རྔ་ལ་སྟ་རྩེའི་གསོལ་མཆོད༔

From Dudjom Wiki
TTDL-ZABTER-15-BA-127
Wylie title rnga la sta rtse'i gsol mchod: TTDL-ZABTER-15-BA-127.pdf
Location bdud 'joms gling pa zab gter
Volume 15, Text 127, Pages 511-512 (Folios 1a1 to 1b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Rnga la sta rtse'i gsol mchod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 511-512. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol mchod   Verso: bdud 'joms rnga la sta rtse
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Rituals - gsol mchod
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Colophon

བདུད་འཇོམས་རྡོ་རྗེས་སོ།།

bdud 'joms rdo rjes so//

[edit]
༁ྃ༔ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་འཕྲུལ་པའི༔ འདོད་ཡོན་མི་ཟད་ནམ་མཁའི་གཏེར་ཆེན་འདིས༔ ཟོ་དོར་ཆེན་པོ་རྔ་ལ་སྟག་རྩེ་མཆོད༔ དགྲ་འདུལ་རྒྱལ་པོ་ཤན་པ་ཐོག་རྒོད་མཆོད༔ མྱུར་མགྱོག་ཤུགས་ལྡན་སྤུ་གྲི་འབར་བ་མཆོད༔ དབང་སྡུད་ནོར་བདག་རྒྱལ་པོ་གཡུ་ཕྲེང་༴ གཏེར་གྱི་བདག་པོ་རིན་ཆེན་ནོར་སྐྱོང་མཆོད༔ ཤིང་གི་ལྷ་མོ་གྲལ་ལྕམ་སྡེ་ལྔ༴ བྲག་ལྷ་བཙན་རྒྱལ་མེ་འབར་སྡེ་བརྒྱད༴ ས་ལྷ་ས་བདག་གཏེར་གྱི་བུམ་བཟང་༴ ཆུ་ལྷ་ཀླུ་རྒྱལ་བཞིན་བཟང་དཀར་པོ༴ དགྲ་བླ་སྟོབས་ལྡན་ཁྱབ་འཇུག་ཆེན་པོ༴ དམག་དཔོན་བདུད་ཕོ་སྲོག་ལེན་ནག་པོ༴ གཟི་ལྡན་མཐུན་པ་འབྱུང་བའི་དབང་པོ༔ ཕོ་ཉ་ལས་མཁན་དྲག་ཤུལ་ཅན་རྣམས༴ མདོར་ན་ཡུལ་ལྷ་རྔ་ལ་སྟག་རྩེ་ཡི༔ རྗེ་བློན་འབངས་འཁོར་སྡེ་རིས་གྱུར་པ་ལ༔ ཇི་ལྟར་འདོད་པ་དེ་བཞིན་སྣང་བ་ཡི༔ འདོད་རྒུའི་དཔལ་ཡོན་མི་ཟད་གཏེར་དུ་འབུལ༔ བསང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ སྔོན་ཚེ་ཨོ་རྒྱན་རྗེ་དང་དཔལ་རྡོ་རྗེ༔ མ་ཅིག་ཡུམ་སྲས་རིག་འཛིན་བླ་མ་ཡི༔ བཀའ་དང་དམ་ཚིག་གཉན་པོ་དྲན་མཛོད་ལ༔ བདག་ཅག་དཔོན་སློབ་འབངས་འཁོར་བཅས་པ་ལ༔ ཁ་འཛིན་སྡོང་གྲོགས་མེལ་ཚེ་སྐྱེལ་བསུ་དང་༔ མཐུན་རྐྱེན་རོགས་ལྡན་མཛོད་ལ་འགལ་རྐྱེན་བཟློག༔ མི་མཐུན་ནད་གདོན་འཇིགས་བརྒྱད་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་མངའ་ཐང་རྒྱས་པར་མཛོད༔ བན་སྔགས་བླ་བཙུན་གྲྭ་སློབ་སྐྱེས་པ་དང་༔ ཟས་ནོར་འདོད་རྒུའི་ལོངས་སྤྱོད་དབང་དུ་བསྡུས༔ དགྲ་བགེགས་གནོད་བྱེད་མ་ལུས་རྡུལ་དུ་རློག༔ ཁྱད་པར་ཕྱི་ནང་བར་གསུམ་ཐམས་ཅད་ནས༔ རྐུ་འཕྲོག་འཇབ་གསུམ་བྱེད་པའི་དགྲ་བོ་རྣམས༔ མར་མེ་རླུང་གིས་བསད་པ་བཞིན་དུ་ཐོངས༔ བཅོལ་བའི་ལས་དེ་མ་ལུས་འགྲུབ་མཛོད་ཅིག༔ བཀའ་དང་དམ་ཚིག་དཔང་དུ་བཙུགས་ཏེ་གདའ༔ མ་གཡེལ་མ་འདའ་བཛྲ་ས་མ་ཡ༔ བདུད་འཇོམས་རྡོ་རྗེས་སོ།། །།