TTDL-ZABTER-06-CHA-030: Difference between revisions
No edit summary |
No edit summary |
||
| Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་བརྒྱད་གསང་བ་འདུས་པའི་བཟློག་པ་རྡོ་རྗེ་ཕ་ལམ་བྱད་མའི་སྙིང་འདྲེན༔ | |||
|fulltitle=zab gsang mkha' 'gro'i snying thig las: bka' brgyad gsang ba 'dus pa'i bzlog pa rdo rje pha lam byad ma'i snying 'dren: | |||
|citation=Khrag 'thung [[Bdud 'joms gling pa]]. ''Zab gsang mkha' 'gro'i snying thig las bka' brgyad gsang ba 'dus pa'i bzlog pa rdo rje pha lam byad ma'i snying 'dren''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 6: 507-540. Thimphu, Bhutan: Lama Kuenzang Wangdue, 2004. | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|collectiontitle=bdud 'joms gling pa zab gter | |collectiontitle=bdud 'joms gling pa zab gter | ||
|author=bdud 'joms gling pa | |author=bdud 'joms gling pa | ||
|sourcerevealer=bdud 'joms gling pa | |sourcerevealer=bdud 'joms gling pa | ||
| | |tibgenre=Averting or Dispelling Rites- zlog pa | ||
|terma=Yes | |terma=Yes | ||
|deity=bka' brgyad | |deity=bka' brgyad | ||
| Line 16: | Line 16: | ||
|parentcycle=zab gsang mkha' 'gro'i snying thig | |parentcycle=zab gsang mkha' 'gro'i snying thig | ||
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ | |parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ | ||
|language=Tibetan | |language=Tibetan | ||
|volumenumber=06 | |||
|volnumtib=༦ | |volnumtib=༦ | ||
|volyigtib=ཆ | |volyigtib=ཆ | ||
| | |totalvolumes=21 | ||
|textnuminvol=030 | |textnuminvol=030 | ||
|pagenumbers=507-540 | |||
|totalpages=34 | |||
|beginfolioline=1a1 | |||
|endfolioline=17b5 | |||
|totalfolios=17 | |||
|multivolumework=No | |||
|rectonotes=zlog pa | |||
|versonotes=bdud 'joms bka' brgyad gsang 'dus | |||
|colophontib=ཞེས་པ་འདི་ཉིད་ས་མོ་ལུག་གི་ལོར་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུའི་ཉིན་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་སྤྱན་དྲངས་ཏེ་མཐར་རང་སློབ་དམ་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་རྣམས་ཀྱིས་ནན་དུ་བསྐུལ་ངོར་གར་དབང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཤོག་གསེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ།། | |||
|colophonwylie=zhes pa 'di nyid sa mo lug gi lor hor zla bcu gcig pa'i tshes bcu'i nyin gser smad rnga rol stag rtse'i g.yas logs shwa brag rdo rje can nas spyan drangs te mthar rang slob dam sprul sku sna tshogs rang grol dang mkhyen rab rgya mtsho klong chen rdo rje rnams kyis nan du bskul ngor gar dbang khrag 'thung bdud 'joms rdo rjes shog gser las zhal bshus te dag par phab pa'o/_/dge'o/_/dge'o/_/dge'o/_/legs so// | |||
|pdflink=File:TTDL-ZABTER-06-CHA-030.pdf | |pdflink=File:TTDL-ZABTER-06-CHA-030.pdf | ||
|authortib=བདུད་འཇོམས་གླིང་པ་ | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|volumeLetter=CHA | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-06-CHA | |InitCategories=Dudjom Tersar Project; TTDL-ZABTER-Volume-06-CHA | ||
}} | }} | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་བརྒྱད་གསང་བ་འདུས་པའི་བཟློག་པ་རྡོ་རྗེ་ཕ་ལམ་བྱད་མའི་སྙིང་འདྲེན་བཞུགས༔ | ||
ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) དུས་གསུམ་རྒྱལ་བ་ཡོངས་རྫོགས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མ་ལུས་རྫོགས་པའི་ལྷ༔ བཅོམ་ལྡན་སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་ཡུམ༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་རྒྱ་མཚོ་ལ༔ རྣམ་པ་ཀུན་ནས་གུས་པས་ཕྱག་འཚལ་ལོ༔ དེར་བརྟེན་ཟློག་པ་རྡོ་རྗེ་ཕ་ལམ་བསྟན༔ གྲུ་གསུམ་ཨེ་སྟེང་དམར་གྱི་གཏོར་མ་ནི༔ དབུས་སུ་འཁྱུད་གང་ལྔ་དང་ཕྱོགས་མཚམས་བརྒྱད༔ དེ་འདྲ་རང་རང་གཏོར་ཆུང་བརྒྱད་རེ་དང་༔ བ་ལིང་ལྷ་གྲངས་ཕྱི་རིམ་གཏོར་ཆུང་དང་༔ སྐྱུ་གུ་ཁྲག་ཀོང་ཤ་སྣ་ཁྲག་གིས་བརྒྱན༔ ཉེར་བརྒྱད་རྩང་གི་དྲྭ་བས་ཡོངས་སུ་བསྐོར༔ བྱད་ཐག་སྔོ་དམར་རིམ་གསུམ་ཚུལ་དུ་དཀྲིས༔ མཚེ་ཡུང་དུག་དང་དར་གདུགས་ནག་པོ་བྱ༔ རང་ཉིད་ལྷ་ཡི་ང་རྒྱལ་ལྡན་པའི་ངང་༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ སྨུག་ནག་གྲུ་གསུམ་འབར་བ་ཨེ་ཡི་མཁར༔ གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་ལྟེ་བ་རུ༔ བྱོལ་སོང་གཙོ་བརྒྱད་ཀྱིས་བཏེགས་རིན་ཆེན་ཁྲི༔ པདྨ་ཟླ་བ་ཉི་མའི་གདན་གྱི་སྟེང་༔ ལྷ་ཀླུ་སྡེ་བརྒྱད་གཟའ་གདོན་བསྣོལ་བའི་སྟེང་༔ ཁྲོ་རྒྱལ་ཡོངས་ཀྱི་སྤྱི་རྗེ་ཀུན་ཏུ་བཟང་༔ ཁྲོས་པའི་གཙོ་མཆོག་དཔལ་ཆེན་ཧེ་རུ་ཀ༔ རྔམས་བརྗིད་འབར་བའི་དབུ་ནི་ཉི་ཤུ་གཅིག༔ གཡས་ཞལ་བདུན་པོ་དཀར་ལ་བཞད་སྒྲ་སྒྲོགས༔ གཟུགས་ཁམས་ལྷ་ཡི་བཀའ་ཆད་དགྲ་ལ་ཟློག༔ གཡོན་ཞལ་བདུན་པོ་དམར་ལ་གཤེ་བའི་ཉམས༔ འདོད་ཁམས་ཡོངས་ཀྱི་རྒོལ་ངན་དགྲ་ལ་ཟློག༔ དབུས་ཞལ་བདུན་པོ་མཐིང་ནག་སྟེང་ཞལ་ཞི༔ གཟུགས་མེད་ལྷ་ཡི་བཀའ་ཆད་དགྲ་ལ་ཟློག༔ སྤྱན་ནས་མེ་ཡི་ཚྭ་ཚྭ་འཁྲུག་ཅིང་འཕྲོ༔ གཟའ་དང་རྒྱུ་སྐར་གནོད་པ་དགྲ༴ཤངས་ནས་ཧཱུྃ་གི་སྣང་གླུ་ལེན་པ་ཡིས༔ གཟུགས་མེད་བགེགས་ཀྱི་སྦྱོར་བ་དགྲ༴ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ སྐྱེ་བཞི་ལས་བྱུང་རྒོལ་ངན་དགྲ༴སྨར་སྨིན་ཨག་ཚོམ་མེ་ལྟར་འབར་བ་ཡི༔ གཟུང་འཛིན་གདོན་གྱི་འཁྲུལ་འཁོར་དགྲ༴སྙན་ནས་སེང་ཁྱུང་སྡིག་པ་སྐར་ལྟར་འཁྲིགས༔ ཉོན་མོངས་དུག་ལྔའི་གཡོ་འཁྲུགས་དགྲ༴དབུ་སྐྲ་ཁམ་ནག་སྲིད་རྩེར་འཁྱིལ་བ་ཡིས༔ ཡེ་ཤེས་ལྷ་ཡི་བཀའ་ཆད་དགྲ༴བཞི་བཅུ་ཞེ་གཉིས་ཕྱག་གི་དཀྱིལ་འཁོར་ནས༔ ཀུན་བཟང་ཡབ་ཡུམ་རིགས་ལྔ་ཡབ་ཡུམ་དང་༔ སེམས་དཔའ་སེམས་མ་ཐུབ་དྲུག་སྒོ་མ་བཞི༔ སྒོ་སྐྱོང་མ་བཞི་ཞེ་གཉིས་རྒྱལ་བའི་ལྷ༔ ཐུགས་རྗེ་ཁྲོས་པའི་ཤུགས་ཀྱིས་སྐུར་བཞེངས་ལ༔ ཀུན་གཞི་གསལ་དང་དེ་ཡི་རྣམ་པར་ཤེས༔ ཕུང་ལྔ་འབྱུང་ལྔ་ཚོགས་ཡུལ་ཉོན་མོངས་དྲུག༔ རྟག་ཆད་བདག་དང་མཚན་མར་ལྟ་བ་དང་༔ སྐྱེ་བཞི་ལས་བྱུང་འཇིགས་པ་བཅུ་དྲུག་དང་༔ མི་མཐུན་མི་འདོད་ཉེར་འཚེ་ཐམས་ཅད་ཀུན༔ སྣང་སྟོང་དབྱིངས་ལྔ་ཡེ་ཤེས་ཆོས་ཉིད་དྲུག༔ ཚད་མེད་ཕྲིན་ལས་བཞི་ཡི་ངང་དུ་ཟློག༔ ལྷུ་ཚིག་བཅུ་གཉིས་མཛེས་ཤིང་མཉེན་པ་ཡིས༔ རྟེན་འབྲེལ་ལས་བྱུང་དགྲ་གདོན་དབྱིངས་སུ་ཟློག༔ བཅོ་བརྒྱད་ཞབས་ཀྱིས་མི་སྲུན་ཕོ་མོ་མནན༔ བརྒྱད་ཁྲི་བཞི་སྟོང་འཁྲུལ་འཁོར་དགྲ་ལ་ཟློག༔ སྐུ་ལ་དུར་ཁྲོད་དཔལ་ཆས་མ་ལུས་རྫོགས༔ སེམས་དང་སེམས་བྱུང་ཉེར་འཚེ་དགྲ༴དེ་ཡི་པང་གཡོན་གནམ་ཞལ་དབྱིངས་ཕྱུག་འཁྱུད༔ མཐིང་སྐྱ་དབུ་དགུ་ཕྱག་ནི་བཅོ་བརྒྱད་ལྡན༔ ལྟ་ལོག་བདུད་ཀྱི་རྒོལ་ངན་དགྲ༴ཕྱག་སྟེང་ཀོར་སེང་ཕྲ་མེན་ཕོ་ཉ་འགྱེད༔ བྱད་ཕུར་རྦོད་གཏོང་སྡང་བའི་དགྲ༴ཞབས་དྲུག་ཡབ་ལ་དགྱེས་ཆགས་བརྐྱང་བསྐུམ་འཁྲིལ༔ འབྱུང་བཞིའི་གཡོ་འཁྲུགས་སྡང་བའི་དགྲ༴སྐུ་ལ་མི་ལྤགས་གཟིག་ཤམ་རུས་རྒྱན་གསོལ༔ དུག་གསུམ་དགྲ་བགེགས་སྡང་བའི་དགྲ༴ཡབ་ཡུམ་ཐོད་སྐམ་དབུ་རྒྱན་ཅོད་ཕན་འཕུར༔ སྣང་དང་མི་སྣང་བགེགས་ཀྱི་འཚེ་བ་ཟློག༔ སྤྱི་བོར་ཡེ་ཤེས་ཁྱུང་གི་ཚྭ་ཚྭ་འཕྲོ༔ ཀླུ་གདོན་ས་བདག་གནོད་པ་དགྲ༴སྐུ་ལས་ཡེ་ཤེས་མེ་དཔུང་རབ་ཏུ་འབར༔ གཉན་དང་རྒྱུ་སྐར་གནོད་པ་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ འགགས་མེད་རོལ་པ་ཆེན་པོའི་ཨེ་སྟེང་ནས༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ དབུ་དགུ་བཅོ་བརྒྱད་ཕྱག་ན་མཚོན་ཆ་བསྣམས༔ མཐའ་དམག་དུས་ཀྱི་ཡོ་ལངས་དགྲ༴ཞབས་དྲུག་བདུད་དང་རཱུ་ཏྲའི་གདན་ལ་བརྫིས༔ མ་མོ་མཁའ་འགྲོའི་བཀའ་ཆད་དགྲ༴གནམ་ཞལ་ཤེས་རབ་ཞལ་གསུམ་ཕྱག་དྲུག་འཁྲིལ༔ གཉིས་སྣང་འཇིག་པའི་ཚོགས་ཀུན་དགྲ༴སྐུ་ལ་དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན༔ གཟུགས་དང་གཟུགས་མེད་གནོད་པ་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་གཞལ་ཡས་ནས༔ ཉག་གཅིག་མཐའ་བྲལ་ཆོས་ཉིད་དོན་གྱི་ལྷ༔ མཐིང་ནག་འབར་བ་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གཟུང་འཛིན་བམ་གྱི་སྟེང་ན་བརྗིད༔ འཇིགས་པའི་གད་རྒྱངས་ཧ་ཧ་ཧཱུྃ་ཕཊ་སྒྲོགས༔ ཐུགས་ལས་ཡེ་ཤེས་མཚོན་གྱི་དྲྭ་བ་འཕྲོ༔ གནམ་ཞལ་དབྱིངས་ཕྱུག་མཐིང་སྐྱ་གཡོན་ནས་འཁྲིལ༔ སྐུ་ལ་དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས༔ རབ་འཇིགས་རྡོ་རྗེ་གློག་གི་ཕྲེང་བ་ཅན༔ སྤྲུལ་དང་ཡང་སྤྲུལ་དུ་མའི་ཆོ་འཕྲུལ་ངོམས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ མི་མཐུན་མི་འདོད་ཕྱོགས་རྣམས་དགྲ་ལ་ཟློག༔ ༈དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་༔ རྩ་གསུམ་ཆོས་སྐྱོང་སྲུང་མའི་མཐུ་སྟོབས་དང༔ ལྷ་སྔགས་ཏིང་ངེ་འཛིན་གྱི་ནུས་པའི་མཐུས༔ གཟུགས་ཅན་གཟུགས་མེད་དགྲ་གདོན་གནོད་བྱེད་ཟློག༔ བྱད་ཕུར་རྦོད་གཏོང་ཆག་ཆེ་ཉམ་ང་ཟློག༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཟློག༔ མི་ནད་ནོར་གྱི་གོད་ཁ་དགྲ་ལ་ཟློག༔ མཛེ་གྲུམ་ཀླུ་གཉན་ནད་རྣམས་དགྲ༴སྟེང་ནས་ཐོག་སེར་འབེབས་པ་དགྲ༴བར་ནས་སྡེ་བརྒྱད་གཡོས་པ་དགྲ༴འོག་ནས་ས་བདག་འཁྲུགས་པ་དགྲ༴ནད་རིགས་བཞི་བརྒྱ་རྩ་བཞི་དགྲ༴བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ༴ལྟས་ངན་བརྒྱད་ཅུ་རྩ་གཅིག་དགྲ༴ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དགྲ༴གློ་བུར་དགུ་བཅུ་རྩ་གཅིག་དགྲ༴དུས་མིན་འཆི་བ་བཅོ་བརྒྱད་དགྲ༴ལྷ་འདྲེ་མི་གསུམ་བྱད་ཁ་དགྲ༴དུས་འཁྲུགས་མཚོན་གྱི་ཡོ་ལང་དགྲ༴སྔོན་ལས་འཕྲལ་རྐྱེན་ངན་པ་དགྲ༴བཀྲ་མི་ཤིས་པ་ཐམས་ཅད་དགྲ༴མཐའ་ཁོབ་ཀླ་ཀློས་མཐུ་སྦྱོར་དགྲ༴རྗེས་ཤུལ་མིང་ཙམ་མེད་པར་རྡུལ་དུ་རློག༔ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་ཟློག༔ གནོད་པར་བྱེད་པའི་བགེགས་ཀྱི་སྟེང༴ཟ་བར་བྱེད་པའི་འདྲེ་ཡི་སྟེང༴ཕུང་བར་བྱེད་པའི་སྲི་ཡི་སྟེང༴བསླབ་པའི་སློབ་བུ་དམ་ལོག་སྟེང༴བྲན་གཡོག་ངོ་ལོག་རྒྱབ་བརྟེན་སྟེང༴བསམ་ངན་སྦྱོར་རྩུབ་བྱེད་པའི་སྟེང༴དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ སྒྲུབ་པ་བཀའ་བརྒྱད་ལྷ་ཡི་བདེན་པས་ཟློག༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་མཐུ་ཡིས་ཟློག༔ ཟ་བྱེད་རྩང་གི་འཁྲུལ་འཁོར་འདི་ཡིས་ཟློག༔ ཧཱུྃ་བྷྱོ༔ ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ རཀྴ་ཧེ་རུ་ཡབ་ཡུམ་སྐུར་བཞེངས་ཤིག༔ གནོད་བྱེད་དགྲ་བགེགས་གཟུགས་ཀྱི་ཕུང་པོ་རོལ༔ ཤར་གྱི་ཕྱོགས་ནས་དགྲ་གདོན་བགེགས་ཚོགས་ཟློག༔ ཧཱུྃ་བྷྱོ༔ ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ གུ་ཧྱ་ཧེ་རུ་ཡབ་ཡུམ་སྐུར་བཞེངས་ཤིག༔ གནོད་བྱེད་དགྲ་བགེགས་ཚོར་བའི་ཕུང་པོ་རོལ༔ ལྷོ་ཡི་ཕྱོགས་ཀྱི་དགྲ་གདོན་བགེགས་ཚོགས་ཟློག༔ ཧཱུྃ་བྷྱོ༔ ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ བྷི་ཤ་ཧེ་རུ་ཡབ་ཡུམ་སྐུར་བཞེངས་ཤིག༔ གནོད་བྱེད་དགྲ་བགེགས་འདུ་ཤེས་ཕུང་པོ་རོལ༔ ནུབ་ཀྱི་ཕྱོགས་ཀྱི་དགྲ་གདོན་བགེགས་ཚོགས་ཟློག༔ ཧཱུྃ་བྷྱོ༔ བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཡཀྴ་ཧེ་རུ་ཡབ་ཡུམ་སྐུར་བཞེངས་ཤིག༔ གནོད་བྱེད་དགྲ་བགེགས་འདུ་བྱེད་ཕུང་པོ་རོལ༔ བྱང་གི་ཕྱོགས་ཀྱི་དགྲ་གདོན་བགེགས་ཚོགས་ཟློག༔ དཀོན་མཆོག་རིན་ཆེན་སོགས༔ ཧཱུྃ་བྷྱོ༔ དྲི་ཟ་འདུལ་བྱེད་ཁྲོ་མཆོག་རྣམ་པར་རྒྱལ༔ ཡུམ་དང་སྤྲུལ་པ་ཕྱག་བརྙན་བཅས་རྣམས་ཀྱིས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དྲི་ཟ་ཕོ་མོའི་གནོད་པ་དགྲ་ལ་ཟློག༔ མེ་ལྷ་འདུལ་བྱེད་ཁྲོ་མཆོག་དབྱུག་སྔོན་ཅན༔ ཡུམ་དང་སྤྲུལ་པ་ཕྱག་བརྙན་བཅས་རྣམས་ཀྱིས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ མེ་ལྷ་ཕོ་མོའི་གནོད་པ་དགྲ་ལ་ཟློག༔ གཤིན་རྗེ་འདུལ་བྱེད་ཁྲོ་མཆོག་གཤེད་ཆེན་པོ༔ ཡུམ་དང་སྤྲུལ་པ་ཕྱག་བརྙན་བཅས་རྣམས་ཀྱིས༔ ཤ་ཁྲག་དམར༴གཤིན་རྗེ་ཕོ་མོའི་གནོད་པ་དགྲ༴སྲིན་པོ་འདུལ་བྱེད་ཁྲོ་མཆོག་མི་གཡོ་མགོན༔ ཡུམ་དང་སྤྲུལ་པ་ཕྱག་བརྙན་བཅས་རྣམས་ཀྱིས༔ ཤ་ཁྲག་དམར༴སྲིན་པོ་ཕོ་མོའི་གནོད་པ་དགྲ༴ཆུ་ལྷ་འདུལ་བྱེད་ཁྲོ་མཆོག་རྟ་མགྲིན་རྒྱལ༔ ཡུམ་དང་སྤྲུལ་པ་ཕྱག་བརྙན་བཅས་རྣམས་ཀྱིས༔ ཤ་ཁྲག་དམར༴ཆུ་ལྷ་ཕོ་མོའི་གནོད་པ་དགྲ༴རླུང་ལྷ་འདུལ་བྱེད་ཁྲོ་མཆོག་འདོད་པའི་རྒྱལ༔ ཡུམ་དང་སྤྲུལ་པ་ཕྱག་བརྙན་བཅས་རྣམས་ཀྱིས༔ ཤ་ཁྲག་དམར༴རླུང་ལྷ་ཕོ་མོའི་གནོད་པ་དགྲ༴གནོད་སྦྱིན་འདུལ་བྱེད་ཁྲོ་མཆོག་བདུད་རྩི་འཁྱིལ༔ ཡུམ་དང་སྤྲུལ་པ་ཕྱག་བརྙན་བཅས་རྣམས་ཀྱིས༔ ཤ་ཁྲག་དམར༴གནོད་སྦྱིན་ཕོ་མོའི་གནོད་པ་དགྲ༴དབང་ལྡན་འདུལ་བྱེད་ཁྲོ་མཆོག་ཁམས་གསུམ་རྒྱལ༔ ཡུམ་དང་སྤྲུལ་པ་ཕྱག་བརྙན་བཅས་རྣམས་ཀྱིས༔ ཤ་ཁྲག་དམར༴དབང་ལྡན་ཕོ་མོའི་གནོད་པ་དགྲ༴ས་བདག་འདུལ་བྱེད་ཁྲོ་རྒྱལ་སྟོབས་པོ་ཆེ༔ ཡུམ་དང་སྤྲུལ་པ་ཕྱག་བརྙན་བཅས་རྣམས་ཀྱིས༔ ཤ་ཁྲག་དམར༴ས་བདག་ཕོ་མོའི་གནོད་པ་དགྲ༴སྟེང་ཕྱོགས་འདུལ་བྱེད་ཁྲོ་མཆོག་ཧཱུྃ་ཀཱ་ར༔ ཡུམ་དང་སྤྲུལ་པ་ཕྱག་བརྙན་བཅས་རྣམས་ཀྱིས༔ ཤ་ཁྲག་དམར༴སྟེང་གདོན་ཕོ་མོའི་གནོད་པ་དགྲ༴དཀོན་མཆོག་རིན་ཆེན་སོགས༔ ཧཱུྃ་བྷྱོ༔ པྲ་ཛྙཱ་ཏ་ཀྲྀད་ཡེ་ཤེས་ཁྲོ་བོའི་རྒྱལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཞེ་སྡང་ལས་བྱུང་དགྲ་བགེགས་གནོད་བྱེད་ཀུན༔ ཆོས་ཉིད་སྙིང་རྗེ་ཆེན་པོའི་དབྱིངས་སུ་ཟློག༔ ཡ་མཱནྟ་ཀྲྀཏ་ཡེ་ཤེས་ཁྲོ་བོའི་རྒྱལ༔ ཤ་ཁྲག་དམར༴ང་རྒྱལ་ལས་བྱུང་དགྲ་བགེགས་གནོད་བྱེད་ཀུན༔ ཆོས་ཉིད་བྱམས་པ་ཆེན་པོའི་དབྱིངས༴པདྨ་ཏ་ཀྲྀཏ་ཡེ་ཤེས་ཁྲོ་བོའི་རྒྱལ༔ ཤ་ཁྲག་དམར༴འདོད་ཆགས་ལས་བྱུང་དགྲ་བགེགས་གནོད་བྱེད་ཀུན༔ ཆོས་ཉིད་དགའ་བ་ཆེན་པོའི་དབྱིངས༴བིགྷྣཱན་ཏ་ཀྲྀཏ་ཡེ་ཤེས་ཁྲོ་བོའི་རྒྱལ༔ ཤ་ཁྲག་དམར༴ཕྲག་དོག་ལས་བྱུང་དགྲ་བགེགས་གནོད་བྱེད་ཀུན༔ ཆོས་ཉིད་བཏང་སྙོམས་ཆེན་པོའི་དབྱིངས་སུ་ཟློག༔ དཀོན་མཆོག་རིན་ཆེན་སོགས༔ ཧཱུྃ་བྷྱོ༔ ལྕེ་སྤྱང་ཆེན་མོ་སེང་གེའི་མགོ་ཅན་གྱིས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་ཟློག་པའི་ལས་མཛོད་ཅིག༔ ལྕེ་སྤྱང་ཆེན་མོ་སྟག་གི་མགོ་ཅན་གྱིས༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴ལྕེ་སྤྱང་ཆེན་མོ་གཟིག་གི་མགོ་ཅན་གྱིས༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴ལྕེ་སྤྱང་ཆེན་མོ་དོམ་གྱི་མགོ་ཅན་གྱིས༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴ལྕེ་སྤྱང་ཆེན་མོ་སྤྱང་མོའི་མགོ་ཅན་གྱིས༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴ལྕེ་སྤྱང་ཆེན་མོ་དྲེད་ཀྱི་མགོ་ཅན་གྱིས༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴ལྕེ་སྤྱང་ཆེན་མོ་ཀང་ཀའི་མགོ་ཅན་གྱིས༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴ལྕེ་སྤྱང་ཆེན་མོ་ཁ་ཁའི་མགོ་ཅན་གྱིས༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴དཀོན་མཆོག་རིན་ཆེན་སོགས༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ དགྲ་གདོན་བགེགས་ཚོགས་བྱད་ཕུར་རྦོད་གཏོང་ཆག་ཆེ་ཉམ་ང་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ ཧཱུྃ་བྷྱོ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ རིན་ཆེན་ཁྲི་རྐང་པད་ཉི་བམ་གདན་སྟེང་༔ རྒྱལ་བ་ཀུན་གྱི་ཐུགས་མཆོག་ཧེ་རུ་ཀ༔ མཐིང་ནག་དཀར་དམར་ཞལ་གསུམ་ཕྱག་དྲུག་པ༔ བཛྲ་ཀྲོ་ཏི་སྔོན་མོ་གཡོན་ནས་འཁྱུད༔ དུར་ཁྲོད་དཔལ་ཆས་རྫོགས་ཤིང་གར་དགུ་ལྡན༔ ཕྱག་མཚན་འཇིགས་པའི་མཚོན་ཆ་ཕྱག་ན་བསྣམས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བཟློག་པའི་ལས་མཛོད་ཅིག༔ བུདྡྷ་ཧེ་རུ་ཡབ་ཡུམ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བྱད་ཕུར་རྦོད་གཏོང་རྣམས༔ མིང་ཙམ་མེད་པར་བསྒྱུར་ཟློག་ཕྲིན་ལས་མཛོད༔ བཛྲ་ཧེ་རུ་ཡབ་ཡུམ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴མིང་ཙམ་མེད༴རཏྣ་ཧེ་རུ་ཡབ་ཡུམ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴མིང་ཙམ་མེད༴པདྨ་ཧེ་རུ་ཡབ་ཡུམ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴མིང་ཙམ་མེད༴ཀརྨ་ཧེ་རུ་ཡབ་ཡུམ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴མིང་ཙམ་མེད༴དཀོན་མཆོག་རིན་ཆེན་སོགས༔ ཧཱུྃ་བྷྱོ༔ ཤར་ཕྱོགས་ཀོའུ་རི་དཀར་མོ་ཞིང་དབྱུག་ཐོགས༔ ལྷོ་ཕྱོགས་ཙོའུ་རི་སེར་མོ་མདའ་གཞུ་འགེང་༔ ནུབ་ཕྱོགས་པྲ་མོ་དམར་མོ་རྒྱལ་མཚན་འཛིན༔ བྱང་ཕྱོགས་བཻ་ཏ་ལྗང་མོ་བྷན་དམར་དཀྲུག༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴མིང་ཙམ་མེད༴ཧཱུྃ་བྷྱོ༔ ཤར་ལྷོ་པུསྐ་སེར་མོ་རྒྱུ་མ་འདྲེན༔ ལྷོ་ནུབ་གསྨ་ལྗང་ནག་བྷན་ཁྲག་བསྣམས༔ ནུབ་བྱང་ཙནྡྷ་སེར་མོ་རྒྱུ་མ་ཟ༔ བྱང་ཤར་སྨེ་ཤ་མཐིང་ནག་བམ་ཆེན་འདྲད༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴མིང་ཙམ་མེད༴ཧཱུྃ་བྷྱོ༔ ཤར་ཕྱོགས་སེང་ཧ་སེང་གདོང་རོ་ལ་ཟ༔ ལྷོ་ཕྱོགས་བྱཱ་ཀྲྀ་སྟག་གདོང་འཁོར་བ་འཇིགས༔ ནུབ་ཕྱོགས་སྲི་ལ་ཝ་གདོང་སྤུ་གྲི་འཛིན༔ བྱང་ཕྱོགས་ཤྭ་ན་སྤྱང་གདོང་བམ་རོ་ཁུར༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴མིང་ཙམ་མེད༴ཧཱུྃ་བྷྱོ༔ ཤར་ལྷོ་ཀྲྀ་ཏ་བྱ་གདོང་རྒྱུ་མ་འདྲེན༔ ལྷོ་ནུབ་དུར་བྱའི་གདོང་ཅན་བམ་ཕྲག་གཟར༔ ནུབ་བྱང་ཁ་ཁའི་གདོང་ཅན་བྷན་གྲི་འཛིན༔ བྱང་ཤར་ཧུ་ལུ་འུག་གདོང་ལྕགས་ཀྱུ་འཛིན༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴མིང་ཙམ་མེད༴དཀོན་མཆོག་རིན་ཆེན་སོགས༔ ཧཱུྃ་བྷྱོ༔ རྟ་གདོང་དཀར་མོ་ལྕགས་ཀྱུ་ཐོད་ཁྲག་འཛིན༔ ཕག་གདོང་སྔོན་མོ་ཞགས་པ་ཐོད་ཁྲག་འཛིན༔ སྤྲེལ་གདོང་དམར་མོ་ལྕགས་སྒྲོག་ཐོད་ཁྲག་འཛིན༔ སྤྱང་གདོང་ལྗང་གུ་དྲིལ་བུ་ཐོད་ཁྲག་འཛིན༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴མིང་ཙམ་མེད༴ཧཱུྃ་བྷྱོ༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་སོགས༔ མགོ་བརྙན་ཕྱག་ན་འཇིགས་པའི་མཚོན་ཆ་འཛིན༔ གཅིག་ལས་སྤྲུལ་པ་བྱེ་བ་གྲངས་མེད་འགྱེད༔ དཔལ་ཆེན་ཐུགས་སྤྲུལ་མཁའ་འགྲོ་ཉེར་བརྒྱད་པོ༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴མིང་ཙམ་མེད༴དཀོན་མཆོག་རིན་ཆེན་སོགས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དགྲ་གདོན་བགེགས་ཚོགས་བྱད་ཕུར་རྦོད་གཏོང་ཆག་ཆེ་ཉམ་ང་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ ཧཱུྃ་བྷྱོ༔ སེར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས༔ རིན་ཆེན་ཁྲི་རྐང་པད་ཟླ་ཉི་མ་དང་༔ གདུག་པ་གཅལ་དུ་བཀྲམ་པའི་གདན་སྟེང་ནས༔ རྒྱལ་ཀུན་སྐུ་ཡི་དབང་ཕྱུག་གཤིན་རྗེ་གཤེད༔ སེར་ནག་དཀར་དམར་ཞལ་གསུམ་ཕྱག་དྲུག་པ༔ དུར་ཁྲོད་བདག་མོ་སེར་སྐྱ་གཡོན་ནས་འཁྲིལ༔ དུར་ཁྲོད་ཆས་རྫོགས་འཇིགས་པའི་མཚོན་ཆ་བསྣམས༔ སྒྲོལ་བའི་ཡུམ་མཆོག་ཨེ་ཀ་ཙ་ཏི་མཐིང་༔ ཞིང་དབྱུག་དགྲ་བོའི་ཙིཏྟ་ཞལ་དུ་གསོལ༔ མི་མངོན་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་བཟློག་པའི་ལས་མཛོད་ཅིག༔ ཧཱུྃ་བྷྱོ༔ ཡ་མ་རཱ་ཙ་སྦྱོར་ཡུམ་བདུད་ལྕམ་མ༔ སྒྲོལ་ཡུམ་ཆེན་མོ་དཔལ་གྱི་བཀའ་ཉན་དང་༔ མྱོས་བྱེད་འབར་བ་སྦྱོར་ཡུམ་དུག་ཧྲུལ་མ༔ སྒྲོལ་ཡུམ་ཆགས་བཞི་ཁྲག་གི་བདག་མོ་དང་༔ ཨཱཪྻ་རྨེ་རུ་སྦྱོར་ཡུམ་འོད་ཟེར་ཅན༔ སྒྲོལ་བའི་ཡུམ་མཆོག་གླིང་བཞི་གཙུག་འབྱམས་མ༔ རལ་པ་ཚར་དགུ་སྦྱོར་ཡུམ་རེ་མ་ཏཱི༔ སྒྲོལ་བའི་ཡུམ་མཆོག་སྲིན་མོ་མགོ་འཕྱང་མ༔ གཤེད་བཞི་ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴དཀོན་མཆོག་རིན་ཆེན་སོགས༔ ཧཱུྃ་བྷྱོ༔ གཤིན་རྗེ་ནག་འཇོམས་ཡུམ་མཆོག་རལ་གཅིག་མ༔ གཤིན་རྗེ་ཕྱྭ་སངས་ཡུམ་མཆོག་གདོང་དགུ་མ༔ ཀོང་ཚེ་བྲག་འཇོམས་ཡུམ་མཆོག་ཤེལ་མིག་མ༔ ཨ་ཝ་གླག་མགོ་ཡུམ་མཆོག་མཆེ་གཙིགས་མ༔ ཡ་བ་ཏི་བ་ཡུམ་མཆོག་རྔམས་སྟབས་ཅན༔ གཤིན་རྗེ་མིག་དམར་ཡུམ་མཆོག་ཁྲག་རལ་མ༔ གཤིན་རྗེ་རྨིག་པ་ཡུམ་མཆོག་པུས་འགྲོ་མ༔ གཤིན་རྗེ་ཏེལ་པ་ཡུམ་མཆོག་མཆེ་བ་ཅན༔ གཤིན་རྗེ་བདུད་འཇོམས་སྨུག་ནག་རལ་གཅིག་ཡུམ༔ གཤིན་རྗེ་ཆོས་རྒྱལ་དམར་མོ་རལ་གཅིག་ཡུམ༔ གཤིན་རྗེ་གཤེད་དམར་དུག་གི་རལ་པ་ཡུམ༔ གཤིན་རྗེ་ཐོད་དབྱུག་ནག་མོ་ཕག་མགོ་ཡུམ༔ ཕྱོགས་སྐྱོང་བཅུ་གཉིས་འཁོར་དང་བཅས་པ་རྣམས༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴ཧཱུྃ་བྷྱོ༔ སྒོ་མ་ཆེན་མོ་བྱ་རྒོད་མགོ་ཅན་དང་༔ སྟག་གདོང་ཀང་ཀའི་མགོ་དང་ལྕགས་སྤྱང་གདོང་༔ ཚད་མེད་རྣམ་བཞིའི་ཀློང་ནས་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴ཧཱུྃ་བྷྱོ༔ ཤར་བདུད་དཀར་པོ་ཤེལ་གྱི་རལ་པ་ཅན༔ ལྷོ་བདུད་སེར་པོ་གསེར་གྱི་སྟྭ་རེ་ཅན༔ ནུབ་བདུད་དམར་པོ་བསྭེ་ཡི་ཞགས་པ་ཅན༔ བྱང་བདུད་ལྗང་ནག་བྱུ་རུའི་མཆེ་བ་ཅན༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴ཧཱུྃ་བྷྱོ༔ རྒྱལ་བའི་གིང་ཆེན་ཤེལ་གྱི་ཕུར་པ་ཅན༔ གཤིན་རྗེའི་གིང་ཆེན་ཁྲག་གི་རལ་པ་ཅན༔ ཀླུ་ཡི་གིང་ཆེན་སྦྲུལ་གྱི་ཞགས་པ་ཅན༔ གནོད་སྦྱིན་གིང་ཆེན་གཡུ་ཡི་ཐོར་གཙུག་ཅན༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴ཧཱུྃ་བྷྱོ༔ ཉི་མ་དང་པོ་མ་མོའི་རྩིས་བྱེད་གིང་༔ ཉི་མ་གཉིས་པ་བདུད་ཀྱི་རྩིས་བྱེད་གིང་༔ ཉི་མ་གསུམ་པ་གནོད་སྦྱིན་རྩིས་བྱེད་གིང་༔ ཚིག་རྐང་འདི་ཆད་འདུག་པ་བཙུད་པ་ཡིན་པས་ཡིན་མིན་དཔྱད།ཉི་མ་བཞི་པ་གཤིན་རྗེའི་རྩིས་བྱེད་གིང་༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴ཧཱུྃ་བྷྱོ༔ ནད་རིམས་གཏོང་བྱེད་མ་མོའི་ཤན་པ་དང་༔ མྱོས་བརྒྱལ་གཏོང་བྱེད་བཙན་གྱི་ཤན་པ་དང་༔ ཀླུ་ནད་འབེབས་བྱེད་ཀླུ་ཡི་ཤན་པ་དང་༔ རྒྱུག་འགྱེལ་གསོད་པ་གཟའ་ཡི་ཤན་པ་སྟེ༔ སྲོག་བདག་ཤན་པ་མཆེད་བཞི་འཁོར་དང་བཅས༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴དཀོན་མཆོག་རིན་ཆེན་སོགས༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ དགྲ་གདོན་བགེགས་ཚོགས་བྱད་ཕུར་རྦོད་གཏོང་ཆག་ཆེ་ཉམ་ང་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ ཧཱུྃ་བྷྱོ༔ དམར་ནག་གྲུ་གསུམ་དབང་གི་གཞལ་ཡས་ནས༔ རིན་ཆེན་ཁྲི་རྐང་པདྨ་ཉི་མའི་སྟེང་༔ རྒྱལ་ཀུན་གསུང་གི་དབང་ཕྱུག་ཧེ་རུ་ཀ༔ དམར་ནག་དཀར་སྔོ་ཞལ་གསུམ་ཕྱག་དྲུག་པ༔ ཡུམ་མཆོག་རྡོ་རྗེ་གཏུམ་མོ་གཡོན་ནས་འཁྲིལ༔ དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་རྣམས་རྫོགས༔ ཡབ་ཡུམ་བཀའ་ཉན་བྱི་ལ་པུ་ཤུད་མགོ༔ འགུགས་དང་གསོད་པའི་མཚོན་ཆ་ཕྱག་ན་བསྣམས༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་གཟུགས་སྐུར་བཞེངས༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴དཀོན་མཆོག་རིན་ཆེན་སོགས༔ ཧཱུྃ་བྷྱོ༔ སྟེང་འོག་ཕྱོགས་མཚམས་འཁོར་ལོའི་རྩིབས་སྟེང་ནས༔ ཞི་བ་ཟིལ་གནོན་ཁྲོ་མཆོག་མི་ཕམ་ཡུམ༔ ཁྲོ་བོ་ཟིལ་གནོན་ཁྲོ་མཆོག་ཁྲོ་གཉེར་ཡུམ༔ མ་མོ་ཟིལ་གནོན་ཁྲོ་མཆོག་སྤྱན་གཅིག་ཡུམ༔ ཕོ་རྒྱུད་ཟིལ་གནོན་ཁྲོ་མཆོག་ལས་བྱེད་ཡུམ༔ མོ་རྒྱུད་ཟིལ་གནོན་ཁྲོ་མཆོག་ཀླུ་མོ་ཡུམ༔ གཟའ་བདུད་ཟིལ་གནོན་ཁྲོ་མཆོག་གནོད་བྱེད་ཡུམ༔ སྲིད་གསུམ་ཟིིལ་གནོན་ཁྲོ་མཆོག་སྡེ་བརྒྱད་ཡུམ༔ སྡེ་བརྒྱད་ཟིལ་གནོན་ཁྲོ་མཆོག་ལས་བྱེད་ཡུམ༔ ཁྲོ་བཅུ་ཡབ་ཡུམ་སྤྲུལ་འཁོར་བཅས་པ་རྣམས༔ མི་མངོན་ཆོས་ཀྱི་དབྱིངས་ནས་གཟུགས་སྐུར་བཞེངས༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴དཀོན་མཆོག་རིན་ཆེན་སོགས༔ ཧཱུྃ་བྷྱོ༔ སྒོ་མ་ཆེན་མོ་ལྕགས་ཀྱུ་ཞགས་པ་དང་༔ ལྕགས་སྒྲོག་དྲིལ་བུ་བཞི་ཡི་ཕྱག་རྒྱ་ཅན༔ ཁྲོ་མོའི་ཆས་རྫོགས་གཏུམ་དྲག་འཇིགས་པའི་སྐུ༔ ཤ་ཁྲག་དམར༴ཕྱོགས་བཞིའི་དགྲ་བགེགས་བཟློག་བསྒྱུར་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྐུ་ལས་སྤྲུལ་པའི་ཁམས་བརྒྱ་དཀར་ལ་འཚེར༔ གསུང་ལས་སྤྲུལ་པའི་ཁམས་བརྒྱ་དམར་ལ་རྔམས༔ ཐུགས་ལས་སྤྲུལ་པའི་ཁམས་བརྒྱ་མཐིང་ནག་གཏུམ༔ ཡོན་ཏན་སྤྲུལ་པའི་ཁམས་བརྒྱ་སེར་ལ་འབར༔ ཕྲིན་ལས་སྤྲུལ་པའི་ཁམས་བརྒྱ་ལྗང་ལ་ཁྲོ༔ གཉིས་མེད་སྤྲུལ་པའི་ཁམས་བརྒྱ་སྣ་ཚོགས་མདོག༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད་བཟློག་བསྒྱུར་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྤྲུལ་པའི་དམུས་ལོང་ཆེན་པོ་བཅུ་དྲུག་ནི༔ དཀར་མོ་ཟླ་འདབས་ཉི་ཟླ་གཙུག་གིས་འཕེན༔ སེར་མོ་ཉི་འདབས་གོ་ལའི་རྟ་ལ་ཞོན༔ དམར་མོ་མེ་འདབས་རླུང་གི་ཞགས་པ་འཕེན༔ སྔོན་མོ་ཆུ་འདབས་མུན་དགུང་བླ་ལ་འཇབ༔ དྲྭ་བ་ཅན་དང་གློག་འགྱུ་མ་ལ་སོགས༔ རང་རང་ལས་བྱེད་སྤྲུལ་པ་བསམ་མི་ཁྱབ༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴ཧཱུྃ་བྷྱོ༔ དཔལ་གྱི་ཁྱི་བརྒྱད་སྤྱང་བརྒྱད་མེ་རླུང་འབྲུག༔ དབང་མོ་ཉེར་བརྒྱད་རྫུ་འཕྲུལ་སྣ་ཚོགས་བདག༔ སྒྲུབ་པ་པོ་ལ་མ་དང་བུ་ལྟར་བརྩེ༔ བསྟན་སྲུང་དྲེགས་པའི་ཚོགས་རྣམས་དབྱིངས་ནས་བཞེངས༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴དཀོན་མཆོག་རིན་ཆེན་སོགས༔ ཨོཾ་པདྨ་ཏ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་གདོན་སོགས་ཟློག༔ ཧཱུྃ་བྷྱོ༔ ལྗང་ནག་གྲུ་གསུམ་ཨེ་ཡི་གཞལ་ཡས་ནས༔ རིན་ཆེན་ཁྲི་རྐང་པད་ཉི་བདུད་དཔུང་སྟེང་༔ རྒྱལ་བ་ཀུན་གྱི་ཕྲིན་ལས་དབང་ཕྱུག་ཆེ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ མཐིང་ནག་འབར་བ་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་རྒོད་གཤེ་རྔམས་པའི་ཞལ༔ འཁོར་ལོ་རྒྱས་འདེབས་ཁྲོ་མོ་གཡོན་ནས་འཁྲིལ༔ དུར་ཁྲོད་དཔལ་ཆས་མ་ལུས་ཡོངས་སུ་རྫོགས༔ ཕྱག་དྲུག་འཇིགས་པའི་མཚོན་ཆ་དགྲ་ལ་འབེབས༔ སྤྱི་བོར་ཡེ་ཤེས་ཁྱུང་གི་ཕོ་ཉ་འགྱེད༔ གཡས་སུ་སྲས་མཆོག་བུདྡྷ་ཀཱི་ལ་མཐིང་༔ གཡོན་དུ་སྒྲོལ་ཡུམ་ཨེ་ཀ་ཙ་ཏི་སྨུག༔ རང་རང་སྤྲུལ་པ་སེར་རླུང་བཞིན་དུ་འཕྲོ༔ འབར་བ་ཆེན་པོའི་དབྱིངས་ནས་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴ཧཱུྃ་བྷྱོ༔ སྐུ་ཡི་སྲས་མཆོག་བཛྲ་ཀཱི་ལ་དཀར༔ ཡོན་ཏན་སྲས་མཆོག་རཏྣ་ཀཱི་ལ་སེར༔ གསུང་གི་སྲས་མཆོག་པདྨ་ཀཱི་ལ་དམར༔ ཕྲིན་ལས་སྲས་མཆོག་ཀརྨ་ཀཱི་ལ་ལྗང་༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་རྔམས་བརྗིད་འབར༔ ཡེ་ཤེས་རོལ་པའི་མཚོན་ཆ་ཕྱག་ན་བསྣམས༔ སྐུ་སྨད་ཕྱོགས་མདོག་ཕུར་པས་དགྲ་གདོན་འབིགས༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད༴ཧཱུྃ་བྷྱོ༔ སྟེང་ཕྱོགས་ཧཱུྃ་ཀཱར་རྡོ་རྗེ་སྒྲ་འབྱིན་ཡུམ༔ སྤྲུལ་པ་ཟ་གསོད་ཕག་དང་སྨྲིག་བུའི་གདོང་༔ ཤ་ཁྲག་དམར༴སྟེང་གི་ཕྱོགས་ཀྱི་དགྲ་བགེགས་གནོད་བྱེད་ཟློག༔ ཤར་ཕྱོགས་རྣམ་པར་རྒྱལ་བ་མདའ་སྙེམས་ཡུམ༔ སྤྲུལ་པ་ཟ་གསོད་སྟག་དང་བྱ་རྒོད་གདོང་༔ ཤ་ཁྲག་དམར༴ཤར་གྱི་ཕྱོགས་ཀྱི་དགྲ་བགེགས༴ཤར་ལྷོ་དབྱུག་པ་སྔོན་པོ་སྡེར་མོ་ཡུམ༔ སྤྲུལ་པ་ཟ་གསོད་གཡག་དང་བྱ་རོག་གདོང་༔ ཤ་ཁྲག་དམར༴ཤར་ལྷོའི་ཕྱོགས་ཀྱི་དགྲ་བགེགས༴ལྷོ་ཕྱོགས་གཤིན་རྗེ་གཤེད་པོ་དུར་བདག་ཡུམ༔ སྤྲུལ་པ་ཟ་གསོད་ཤ་བ་འུག་པའི་གདོང་༔ ཤ་ཁྲག་དམར༴ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས༴ལྷོ་ནུབ་མི་གཡོ་མགོན་པོ་གཏུན་ཁུང་ཡུམ༔ སྤྲུལ་པ་ཟ་གསོད་གཟིག་དང་ཁྭ་ཏའི་གདོང་༔ ཤ་ཁྲག་དམར༴ལྷོ་ནུབ་ཕྱོགས་ཀྱི་དགྲ་བགེགས༴ནུབ་ཕྱོགས་རྟ་མགྲིན་རྒྱལ་པོ་གཟི་ལྡན་ཡུམ༔ སྤྲུལ་པ་ཟ་གསོད་བྱི་ལ་པུ་ཤུད་གདོང་༔ ཤ་ཁྲག་དམར༴ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས༴ནུབ་བྱང་འདོད་པའི་རྒྱལ་པོ་སྙེམས་མ་ཡུམ༔ སྤྲུལ་པ་ཟ་གསོད་སྤྱང་ཀི་ཁྲ་ཡི་གདོང་༔ ཤ་ཁྲག་དམར༴ནུབ་བྱང་ཕྱོགས་ཀྱི་དགྲ་བགེགས༴བྱང་ཕྱོགས་བདུད་རྩི་འཁྱིལ་བ་རླུང་འབྱིན་ཡུམ༔ སྤྲུལ་པ་ཟ་གསོད་སེང་གེ་ཕ་ཝཾ་གདོང་༔ ཤ་ཁྲག་དམར༴བྱང་གི་ཕྱོགས་ཀྱི་དགྲ་བགེགས༴བྱང་ཤར་ཁམས་གསུམ་རྣམ་རྒྱལ་གསོད་བྱེད་ཡུམ༔ སྤྲུལ་པ་ཟ་གསོད་དྲེད་དང་སྲེ་མོའི་གདོང་༔ ཤ་ཁྲག་དམར༴བྱང་ཤར་ཕྱོགས་ཀྱི་དགྲ་བགེགས༴འོག་ཕྱོགས་སྟོབས་ཆེན་རྒྱལ་པོ་བསྐུལ་བྱེད་ཡུམ༔ སྤྲུལ་པ་ཟ་གསོད་དོན་དང་བྱི་བའི་གདོང་༔ ཤ་ཁྲག་དམར༴འོག་གི་ཕྱོགས་ཀྱི་དགྲ་བགེགས༴ཕྱི་རིམ་ཟླ་གམ་གཉེར་གཅིག་གདེངས་པའི་ཁར༔ སྐུ་གསུང་ཐུགས་ཀྱི་སྲས་མཆོག་དཀར་དམར་མཐིང་༔ ཞལ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན༔ སྐུ་སྨད་གནམ་ལྕགས་ཕུར་པས་དགྲ་གདོན་འབིགས༔ ཤ་ཁྲག་དམར༴དུག་གསུམ་ལས་བྱུང་དགྲ་གདོན་བགེགས་ཚོགས་ཟློག༔ ཧཱུྃ་བྷྱོ༔ ཤར་གྱི་སྒོ་མ་རྡོ་རྗེ་པུ་ཤུད་གདོང་༔ ལྷོ་ཡི་སྒོ་མ་རིན་ཆེན་ཀང་ཀའི་གདོང་༔ ནུབ་ཀྱི་སྒོ་མ་པདྨ་སྲིན་བྱའི་གདོང་༔ བྱང་གི་སྒོ་མ་ཀརྨ་ཁྲ་ཡི་གདོང་༔ ཤ་ཁྲག་དམར༴ཕྱོགས་བཞི་མཚམས་བརྒྱད་དགྲ་གདོན་བགེགས་ཚོགས་ཟློག༔ ཧཱུྃ་བྷྱོ༔ ཤྭ་ན་མ་བཞི་རེ་ཏཱི་མ་བཞི་དང་༔ བསྭེ་མོ་མཆེད་བཞི་སྐྱེས་བུ་ཆེན་པོ་བཞི༔ གིང་དང་ལངྐ་དབང་བྱུག་བྲན་གཡོག་བཅས༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴དགྲ་བགེགས་གནོད་བྱེད་བཟློག་བསྒྱུར་ཕྲིན་ལས་མཛོད༔ དཀོན་མཆོག་རིན་ཆེན་སོགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དགྲ་གདོན་སོགས་ཟློག༔ ཧཱུྃ་བྷྱོ༔ གསང་ཆེན་རོལ་པ་ཨེ་ཡི་དཀྱིལ་འཁོར་ནས༔ རིན་ཆེན་ཁྲི་རྐང་པད་ཟླ་ཉི་མའི་སྟེང་༔ གདུག་པ་གདན་དུ་བསྣོལ་བའི་བམ་སྟེང་ནས༔ མངོན་རྫོགས་རྒྱལ་པོ་བླ་མེད་ཧེ་རུ་ཀ༔ མཐིང་ནག་དཀར་དམར་ཞལ་གསུམ་ཕྱག་དྲུག་པ༔ གདུག་པའི་མཚོན་ཆ་དགྲ་གདོན་སྙིང་ལ་གཟིར༔ མུ་ཁ་སྔོན་མོ་ཞལ་ལྔ་གཡོན་ནས་འཁྲིལ༔ དུར་ཁྲོད་དཔལ་ཆས་རབ་རྫོགས་གར་དགུ་ལྡན༔ ཡེ་ཤེས་ཁྲོ་བོ་ཆེན་པོ་བགེགས་ཀྱི་རྒྱལ༔ ཞི་བ་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་ཟློག་བསྒྱུར་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཕྱོགས་བཞི་པད་ཉི་ཞིང་རྐྱང་གདན་སྟེང་ནས༔ རྟག་པའི་རྒྱལ་མོ་རྣམ་སྣང་འོད་གསལ་མ༔ གཉན་གསལ་ཡང་གསལ་བཀྲག་གསལ་དབྱིངས་ཡུམ་ལྔ༔ ཀུན་ཀྱང་ཆ་ལུགས་མ་ངེས་ཅིར་ཡང་སྟོན༔ ཞི་བ་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴དཀོན་མཆོག་རིན་ཆེན་སོགས༔ ཧཱུྃ་བྷྱོ༔ སྲིད་པ་བདེ་འགྲོ་ཉི་ཟླ་ཐོད་ཕྲེང་དང་༔ རྡོ་རྗེ་ཉི་མ་སྲིད་གསུམ་བདེ་སྦྱོར་མ༔ པདྨ་ཁྲག་འཐུང་ཁམས་གསུམ་འཚོ་བྱེད་མོ༔ ཁྲག་འཐུང་ཁྲོས་པའི་མ་བཞི་འཁོར་དང་བཅས༔ ཞི་བ་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴ཧཱུྃ་བྷྱོ༔ དབྱིངས་ཕྱུག་མ་དང་རྒྱན་གྱི་རྒྱལ་མོ་དང་༔ བདག་ཉིད་ཆེན་མོ་གཅིག་པུ་མོ་དང་ནི༔ དཀར་མོ་མིག་གཅིག་ནག་མོ་རལ་གཅིག་མ༔ དམར་མོ་དབང་སྡུད་སེར་མོ་ལས་མཁན་མ༔ སྦས་པའི་མ་བཞི་ཐུགས་ཀྱི་དགྱེས་སྡེ་བཞི༔ འབར་བ་ཁྲག་འཐུང་ཁྲོས་པའི་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴ཧཱུྃ་བྷྱོ༔ ཨ་ཕྱི་ཆེན་མོ་སྲིད་པ་ཆགས་སྙོམས་མ༔ ཨེ་ཀ་ཙ་ཏི་དབྱིངས་ཡུམ་ཙ་ར་མ༔ མདོག་བཟང་ནག་མོ་སྔོན་མོ་དཀར་མོ་དང་༔ དཀར་མོ་མཆེ་གཅིག་ནག་མོ་ཁ་འཕྱལ་མ༔ དམར་མོ་མཆུ་འཇིབ་སེར་མོ་རྐང་ལྡག་མ༔ སྲིད་པའི་སྨན་མོ་རྒྱལ་མོ་ཚན་གསུམ་དང་༔ སྨན་རྒྱལ་མ་མོ་མཆེད་བཞི་འཁོར་དང་བཅས༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴ཧཱུྃ་བྷྱོ༔ ཧར་ཏིང་དཀར་མོ་དུན་ཏིང་ནག་མོ་དང་༔ ཤན་ཏིང་དམར་མོ་གྲུབ་ཏིང་སེར་མོ་དང་༔ རྡོ་རྗེ་ཀུན་གྲགས་རྡོ་རྗེ་ཀུན་ཏུ་བཟང་༔ རྡོ་རྗེ་རྟག་སྙེམས་རྡོ་རྗེ་ཡེ་ཤེས་དང་༔ རྡོ་རྗེ་གསལ་བྱེད་རྡོ་རྗེ་གཡུ་སྒྲོན་མ༔ གྲུ་འདེགས་མ་བཞི་མ་བདུན་འཁོར་དང་བཅས༔ ཁྲོས་འཁྲུགས་དྲག་པོ་ཆེན་མོའི་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴དཀོན་མཆོག་རིན་ཆེན་སོགས༔ ཧཱུྃ་བྷྱོ༔ གླིང་བཞི་མགྱོགས་མ་མཁའ་ལ་ཁྱུང་ལྡིང་མ༔ དམར་མོ་གཡག་ཐོད་ནག་མོ་སྡེར་འཛིང་མ༔ དཀར་མོ་དབུ་དགུ་སྨུག་མོ་དབུ་ལྔ་མ༔ མཚོ་སྨན་རྒྱལ་མོ་ལྷ་མོ་ཤྲི་ཛ་མུན༔ ལས་ཀྱི་སྲིང་བཞི་ལས་བྱེད་མ་བཞི་རྣམས༔ གཏུམ་དྲག་འཇིགས་རུང་ཆེན་མོའི་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴ཧཱུྃ་བྷྱོ༔ ཁྲམ་ཁ་སྟོང་དང་གླིང་བཞིའི་དབང་མོ་ཆེ༔ ས་གཞི་རྒྱ་མཚོ་གླིང་གི་དབང་མོ་ཆེ༔ ཟོར་སྲིན་བམ་སྲིན་རྐོང་སྲིན་འབྲོག་སྲིན་མ༔ གནམ་གྱི་ཡེ་བརྡར་བར་སྣང་གློག་མ་སྤྲིན༔ ས་ཡི་ཕུང་བྱེད་ནག་མོ་ཆེན་མོ་སྟེ༔ སྦས་པའི་མ་བཞི་གདོང་མོ་མཆེད་སྡེ་བཞི༔ ཕུང་བྱེད་མ་གསུམ་སྤྲུལ་དང་ཡང་འཁོར་བཅས༔ དྲག་ཁྲོས་རྔམས་པ་ཆེན་མོའི་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴ཧཱུྃ་བྷྱོ༔ ཛ་མུན་ཏྲི་དང་ཛན་ཏྲི་རེ་མ་ཏཱི༔ རྦོད་བྱེད་འཁྲུགས་བྱེད་གསོད་བྱེད་མ་དང་ནི༔ དབང་མོ་ཉེར་བརྒྱད་སྒོ་སྐྱོང་གདོང་ཅན་བཞི༔ སྤྲུལ་དང་ཡང་འཁོར་བཀའ་སྡོད་བྲན་གཡོག་བཅས༔ དཔའ་གཏུམ་ཁྲོས་འཁྲུགས་རྔམས་པའི་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴དཀོན་མཆོག་རིན་ཆེན་སོགས༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་ཏི་ཤྭ་རི་སྟྭཾ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ དགྲ་གདོན་སོགས༔ ཟློག༔ ཧཱུྃ་བྷྱོ༔ བྱིན་རླབས་དངོས་གྲུབ་འབྱུང་བའི་དཀྱིལ་འཁོར་ནས༔ རིན་ཆེན་ཁྲི་རྐང་པད་ཉི་བམ་གྱི་སྟེང་༔ རྒྱལ་ཀུན་ཕྲིན་ལས་དབང་ཕྱུག་ཧེ་རུ་ཀ༔ དཀར་དམར་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣོལ༔ བདེ་འབྱིན་རང་སྣང་ཡུམ་དང་གཉིས་མེད་སྦྱོར༔ དར་དང་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས༔ སྐུ་ཡི་ཀློང་དུ་དཀྱིལ་འཁོར་བཀོད་པ་ངོམས༔ མ་ལུས་འདུས་པའི་གཙོ་མཆོག་རིན་པོ་ཆེ༔ ཆོས་ཉིད་དབྱིངས་ལས་འབར་བའི་ཕྱག་རྒྱར་བཞེངས༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴ཧཱུྃ་བྷྱོ༔ སྐུ་ཡི་རིག་འཛིན་འཇམ་དཔལ་བཤེས་གཉེན་དང་༔ གསུང་གི་རིག་འཛིན་ཀླུ་སྒྲུབ་སྙིང་པོ་རྩལ༔ ཐུགས་ཀྱི་རིག་འཛིན་ཧཱུྃ་ཆེན་ཀཱ་ར་དང་༔ ཡོན་ཏན་རིག་འཛིན་རྡོ་རྗེ་ཐོད་པ་རྩལ༔ ཕྲིན་ལས་རིག་འཛིན་པྲ་ཆེན་ཧསྟི་པ༔ ཐུགས་ཉིད་ཞི་ལས་ཁྲོ་བོའི་ཕྱག་རྒྱར་བཞེངས༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴ཧཱུྃ་བྷྱོ༔ རྦོད་གཏོང་རིག་འཛིན་དྷ་ན་སཾསྐྲྀ་དང་༔ ལྷུན་གྲུབ་རིག་འཛིན་བི་མ་མི་ཏྲ་དང་༔ མཆོད་བསྟོད་རིག་འཛིན་རོམ་བུ་གུ་ཧྱ་དང་༔ དྲག་སྔགས་རིག་འཛིན་ཤཱནྟིཾ་གརྦྷ་རྩལ༔ ཐུགས་ཉིད་ཞི་ལས་ཁྲོ་བོའི་ཕྱག་རྒྱར་བཞེངས༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴དཀོན་མཆོག་རིན་ཆེན་སོགས༔ ཧཱུྃ་བྷྱོ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ༔ པདྨ་རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ༔ དྲག་གཏུམ་རྔམས་པ་ཆེན་མོའི་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴ཧཱུྃ་བྷྱོ༔ རྡོ་རྗེ་རིགས་ཀྱི་གིང་ཆེན་ཐོད་པའི་ཕྲེང་༔ རིན་ཆེན་རིགས་ཀྱི་གིང་ཆེན་བཞད་པའི་སྒྲ༔ པདྨ་རིགས་ཀྱི་གིང་ཆེན་ཁྲོས་པའི་རྒྱལ༔ ལས་ཀྱི་རིགས་ཀྱི་གིང་ཆེན་ཕྲིན་ལས་བདག༔ རིག་འཛིན་བླ་མའི་བཀའ་ཉན་མཐུ་སྟོབས་བདག༔ དྲག་གཏུམ་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴དཀོན་མཆོག་རིན་ཆེན་སོགས༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ དགྲ་གདོན་སོགས་ཟློག༔ ཧཱུྃ་བྷྱོ༔ དྲེགས་པ་ལས་ལ་དབང་བསྒྱུར་དཀྱིལ་འཁོར་ནས༔ རིན་ཆེན་ཁྲི་རྐང་པད་ཟླ་ཉི་མའི་སྟེང་༔ གཟུང་འཛིན་རཱུ་ཏྲ་བསྣོལ་བའི་གདན་སྟེང་ནས༔ གསང་བདག་དྲེགས་པ་ཀུན་འདུལ་མཐིང་ནག་རྔམས༔ ཁམ་སྨུག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གདུག་པ་འདུལ་མཛད་འབར་བའི་ཕྱག་མཚན་བསྣམས༔ ཁམས་གསུམ་སྤྱི་འདུལ་མཐིང་ནག་གཡོན་ནས་འཁྱུད༔ དུར་ཁྲོད་འཇིགས་པའི་ཆས་ཀུན་ཡོངས་སུ་རྫོགས༔ རབ་འཇིགས་མི་བསྲུན་ཁྲོས་པའི་གཟུགས་སྐུར་བཞེངས༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴དཀོན་མཆོག་རིན་ཆེན་སོགས༔ ཧཱུྃ་བྷྱོ༔ ཕོ་རྒྱུད་ཡོངས་ཀྱི་དེད་དཔོན་དབང་ཕྱུག་ཆེ༔ མོ་རྒྱུད་ཡོངས་ཀྱི་དེད་དཔོན་ཨུ་མ་དང་༔ གཤིན་རྗེའི་དེད་དཔོན་ཡ་མ་རཱ་ཛ་རྗེ༔ གཤིན་རྗེ་མོ་ཡི་དེད་དཔོན་གསོད་བྱེད་མ༔ མ་མོའི་དེད་དཔོན་སྲིད་པའི་རྒྱལ་མོ་དང་༔ སྔགས་སྲུང་དེད་དཔོན་ཨེ་ཀ་ཙ་ཏི་མ༔ བདུད་ཀྱི་དེད་དཔོན་སྐོས་རྗེ་བྲང་དཀར་དང་༔ བདུད་མོ་ཡོངས་ཀྱི་དེད་དཔོན་རེ་མ་ཏཱི༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴ཧཱུྃ་བྷྱོ༔ རྒྱལ་པོ་ཡོངས་ཀྱི་དེད་དཔོན་པེ་ཧ་ར༔ གིང་རྣམས་ཡོངས་ཀྱི་དེད་དཔོན་ཚངས་པ་དཀར༔ དགྲ་ལྷ་ཀུན་གྱི་དེད་དཔོན་སྐུ་ལྷ་གསང་༔ གཟའ་བདུད་ཡོངས་ཀྱི་དེད་དཔོན་རཱ་ཧུ་ལ༔ སྲིན་པོ་རྣམས་ཀྱི་དེད་དཔོན་གློག་གི་ཕྲེང་༔ སྲིན་མོ་ཡོངས་ཀྱི་དེད་དཔོན་ཁྲག་མིག་མ༔ གནོད་སྦྱིན་དེད་དཔོན་ཡཀྴ་མེ་དབལ་དང་༔ གནོད་སྦྱིན་མོ་ཡི་དེད་དཔོན་མོན་མོ་ནག༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴དཀོན་མཆོག་རིན་ཆེན་སོགས༔ ཧཱུྃ་བྷྱོ༔ ཆོས་སྐྱོང་ཡོངས་ཀྱི་དེད་དཔོན་དཔལ་མགོན་པོ༔ རིག་འཛིན་དེད་དཔོན་རྡོ་རྗེ་བདུད་འདུལ་དང་༔ དམུ་བདུད་དེད་དཔོན་ནག་པོ་བཀྲག་མེད་དང་༔ མུ་སྟེགས་དེད་དཔོན་གུ་ལང་ནག་པོ་དང་༔ ལྷ་ཡི་དེད་དཔོན་ལྷ་རབ་ཤམ་པོ་བ༔ སྨན་རྣམས་དེད་དཔོན་ཐོག་གི་བུ་ཡུག་མ༔ མ་སང་དེད་དཔོན་སྤྱི་རྒྱལ་དགུ་རིམ་རྩེ༔ བཙན་རྣམས་ཡོངས་ཀྱི་དེད་དཔོན་སྲོག་བདག་དམར༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴ཧཱུྃ་བྷྱོ༔ ཐེའུ་རང་དེད་དཔོན་སྐྱེས་བུ་གནམ་ཐིལ་དཀར༔ འགོང་པོའི་དེད་དཔོན་ཁུ་ལེ་ལག་དགུ་དང་༔ བགེགས་ཀྱི་དེད་དཔོན་བྱི་ན་ཡ་ག་དང་༔ མཁའ་འགྲོའི་དེད་དཔོན་ནག་མོ་མགྱོགས་བྱེད་མ༔ ཀླུ་ཡི་དེད་དཔོན་ནག་པོ་མགོ་དགུ་དང་༔ ཀླུ་མོ་ཡོངས་ཀྱི་དེད་དཔོན་ཡཀྴ་མོ༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴ཧཱུྃ་བྷྱོ༔ དྲེགས་པའི་འཁོར་ན་གནས་པའི་སྡེ་ཚོགས་རྣམས༔ རང་རང་ལས་བྱེད་ཕོ་ཉ་བསམ་ཡས་འགྱེད༔ དགྲ་བགེགས་གསོད་བྱེད་ཤ་ཁྲག་སྲོག་ལ་རྔམས༔ ཕུང་བྱེད་མཚོན་ཆས་འཁྲུལ་འཁོར་སྐར་ལྟར་འགྱེད༔ མ་ལུས་འདིར་གཤེགས་ཤ་ཁྲག་དམར་གཏོར་རོལ༔ གནོད་བྱེད་དགྲ་བགེགས་བཟློག༴དཀོན་མཆོག་རིན་ཆེན་སོགས༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ༔ དགྲ་གདོན་སོགས༔ ཧཱུྃ་བྷྱོ༔ གདུག་པ་མ་ལུས་འདུལ་བའི་དཀྱིལ་འཁོར་ནས༔ རིན་ཆེན་ཁྲི་རྐང་པད་ཟླ་ཉི་མའི་སྟེང་༔ སྡེ་བརྒྱད་ཕོ་མོ་བསྣོལ་བའི་གདན་སྟེང་ནས༔ བཅོམ་ལྡན་སྟོབས་ལྡན་ནག་པོ་ཆར་སྤྲིན་མདོག༔ གཡས་ལྗང་གཡོན་སེར་ཞལ་གསུམ་ཕྱག་དྲུག་པ༔ འབར་བའི་མཚོན་ཆ་སེར་རླུང་བཞིན་དུ་འཁྲིགས༔ འབྱུང་ལྔའི་བདག་མོ་མཐིང་ནག་གཡོན་ནས་འཁྱུད༔ དུར་ཁྲོད་འཇིགས་པའི་ཆས་རྫོགས་གདུག་པའི་སྐུ༔ ཞི་བ་ཆོས་ཀྱི་དབྱིངས་ལས་གཟུགས་སྐུར་བཞེངས༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴དཀོན་མཆོག་རིན་ཆེན་སོགས༔ ཧཱུྃ་བྷྱོ༔ སྔགས་བདག་གཤིན་རྗེ་ནག་པོ་སྲོག་བདག་མོ༔ ཀཱ་ལ་ཡཀྴ་ཀཱ་ལ་ནག་པོ་དང་༔ ཁ་རླངས་ནད་གཏིབ་ནག་མོ་ཁྲག་འཛག་མ༔ མ་ཧཱ་དཱེ་ཝ་སྲིན་པོ་ནག་པོ་དང་༔ སྲིན་མོ་ནག་མོ་ཁྱབ་འཇུག་རཱ་ཧུ་ལ༔ འཁོར་བཅས་དྲག་ཁྲོས་རྔམས་པའི་སྐུར་བཞེངས་ཤིག༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴དཀོན་མཆོག་རིན་ཆེན་སོགས༔ ཧཱུྃ་བྷྱོ༔ སྔགས་བདག་རཱུ་ཏྲ་ནག་མོ་གང་བ་བཟང་༔ ཤ་ཟ་རལ་གཅིག་ལི་བྱིན་ཧར་ལེགས་དང་༔ ཡམ་ཤུད་དམར་པོ་དམུ་རྗེ་སྲོག་བཙན་པོ༔ རྡོ་རྗེ་ལེགས་པ་ཁུ་ལེ་ལག་དགུ་དང་༔ ཀླུ་རྒྱལ་གཞོན་ནུ་གཏུམ་པོ་ལ་སོགས་པའི༔ དམོད་པ་དྲག་སྔགས་བཀའ་ཡི་སྲུང་མ་རྣམས༔ ཤ་ཁྲག་དམར༴གནོད་བྱེད་དགྲ་བགེགས་བཟློག༴དཀོན་མཆོག་རིན་ཆེན་སོགས་ཨོཾ་བཛྲ་སརྦ་དུཥྚན་ཧཱུྃ་ཕཊ༔ དགྲ་གདོན་སོགས་ཟློག༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་སྤྱི་ཡི་བར་ཁྱམས་འཁོར་ཡུག་ལ༔ གནས་པའི་བཀའ་སྲུང་ཆོས་སྐྱོང་དྲེགས་ཚོགས་སྤྱི༔ ཁྱད་པར་དབང་མོ་ཉི་ཤུ་རྩ་བརྒྱད་དང་༔ འབར་མ་བརྒྱད་དང་མ་བདུན་སྲིང་མོ་བཞི༔ རིགས་ལྔའི་རིགས་འཆང་ཕོ་ཉ་དྲུག་ཅུ་གཉིས༔ ས་བདག་སོ་གཉིས་མཁའ་འགྲོ་མ་ཡི་ཚོགས༔ འབུམ་ཕྲག་ཡངས་པ་གྲངས་མེད་བརྗོད་ལས་འདས༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀུན༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་ཟློག་པའི་ཕྲིན་ལས་མཛོད༔ དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་༔ རྩ་གསུམ་ཆོས་སྐྱོང་སྲུང་མའི་མཐུ་སྟོབས་དང་༔ ལྷ་སྔགས་ཏིང་ངེ་འཛིན་གྱི་ནུས་པའི་མཐུས༔ གཟུགས་ཅན་གཟུགས་མེད་དགྲ་གདོན་གནོད་བྱེད་ཟློག༔ བྱད་ཕུར་རྦོད་གཏོང་ཆག་ཆེ་ཉམ་ང་ཟློག༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཟློག༔ མི་ནད་ནོར་གྱི་གོང་ཁ་དགྲ་ལ་ཟློག༔ མཛེ་གྲུམ་ཀླུ་གཉན་ནད་རྣམས་དགྲ༴སྟེང་ནས་ཐོག་སེར་འབེབས་པ་དགྲ༴བར་ནས་སྡེ་བརྒྱད་གཡོས་པ་དགྲ༴འོག་ནས་ས་བདག་འཁྲུགས་པ་དགྲ༴ནད་རིགས་བཞི་བརྒྱ་རྩ་བཞི་དགྲ༴བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ༴ལྟས་ངན་བརྒྱད་ཅུ་རྩ་གཅིག་དགྲ༴ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དགྲ༴གློ་བུར་དགུ་བཅུ་རྩ་གཅིག་དགྲ༴དུས་མིན་འཆི་བ་བཅོ་བརྒྱད་དགྲ༴ལྷ་འདྲེ་མི་གསུམ་བྱད་ཁ་དགྲ༴དུས་འཁྲུགས་མཚོན་གྱི་ཡོ་ལང་དགྲ༴སྔོན་ལས་འཕྲལ་རྐྱེན་ངན་པ་དགྲ༴བཀྲ་མི་ཤིས་པ་ཐམས་ཅད་དགྲ༴མཐའ་ཁོབ་ཀླ་ཀློས་མཐུ་སྦྱོར་དགྲ༴རྗེས་ཤུལ་མིང་ཙམ་མེད་པར་རྡུལ་དུ་རློག༔ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་ཟློག༔ གནོད་པར་བྱེད་པའི་བགེགས་ཀྱི་སྟེང༴ཟ་བར་བྱེད་པའི་འདྲེ་ཡི་སྟེང༴ཕུང་བར་བྱེད་པའི་སྲི་ཡི་སྟེང༴བསླབ་པའི་སློབ་བུ་དམ་ལོག་སྟེང༴བྲན་གཡོག་ངོ་ལོག་རྒྱབ་བརྟེན་སྟེང༴བསམ་ངན་སྦྱོར་རྩུབ་བྱེད་པའི་སྟེང༴དྲག་པོ་དམར་གྱི་གཏོར་མ་འདི་ཡིས་ཟློག༔ སྒྲུབ་པ་བཀའ་བརྒྱད་ལྷ་ཡི་བདེན་པས་ཟློག༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་མཐུ་ཡིས་ཟློག༔ ཟ་བྱེད་རྩང་གི་འཁྲུལ་འཁོར་འདི་ཡིས་ཟློག༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ དགྲ་གདོན་བགེགས་ཚོགས་བྱད་ཕུར་རྦོད་གཏོང་ཆག་ཆེ་ཉམ་ང་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ དེ་ལྟར་དམིགས་གནད་ལྡན་པ་ཡིས༔ བཟློག་ལམ་ཟབ་མོ་འདིར་བརྩོན་ན༔ ཕྱི་ནང་བར་ཆད་རྐྱེན་ངན་བྱང་༔ དགྲ་བགེགས་གདུག་པའི་མཐུ་དཔུང་འཇོམས༔ བདེ་གཤེགས་རྒྱལ་བའི་མཐུ་ནུས་འབར༔ བཟློག་པ་ཀུན་གྱི་ཡང་ཟབ་མཆོག༔ རྗེས་འཇུག་རྣམས་ཀྱི་མཚོན་ཆ་ཡིན༔ ཀལ་ཚིགས་མ་བྱེད་སྙིང་ལ་འཆོང་༔ རང་མཚོན་གཞན་ལ་མ་འཆོར་ཅིག༔ སྙིང་དང་འདྲ་བའི་མན་ངག་འདི༔ གཅིག་རྒྱུད་བྱས་ན་ཤིན་ཏུ་མྱུར༔ འཆལ་ན་མཁའ་འགྲོའི་བཀའ་ཆད་འོང་༔ རྒྱལ་དབང་པདྨ་ཐོད་ཕྲེང་ངས༔ བཀའ་བརྒྱད་སྒྲུབ་ཐབས་བརྒྱ་རྩ་བརྒྱད༔ མ་འོངས་རྗེས་འཇུག་དོན་དུ་སྦས༔ བཀའ་སྲུང་གནོད་སྦྱིན་ཆེན་པོ་དང་༔ གཟའ་དང་སྔགས་སྲུང་རྡོར་ལེགས་སོགས༔ བདེ་གཤེགས་སྤྱི་ཡི་སྲུང་མར་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་ས་མོ་ལུག་གི་ལོར་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུའི་ཉིན་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་སྤྱན་དྲངས་ཏེ་མཐར་རང་སློབ་དམ་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་རྣམས་ཀྱིས་ནན་དུ་བསྐུལ་ངོར་གར་དབང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཤོག་གསེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 15:54, 8 August 2024
| Wylie title | zab gsang mkha' 'gro'i snying thig las: bka' brgyad gsang ba 'dus pa'i bzlog pa rdo rje pha lam byad ma'i snying 'dren: | |
|---|---|---|
| Location | bdud 'joms gling pa zab gter Volume 6, Text 30, Pages 507-540 (Folios 1a1 to 17b5) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bka' brgyad gsang ba 'dus pa'i bzlog pa rdo rje pha lam byad ma'i snying 'dren. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 6: 507-540. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: zlog pa Verso: bdud 'joms bka' brgyad gsang 'dus | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Averting or Dispelling Rites- zlog pa | |
| Cycle | བདེ་གཤེགས་བཀའ་བརྒྱད་གསང་བ་འདུས་པ་ (bde gshegs bka' brgyad gsang ba 'dus pa) | |
| Parent Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Deity | bka' brgyad | |
| Colophon |
ཞེས་པ་འདི་ཉིད་ས་མོ་ལུག་གི་ལོར་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུའི་ཉིན་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་སྤྱན་དྲངས་ཏེ་མཐར་རང་སློབ་དམ་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་རྣམས་ཀྱིས་ནན་དུ་བསྐུལ་ངོར་གར་དབང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཤོག་གསེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ།། | |
|
zhes pa 'di nyid sa mo lug gi lor hor zla bcu gcig pa'i tshes bcu'i nyin gser smad rnga rol stag rtse'i g.yas logs shwa brag rdo rje can nas spyan drangs te mthar rang slob dam sprul sku sna tshogs rang grol dang mkhyen rab rgya mtsho klong chen rdo rje rnams kyis nan du bskul ngor gar dbang khrag 'thung bdud 'joms rdo rjes shog gser las zhal bshus te dag par phab pa'o/_/dge'o/_/dge'o/_/dge'o/_/legs so// | ||