Property:Colophontib

From Dudjom Wiki

This is a property of type Text.

View ( | ) (20 | 50 | 100 | 250 | 500)
Showing 20 pages using this property.
ས
།ཞེས་པའང་སློབ་བུ་ངག་དབང་ཕྲིན་ལས་ངོར༔ བདུད་འཇོམས་པས་སྨྲས་པ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ།།  +
།ཞེས་པའང་རིག་འཛིན་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་སྣང་ལས་བྱོན་པ་ཉིད་འཇུག་བདེའི་འཁྲིགས་སུ་བསྡེབས་པ་སྟེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བལ་ཡུལ་ཉེ་བའི་ཚནྡྷོ་རུ་སྦྱར་བ་སིདྡྷི་རསྟུ༎  +
།ཅེས་པའང་སྔ་འགྱུར་བསྟན་པའི་གསལ་བྱེད་རྨུགས་སངས་མཆོག་སྤྲུལ་ཀུན་བཟང་ཤེས་རབ་ཀྱི་གསུང་གིས་བསྐུལ་བ་བཞིན། །རྩ་བའི་དགོངས་དོན་གྲུབ་པ་མཆོག་གི་མན་ངག་གིས་གསལ་བར་བྱས་ཏེ་འཇིག་བྲལ་ཡེ་ཤེས་རྡོ་རྗེས་ར་ས་འཕྲུལ་སྣང་ཕྱོགས་ལས་རྣམ་པར་རྒྱལ་བའི་འདུན་ས་ཆེན་པོར་སྦྱར་བ་སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་སིདྡྷི་རསྟུ༎  +
ཞེས་པ་འདི་ནི་རང་སློབ་དམ་པ་སྐུ་མཆོག་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ།།  +
།ཅེས་པའང་དུས་ཀྱི་ཐ་མ་འདི་ལྟ་བུར་ཡང་བྱ་སླ་དོན་ཆེའི་མན་ངག་འདི་བཞིན་ཕྱག་ལེན་དུ་བསྟར་ཏེ་རྒྱལ་བསྟན་རིན་པོ་ཆེའི་ཁ་ལོ་གྱེན་དུ་འདེགས་མཁན་རེ་བྱུང་ན་ཅི་མ་རུང་སྙད་དུ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་ལ་སླར་ཡང་ཅུང་ཟད་གསལ་བར་བྱས་ཏེ། །རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བལ་ཡུལ་ཉེ་བའི་ཚནྡྷོ་ལྷུན་གྲུབ་བརྩེགས་པའི་ཉེ་འགྲམ་ཨོ་རྒྱན་མདོ་སྔགས་ཆོས་གླིང་དུ་ས་རྟ་ཆོ་འཕྲུལ་ཟླ་བའི་ཡར་ངོའི་ཚེས་བཅོ་ལྔ་ལ་འཇུག་པ་བདེ་བའི་ངག་ཁྲིགས་སུ་བསྡེབས་པ་སིདྡྷི་རསྟུ༎  +
ཅེས་པའང་ལས་བྱང་ཌཱ་ཀི་དགྱེས་པའི་གད་རྒྱང་གི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།  +
།ཞེས་པའང་དམ་རྫས་དཀར་ཆག་ལས་ཁོལ་དུ་ཕྱུངས་པ་སྟེ་ཛྙཱ་ནས་སོ།།  +
ཞེས་པའང་བྱིན་རླབས་ཀྱི་བབ་ཆེ་བའི་ཕྱིར་རིག་འཛིན་གཏེར་བདག་གླིང་པའི་རྡོ་རྗེའི་གསུང་སོར་བཞག་ལ་ཚིག་ཕྲད་འགའ་ཞིག་བསྒྱུར་བ་སྟེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།སརྦ་དཱ་མངྒ་ལཾ།།  +
ཅེས་པ་འདི་ཡང་སྒྲོལ་མའི་རྣམ་འཕྲུལ་པདྨ་བསོད་ནམས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་བྲིས་པ་ཡོངས་སུ་དགེ་བ་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།  +
ཅེས་བདུད་འཇོམས་རྡོ་རྗེས་ཡེ་ཤེས་འབུམ་ལ་གདམས།།  +
ཞེས་པའང་བློ་འཛིན་བདེ་བའི་ཕྱིར་ལོ་ཆེན་དྷ་རྨ་ཤྲཱིའི་ཟིན་མ་ཊིཀ་ལས་ས་བཅད་ཁོལ་དུ་ཕྱུངས་པ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། སརྦ་མངྒ་ལཾ།།  +
ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཤུ་བྷཾ།།  +
ཅེས་ཟེར་བ་ཆུ་སྤྲེལ་ལོའི་ཟླ་༣ཚེས་ལ་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཐོས་སོ།།  +
།ཅེས་པ་འདི་ཡང་ཐེག་པ་མཆོག་གི་ལམ་ལ་སྔོན་སྨོན་ལས་ཀྱིས་འབྲེལ་བའི་སྐྱེས་བུ་མཉྫུ་ཤྲཱི་པས་ནན་དུ་བསྐུལ་ངོར་བདུད་འཇོམས་པས་སྨྲས་པའོ། །དགེ་ལེགས་འཕེལ།།  +
།ཅེས་པ་འདི་ཡང་ཐེག་པ་མཆོག་གི་ལམ་ལ་སྔོན་སྨོན་ལས་ཀྱིས་འབྲེལ་བའི་སྐྱེས་བུ་མཉྫུ་ཤྲཱི་པས་ནན་དུ་བསྐུལ་ངོར་བདུད་འཇོམས་པས་སྨྲས་པའོ། །དགེ་ལེགས་འཕེལ།།  +
ཅེས་གཏེར་ཆེན་པད་གླིང་གཉིས་པའི་གདུང་བརྒྱུད་རྒྱལ་སྲས་པདྨ་ཕྲིན་ལས་ཀྱི་ཡང་སྲིད་སྐུ་ཕྲང་དགུ་པ་མཆོག་ཉིད་གདན་ས་སྔན་ལུང་སྒང་སྟེང་གསང་སྔགས་ཆོས་གླིང་གི་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་སྐབས་སུ་ཉེར་མཁོར་གྱུར་ཏེ། གྲུབ་པ་མཆོག་གི་མན་ངག་ལ་བརྟེན་ནས་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བདུན་ཅུར་སོན་པ་ཆུ་མོ་གླང་གི་ལོ་སྟོན་ཟླ་ར་བའི་ཡར་ཚེས་དགེ་བར་རི་བོ་རིན་ཆེན་སྤུངས་ཀྱི་མགུལ་དུ་སྦྱར་བ་ལས་ཡི་གེ་པ་ནི་རིག་བྱེད་པ་བསོད་ནམས་རྒྱལ་མཚན་གྱིས་བགྱིས་པ་ཀུན་ཏུ་དོན་ཡོད་པར་གྱུར་ཅིག  +
* '''First colophon:''' ཅེས་པའང་མོས་ལྡན་དོན་དུ་གཉེར་བ་ཅན་འགའ་ཞིག་གིས་བདག་ཉིད་ཀྱི་སྐྱེས་རབས་གསོལ་འདེབས་སུ་བྱས་པ་ཞིག་དགོས་ཞེས་སྔ་ཕྱིར་ནན་ཏན་ཆེན་པོས་བསྐུལ་བའི་གཡར་ངོ་མ་ལྡོག་ཙམ་དུ། གཏེར་ལུང་རྣམས་དང་རིག་འཛིན་གོང་མའི་གསུང་ལ་ཁུངས་སུ་བྱས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། * '''Second colophon:''' ཞེས་པའང་དད་པ་ཅན་གྱི་ངོར་རང་ཉིད་ཀྱིས་སོ། །སརྦ་མངྒ་ལཾ།།   +
ཞེས་བདུད་འདུལ་གཏེར་ཁ་ལས་ཁོལ་ཕྱུངས་ཁ་སྐོང་དུ་བསྡེབས་པའོ།  +
།ཞེས་པའང་བུ་ཆུ་རིག་པ་འཛིན་པའི་དགའ་ཚལ་དུ་འཆི་མེད་བདུད་རྩིའི་དགའ་སྟོན་སྤྲོ་བའི་ཆ་རྐྱེན་དུ་ཉེར་མཁོར་གྱུར་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིདྡྷི་རསྟུ༎  +