TTDL-ZABTER-09-TA-040: Difference between revisions

From Dudjom Wiki
TTDL-ZABTER-09-TA-040
No edit summary
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=zab gsang mkha' 'gro'i snying thig
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|versonotes=bdud 'joms bka' srung btsan rgod skya bdun
|volnumtib=
|volyigtib=
|volumenumber=09
|volumenumber=09
|volumeLetter=TA
|volumeLetter=TA

Revision as of 14:37, 15 August 2024

Wylie title TTDL-ZABTER-09-TA-040.pdf
Location bdud 'joms gling pa zab gter
Volume 9, Text 40, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms bka' srung btsan rgod skya bdun
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠བརྡ་ཡིག༢༧༨ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཙན་རྒོད་ཆེན་པོའི་བསྐང་བ་ཡིད་བཞིན་ཆར་འབེབས་བཞུགས༔ ༠༠༠༠༠བརྡ་ཡིག༢༨༠ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༢༨༠གཏོར་མ་བ་ལིང་ཟན་དུམ་དང་༔ ཤ་ཁྲག་བསང་གསུར་སྐྱེམས་ཚོགས་དང་༔ ཚོགས་མཆོད་དང་ནི་འབྱོར་བའི་ཚོགས༔ བཤམ་སྟེ་ནམ་མཁའ་མཛོད་ཀྱིས་སྤེལ༔ ཨ་ཀཱ་རོ་ཡིས་བྱིན་བརླབས་ཏེ༔ ཨ་མྲྀ་ཏ་ཡིས་བདུད་རྩིར་བསྒྱུར༔ དེ་ནས་ཐུགས་དམ་བསྐང་བ་ནི༔ ཀྱཻ༔ དད་པ་དང་ནི་དམ་ཙིག་གིས༔ ཚུར་གཤེགས་ཚུར་གཤེགས་བཙན་གྱི་ཚོགས༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བཅོམ་ལྡན་ཤཱཀྱ་ཐུབ་པ་ཡི༔ སྤྱན་སྔར་ཁས་བླངས་སྲོག་སྙིང་ཕུལ༔ དམ་ཚིག་གཉན་པོ་དེ་ཡིས་འབོད༔ བར་དུ་ཕྱག་ན་རྡོ་རྗེ་ཡིས༔ དམ་བཏགས་དབང་བསྐུར་བཀའ་བསྒོ་མཛོད༔ དམ་ཚིག་གཉན་པོ་དེ་ཡིས་འབོད༔ ཐ་མ་ཨོ་རྒྱན་ཆེན་པོ་ཡིས༔ དམ་བཏགས་བཀའ་བསྒོས་དབང་ཡང་བསྐུར༔ དམ་ཚིག་གཉན་པོ་དེ་ཡིས་འབོད༔ དེ་འོག་རིག་འཛིན་བླ་མ་ཡི༔ བཀའ་བསྒོས་དམ་བཞག་གཉེར་གཏད་མཛད༔ དམ་ཚིག་གཉན་པོ་དེ་ཡིས་འབོད༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ སྒྲུབ་བསྟེན་བསྐང་གསོལ་གནས་འདིར་བཞུགས༔ ཀྱཻ༔ བཙན་རྒོད་འབར་བ་ཆེན་པོ་ཁྱོད༔ གྲོགས་པོར་བསྟེན་ནོ་གཞུང་མ་ངན༔ མཛའ་བོར་བྱས་སོ་ཁྲེལ་མ་ཤོར༔ བྲན་ལྟར་བསྟེན་ནོ་ཕྲག་མ་དོག༔ འབངས་ལྟར་བསྟེན་ནོ་ལས་མ་འགྱངས༔ མནའ་ཐོ་བྱས་སོ་མནའ་མ་ཟ༔ དམ་བཅའ་བྱའོ་དམ་མ་ཉམས༔ བདག་དང་ཁྱོད་ཀྱི་དམ་བཅའ་འདི༔ སྲོག་ལ་བབ་ཀྱང་མི་འདའ་འོ༔ དེང་ནས་ཇི་སྲིད་འཚོ་ཡི་བར༔ བཙན་རྒོད་ཁྱོད་དང་རྣལ་འབྱོར་བདག༔ སྐད་ཅིག་ཙམ་ཡང་འབྲལ་མི་བྱ༔ ང་ཡི་མཆོད་གསོལ་བསྙེན་བསྒྲུབ་བྱ༔ ཁྱོད་ཀྱང་སྐུ་གསུང་ཐུགས་མ་གཡེལ༔ སྒྲུབ་པའི་དུས་སུ་འགྲུབ་མ་ཕྱི༔ བསྟེན་པའི་དུས་སུ་རྒྱང་མ་རིང་༔ མཆོད་གསོལ་དུས་སུ་གཡེལ་མ་བྱེད༔ འབོད་པའི་དུས་སུ་སྙན་མ་སྲ༔ རྦད་པའི་དུས་སུ་བང་མ་བུལ༔ བསད་པའི་ལས་ལ་རྩལ་མ་ཞན༔ མངགས་པའི་དུས་སུ་ལས་མ་འགྱངས༔ དམོད་བཅོས་ལས་ཀྱི་དུས་མ་འགྱངས༔ བདག་གི་ལས་གང་བཅོལ་བའི་ཚེ༔ མ་བུལ་མ་འགྱངས་མྱུར་དུ་སྒྲུབས༔ ཀྱཻ༔ དོ་ནུབ་སྔ་མའི་གཏང་རག་གཏོང་༔ དོ་ནུབ་ཕྱི་མའི་ཞུ་དོན་འབུལ༔ དོ་ནུབ་དམ་ཚིག་གཉན་པོ་བསྲེ༔ དོ་ནུབ་ལས་ཀྱི་གཉེར་གཞི་གཏད༔ དོ་ནུབ་ཐུགས་དམ་གཉན་པོ་བསྐང་༔ འབོད་པའི་དམ་རྫས་ཡིན་པའི་ཕྱིར༔ དར་དམར་གཡབ་དར་ཐུགས་དམ་བསྐང་༔ མཐུན་པའི་དམ་རྫས༴མདའ་མདུང་དར་གྱིས༴བསྟེན་པའི་དམ་རྫས༴བླ་རྡོ་རྟེན་གཏོར༴བསྒྲུབ་པའི་དམ་རྫས༴འབྲལ་མེད་རྟེན་གྱིས༴དགྱེས་པའི་དམ་རྫས༴མཆོད་རྫས་དུ་མས༴བཟའ་བའི་དམ་རྫས༴ཤ་སྣ་སྙིང་སྣས༴བཏུང་བའི་དམ་རྫས༴རཀྟ་ཁྲག་སྣས༴དགྱེས་སྐོང་དམ་རྫས༴ཞལ་ཟས་ཚོགས་ཀྱིས༴བགོ་བའི་དམ་རྫས་ཡིན་པའི་ཕྱིར༔ གོ་ཁྲབ་ཚོགས་ཀྱིས་ཐུགས་དམ་བསྐང་༔ གཞན་ཡང་དངོས་འབྱོར་ཡིད་སྤྲུལ་གྱི༔ མཆོད་པ་རྣམ་པ་སྣ་ཚོགས་ཀྱིས༔ བཙན་རྒོད་འཁོར་བཅས་ཐུགས་དམ་བསྐང་༔ བདག་ནི་མ་རིག་རྨོངས་པ་ཡི༔ ལུས་ངག་ཡིད་ཀྱི་བསམ་སྦྱོར་གྱིས༔ ལྷ་ཁྱོད་ཐུགས་དང་འགལ་གྱུར་རྣམས༔ མཐོལ་ལོ་བཤགས་སོ་བསྐང་ལགས་སོ༔ མི་འཆབ་མི་སྦེད་གནོང་ཞིང་འགྱོད༔ སྔོན་ཆད་ཉེས་གྱུར་མཐོལ་བཤགས་བསྐང་༔ ཕྱིན་ཆད་ཉམས་པར་མི་བགྱིད་དོ༔ ཁྱོད་ཀྱང་བདག་ལ་བརྩེར་དགོངས་འཚལ༔ ཕ་མ་བུ་ཚ་ཇི་བཞིན་སྐྱོངས༔ ཀྱཻ༔ བདག་དང་མི་འབྲལ་འགྲོགས་ནས་སུ༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་ཕྱིར༔ བཙན་རྒོད་ཆེན་པོའི་ཐུགས་དམ་བསྐང་༔ ཤན་པ་ཆེན་པོའི་ཐུགས་དམ་བསྐང་༔ ཀུས་འདེབས་ཆེན་པོའི༴ཆུ་བཙན་དཀར་པོའི༴ས་བཙན་སེར་པོའི༴མེ་བཙན་དམར་པོའི༴རླུང་བཙན་ལྗང་གུའི༴ཤིང་བཙན་ཆེན་པོའི༴བྲག་བཙན་ཆེན་པོའི༴མཆིམས་ཕུའི་བྲག་བཙན༴ཟངས་རི་མཁར་བཙུན་ཐུགས་དམ་བསྐང་༔ གཞན་ཡང་འཛམ་གླིང་འདིར་གནས་པའི༔ བཙན་རྒོད་འཁོར་བཅས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ སྐུ་དང་འགལ་བ་གང་མཆིས་བཤགས༔ སྐུ་ཡི་དབྱིངས་སུ་ཉམས༴གསུང་དང་འགལ་བ་གང་མཆིས༴གསུང་གི་དབྱིངས་སུ་ཉམས༴ཐུགས་དང་འགལ་བ་གང་མཆིས༴ཐུགས་ཀྱི་དབྱིངས་སུ་ཉམས༴ཡོན་ཏན་དང་འགལ་གང་མཆིས༴ཡོན་ཏན་དབྱིངས་སུ་ཉམས༴ཕྲིན་ལས་དང་འགལ་གང་མཆིས་བཤགས༔ ཕྲིན་ལས་དབྱིངས་སུ་ཉམས་ཆག་བཤགས༔ ཀྱཻ༔ འབྱུང་བ་ལྔ་དང་གནས་བཅུའི་བཙན༔ ཐམས་ཅད་ཤན་པ་སྐྱ་གཅིག་གི༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་ལགས༔ ཐམས་ཅད་འདུ་ཡང་ཁྱོད་ལ་འདུ༔ ཐམས་ཅད་བྱུང་ཡང་ཁྱོད་ལས་བྱུང་༔ དེ་ཕྱིར་སྣང་སྲིད་ཁམས་འདི་ལ༔ དབང་མཛད་བཙན་རྣམས་གསོལ་མཆོད་ཕྱིར༔ ཁྱོད་ལ་མཆོད་གསོལ་བསྟོད་ཅིང་བསྔགས༔ སྣང་སྲིད་བཙན་རྣམས་ཐམས་ཅད་ཀྱི༔ ཐུགས་དམ་བསྐང་ཞིང་ཉེས་བཤགས་ཕྱིར༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་བསྐང་༔ ཁྱོད་ཀྱི་ཐུགས་དམ་འགལ་བ་བཤགས༔ ཁྱོད་ལ་ཕོག་ཐུག་ཅི་མཆིས་བཤགས༔ བཤགས་པས་མི་འདག་གང་ཡང་མེད༔ བསྐང་བས་མི་བསྐང་གང་ཡང་མེད༔ འདུམ་པས་མི་འདུམ་གང་ཡང་མེད༔ དེ་ཕྱིར་ཉེས་པ་ཅི་མཆིས་བཤགས༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ འགལ་བ་མཆིས་ན་འདུམ་བགྱིད་དོ༔ བཙན་རྒོད་ཁྱོད་དང་རྣལ་འབྱོར་བདག༔ སྲིད་འཚོའི་བར་དུ་འབྲལ་མི་བྱ༔ ལུས་དང་གྲིབ་མ་ཇི་བཞིན་དུ༔ འབྲལ་བ་མེད་པའི་གྲོགས་མཛོད་ཅིག༔ བདག་གི་སྒོ་གསུམ་དུས་ཀུན་ཏུ༔ ལས་རྐྱེན་ངན་པའི་དབང་མ་བཏང་༔ ངེས་མེད་རི་ཁྲོད་ཟིན་པ་དང་༔ བར་མེད་ཆོས་ཚུགས་ཐུབ་པ་དང་༔ གེགས་མེད་དོན་ཆེན་འགྲུབ་པར་མཛོད༔ དད་དམ་ལྡན་པའི་བུ་སློབ་བསྡུས༔ འཚོ་བ་སྦྱོར་བའི་ཡོན་བདག་ཁུག༔ བདག་གི་དབང་དུ་གྱུར་ནས་སུ༔ ཡང་དག་ལམ་ལ་སྦྱོར་བར་མཛོད༔ ཕྱི་ནང་གསང་བའི་བར་ཆད་རྐྱེན༔ གཟུགས་དང་དགྲ་དང་གཟུགས་མེད་བགེགས༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཉེའམ་རིང་བ་གར་གནས་ཀྱང་༔ རྗེས་ཤུལ་མེད་པར་བརླག་མཛོད་ཅིག༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ དུས་ཀུན་ཉིན་གྱི་བྱ་ར་དང་༔ མཚན་གྱི་མེལ་རྩེ་ཁྱོད་ཀྱིས་མཛོད༔ བཀའ་དམ་དཔང་དུ་བཙུགས་ནས་སུ༔ བསྐང་བཤགས་གཉེར་གཏད་བཅོལ་ལས་དེ༔ བཀའ་སྲུང་ཁྱོད་ཀྱིས་གྲུབ་པར་མཛོད༔ བཛྲ་ས་མ་ཡ༔ དེ་བཞིན་ཚིག་དོན་དྲན་པའི་ངང་༔ བསྐང་གསོལ་ལས་ལ་བརྩོན་བྱས་ན༔ ཕྲིན་ལས་བསྒྲུབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་བཞི་འདས་པའི་མཐར་སྨོན་ལམ་ལས་ཀྱིས་འབྲེལ་བའི་སློབ་བུ་ཆོས་འབྱོར་དང་རྡོ་རྗེ་རྣམ་རྒྱལ་གཉིས་ཀྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་ཆོས་འབྱོར་རོ།།དགེའོ།ལེགས་སོ།།སརྦ་མངྒ་ལཾ།།