TTDL-ZABTER-12-NA-001: Difference between revisions

From Dudjom Wiki
TTDL-ZABTER-12-NA-001
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
No edit summary
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|sourcerevealer=bdud 'joms gling pa
|pagestatus=Temporary stub only
|sourcerevealertib=བདུད་འཇོམས་གླིང་པ་
|terma=Yes
|deity=
|cycle=ma hA a ti yo ga'i zab chos dgongs pa klong rdol
|cycletib=མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་
|versonotes=bdud 'joms
|volnumtib=༡༢
|volyigtib=
|volumenumber=12
|volumenumber=12
|volumeLetter=NA
|volumeLetter=NA

Revision as of 07:50, 19 August 2024

Wylie title TTDL-ZABTER-12-NA-001.pdf
Location bdud 'joms gling pa zab gter
Volume 12, Text 1, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ (ma ha a ti yo ga'i zab chos dgongs pa klong rdol)
[edit]
༠༠༠༠༠༠བརྡ་ཡིག༡མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ རྩ་བ་གསུམ་གྱི་གསོལ་འདེབས་བྱིན་རླབས་ཡེ་ཤེས་ཀྱི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ༔ ཨེ་མ་ཧོ༔ རང་སྣང་དག་པ་རབ་འབྱམས་རྒྱལ་བའི་ཞིང་༔ མི་འགྱུར་གསང་བ་མཆོག་གི་དཀྱིལ་འཁོར་ན༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས༔ སྤྲུལ་སྐུ་ཕྱག་རྡོར་ཡང་སྤྲུལ་རིག་འཛིན་ཚོགས༔ པད་འབྱུང་སྐུ་ལྔ་མཚན་བརྒྱད་རྗེ་འབངས་སོགས༔ བརྒྱུད་པ་དགུ་ལྡན་བླ་མར་གསོལ་བ་འདེབས༔ བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ བཀའ་དགོངས་ཕུར་གསུམ་གུ་རུ་དྲག་པོ་སོགས༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ༔ སྙིང་ནས་གུས་པ་ཆེན་པོས་གསོལ་བ་འདེབས༔ བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ ཕག་ཁྲོས་སེང་གསུམ་ཡེ་ཤེས་མཚོ་རྒྱལ་སོགས༔ མ་ཚོགས་ཡེ་ཤེས་མཁའ་འགྲོ་རྒྱ་མཚོ་ལ༔ སྙིང་ནས་གུས་པ་ཆེན་པོས་གསོལ་བ་འདེབས༔ བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ ཚེ་རབས་བསགས་པའི་ལས་ཉོན་སྡིག་སྒྲིབ་ཀུན༔ སྐད་ཅིག་ཉིད་ལ་བྱང་ཞིང་དག་གྱུར་ཅིག༔ ནམ་ཞིག་མི་གཙང་ལུས་འདི་བོར་མ་ཐག༔ དག་པ་བདེ་བ་ཅན་གྱི་ཞིང་ཁམས་སུ༔ མ་ཆགས་པདྨ་གེ་སར་བཞད་པའི་མཁར༔ བརྫུས་སྐྱེས་མཆོག་གི་སྤྲུལ་སྐུ་འཐོབ་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༠༠༠༠༠བརྡ་ཡིག༢ཞེས་པ་འདི་ཡང་སྔགས་པའི་ཚུལ་འཆང་རྒད་པོ་བདུད་འཇོམས་རྡོ་རྗེ་ལ་ཡང་གསང་སྒྱུ་མའི་བརྡ་རིས་ཤར་བའོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་ཀྱིས་བྲིས་སོ།།དགེའོ།།སརྦ་མངྒ་ལཾ།།