thung bdud 'joms dpa' bo la gdams pa'o/_/dge'o/_/sarba mang+ga laM//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ རྫ་རྒྱལ་རྡོ་རྗེ་དཔའ་བོའི་གསོལ་མཆོད་བསྡུས་པ་བཞུགས་སོ༔ སྐྱེམས་དང་གཏོར་ཚོགས་བཤམས་ནས་སུ༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ ཛ༔ ཨོ་རྒྱན་ཆེན་པོ་པད་འབྱུང་གི༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་གྱི༔ བཀའ་དང་དམ་ཚིག་གཉན་པོ་ཡིས༔ འབོད་དོ་གཤེགས་སོ་ཡུལ་ལྷའི་གཙོ༔ རྫ་རྒྱལ་འཕན་ཕྱུག་འཁོར་དང་བཅས༔ བདག་གི་སྲུང་མར་མངའ་གསོལ་ལོ༔ རིན་ཆིན་ནོར་དང་གོ་མཚོན་རིགས༔ དར་ཟབ་སྟག་གཟིག་གོས་རྒྱན་དང་༔ བཟའ་བཏུང་སྣ་ཚོགས་ཟས་ཀྱི་རིགས༔ གཟུགས་འགྲོས་འདོད་ཡོན་ཕུན་ཚོགས་ལ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ སྲུང་མ་གཉན་པོ་ཁྱེད་ལ་འབུལ༔ གསོལ་ལོ་མཆོད་དོ་དགྱེས་པར་དགོངས༔ ཚེ་འདིར་མི་འབྲལ་སྲུང་སྐྱོབ་མཛོད༔ བསོད་ནམས་ནོར་དང་དབང་ཐང་དཔལ༔ ཟད་མེད་གཏོར་གྱི་དངོས་གྲུབ་སྩོལ༔ མི་ནོར་འདོད་རྒུ་དབང་དུ་བསྡུས༔ རྒོལ་བའི་དགྲ་བོ་ཚར་ཆོད་ཅིག༔ དམ་ལ་མ་འདའ་ས་མ་ཡ༔ ཞེས་ཅི་མང་བརྗོད་ཅིང་ཕྲིན་ལས་བསྒྲུབ་བར་ཁས་བླངས་པར་བསམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ཞེས་པ་འདི་ཡང་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་ཁྲག་འཐུང་བདུད་འཇོམས་དཔའ་བོ་ལ་གདམས་པའོ། །དགེའོ། །སརྦ་མངྒ་ལཾ།། །།