TTDL-ZABTER-05-CA-046: Difference between revisions

From Dudjom Wiki
TTDL-ZABTER-05-CA-046
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:37, 4 June 2024

Wylie title TTDL-ZABTER-05-CA-045.pdf
Location bdud 'joms gling pa zab gter
Volume 5, Text 45, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠བརྡ་ཡིག༤༣༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་སྐོར༔ སྲོག་བདག་འཇིགས་བྱེད་སྡེ་ལྔའི་སྒྲུབ་པ༔ དྲག་པོའི་ཕྲིན་ལས་མྱུར་འགྲུབ་བཞུགས་སོ༔ ༠༠༠༠བརྡ་ཡིག༤༣༨ན་མོ་གུ་རུ་ཝེ༔ ༠༠༠༠བརྡ་ཡིག༤༣༨བདག་འདྲ་རིག་འཛིན་རྡོ་རྗེ་གྲོ་ལོད་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ བསྟན་སྲུང་འཇིགས་བྱེད་སྡེ་ལྔའི་སྒྲུབ་པ་བསྟན༔ ཉམས་སུ་ལོངས་ཤིག་སྐལ་ལྡན་ལས་འཕྲོ་ཅན༔ དབེན་ཞིང་ཉམས་དགའི་སྐྱེད་ཚལ་ཆེན་པོ་རུ༔ དཀྱིལ་འཁོར་མཛེས་ཤིང་ཡིད་དུ་འོང་བའི་དབུས༔ ཆོས་འབྱུང་ཟུར་བཞིའི་ལྟེ་བ་གྲུ་གསུམ་དུ༔ དམར་གཏོར་ཆེ་བརྗིད་རལ་གྲིས་མཚན་པ་ཅན༔ མདུན་དུ་དམར་གཏོར་གཡས་སུ་དཀྱུས་པ་དང་༔ གཡས་སུ་དཔལ་གཏོར་ནོར་བུས་མཚན་པ་ཅན༔ གཡོན་དུ་དམར་གཏོར་སྙིང་གིས་བརྒྱན་པ་བཞག༔ དེ་མཐར་དམར་གཏོར་ཆུང་བ་བརྒྱད་ཀྱིས་བསྐོར༔ ཤར་དུ་དམར་གཏོར་གཉིས་ལ་བརྒྱད་ཀྱིས་བསྐོར༔ ལྷོ་རུ་དམར་གཏོར་གཡོན་དུ་དཀྱུས་པ་ལ༔ འཁོར་དུ་གཏོར་ཕྲན་བརྒྱད་ཀྱིས་བསྐོར་བར་བྱ༔ ནུབ་ཏུ་དམར་གཏོར་རྭ་མགོས་མཚན་ཅན་ལ༔ རང་འཁོར་དམར་གཏོར་བརྒྱད་ཀྱིས་བསྐོར་བར་བྱ༔ བྱང་དུ་དམར་གཏོར་གཡས་སུ་དཀྱུས་པ་ལ༔ དམར་གཏོར་བརྒྱད་བསྐོར་ཁྲག་ཆེན་བྲན་ལ་བཞག༔ མདུན་དུ་མེ་ཏོག་སྨན་སྣ་ཁྲག་སྣ་ཤ་སྣ་དང་༔ གཏོར་མ་སྐྱེམས་ཚོགས་ཅི་འབྱོར་བཤམས་ནས་སུ༔ ཨོཾསྭ་བྷ་ཝས་སྦྱངས༔ བྷྱོ་བི་ཤྭས་ནམ་མཁའི་མཛོད་དུ་སྤྲུལ༔ རང་ཉིད་ཡི་དམ་ལྷར་གསལ་བའི་ང་རྒྱལ་དང་མ་བྲལ་བའི་ངང་ནས༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་བྷྲུྃ་གཅིག་སྤྲོས་པ་ལས་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ་བྷྲུྃ་ལས་དྲག་པོའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ་ཕྱི་གྲུ་གསུམ་དམར་ནག་ཏུ་འབར་བའི་ཕྱི་ནང་མེད་པར་མེ་དཔུང་དང་རླུང་ནག་མཚོན་ཆ་སྣ་ཚོགས་ཀྱི་ཚྭ་ཚྭ་སྐར་ལྟར་འཁྲིགས་ཤིང་འཚུབས་པའི་ཀློང་དུ༔ ཡི་གེ་ཁྲོཾ་དམར་ནག་ཡོངས་སུ་གྱུར་པ་ལས༔ ཡེ་ཤེས་ཀྱི་བྱ་ཁྱུང་དམར་པོ་མེ་ཡི་གཤོག་པ་ཅན༔ རྭ་གཉིས་སྲིད་པའི་རྩེ་མོར་སླེབ་པ༔ གནམ་ལྕགས་རྡོ་རྗེའི་མཆུ་དང་སྡེར་མོས་ཀླུ་རིགས་ལྔའི་མགོ་ཁར་བཅུག་སྟེ་ཟ་བ་མེ་གཤོག་དང་སྦུ་རྣམས་སྤྲུགས་པའི་གསེབ་ནས་རྡོ་རྗེའི་སེར་བ་འབེབ་པས་དགྲ་བགེགས་ཀྱི་ལུས་ཚལ་པར་གཏུབ་པ་སྤྱན་གསུམ་ཉི་མའི་འོད་ལྟུར་འབར་བས་ཀླུ་གཉན་ས་བདག་རྣམས་ཀྱི་དོན་སྙིང་བསྲེགས་པར་བྱེད་པ་རྭ་བར་ན་ཡིད་བཞིན་གྱི་ནོར་བུ་འོད་འབར་བ་ལས་དགོས་འདོད་ཀྱི་ཆར་འབེབས་པ༔ ཀྲིང་ཀྲིང་གི་སྒྲ་སྒྲོགས་པས་ཀླུ་གཉན་ས་བདག་ཐམས་ཅད་བརྒྱལ་ཞིང་བསྔངས་པར་བྱེད་པ་ཞིག་ཏུ་བསྐྱེད་དོ༔ དེ་ཡི་སྟེང་དུ་བདག་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཧཱུྃ་་ཡིག་དམར་ནག་སྐར་མདའ་ཆད་པ་བཞིན་དུ་འཕྲོས༔ དེ་ལས་འོད་འཕྲོས༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་གྱི་དོན་བྱས༔ དགྲ་བགེགས་ཐམས་ཅད་ཚར་བཅད༔ དེ་དག་གི་ནུས་སྟོབས་དང་ཡེ་ཤེས་འཇིག་རྟེན་གྱི་བསྟན་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་བསྡུས་ཏེ་ཧཱུྃ་་ལ་ཐིམ༔ ཧཱུྃ་་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་ཁྲོ་གཏུམ་རྔམས་བརྗིད་ཀྱི་ཉམས་དང་ལྡན་པ༔ ཞལ་གཅིག་ཕྱག་བཞི་པ༔ ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་བསྣམས་པས་སྣང་སྲིད་དབང་དུ་བསྡུ་བ༔ འོག་མ་གཉིས་ཀྱིས་རལ་གྲི་དང་ཙིཏྟ་བསྣམས་ནས་དགྲ་བགེགས་ཐམས་ཅད་ཚར་གཅོད་པ་སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན་དང་ཞིང་ཆེན་གྱི་གཡང་གཞི་གསོལ་བ༔ སྐུ་སྨད་ལ་སྟག་ཤམ་མནབ་པ༔ ཐོད་པ་ར་རི་གསུམ་གྱི་ཕྲེང་བ་སེ་རལ་ཁར་ཐོགས་པ་སྦྲུལ་རིགས་ལྔའི་དོ་ཞལ་དང་གདུ་བུ་བྱས་པ༔ སྤྱི་བོར་ཐལ་ཚོམ་དང་མཁུར་ཚོས་ལ་ཁྲག་ཐིག་དང་ཞལ་ལ་ཞག་གི་ཟོ་རིས་བཀྲ་བ༔ དབུ་སྐྲ་ཁམས་ནག་གྱེན་དུ་བརྫེས་ཤིང་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ༔ རིན་པོ་ཆེ་འབར་བ་ཡིད་བཞིན་གྱི་ནོར་བུ་ལས་གྲུབ་པའི་སྙན་རྒྱན་གསེར་གྱི་མེ་ཏོག་བཀྲ་བ༔ སྨྲ་ར་དང་སྨིན་མ་དམར་སེར་དུ་འབར་བ༔ ཞབས་གཉིས་ཉི་མའི་གདན་ལ་ཕྱེད་སྐྱིལ་གྱིས་འགྱིང་བ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བསྐྱེད་དོ༔ དེ་ཡི་གཡོན་དུ་ཡུམ་མཆོག་གསོད་བྱེད་མ་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ་པ་སྐུ་མདོག་དམར་གསལ་ཉི་ལྟར་འོད་འབར་བ་ཕྱག་གཡས་སྤུ་གྲི་མེ་འབར་བ་ཕྱར་ཞིང་གཡོན་པས་དགྲ་སྙིང་དམར་རློན་ཟ་བ་ཞིང་གླང་གི་སྟོད་གཡོགས་དང་གཟིག་ཤམ་གསོལ་བ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་བརྫེས་ཤིང་སྨྲ་ར་དང་སྨིན་མ་མེ་ལྟར་འབར་བ༔ སྤྱན་གསུམ་མཁའ་ལ་གཟིགས་ཤིང་ཞལ་གདངས་ལྗགས་འདྲིལ་རྣོ་དབལ་གྱི་མཆེ་བ་གཙིགས་པ༔ མེ་རྟ་རླུང་གཤོག་ལ་ཆིབས་ཤིང་རབ་འཇིགས་ཁྲོ་མོའི་ཆ་ལུགས་ཡོངས་སུ་རྫོགས་པར་བསྐྱེད་དོ༔ དེ་མཐར་སྤྲུལ་འཁོར་བྱེ་བ་འབུམ་སྡེས་བསྐོར་པར་བསྒོམ༔ ཤར་དུ་ཧཱུྃ་ལས་བདུད་མགོན་སེང་གེའི་གདོང་པ་ཅན་མཐིང་ནག་གཡས་རུ་མཚོན་དང་གཡོན་པས་དམར་གཏོར་ཐོགས་པ་བེར་ནག་གསོལ་ཞིང་རྟ་ནག་ལ་ཆིབས་པ༔ ཡུམ་སི་ན་ར་མ་གཡས་རུ་མཚོན་དང་གཡོན་པས་དགྲ་སྙིང་ཟ་བ་དམར་མོ་བེར་དམར་གསོལ་ཞིང་རྟ་དམར་ལ་ཆིབས་པ་སྤྲུལ་འཁོར་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བར་བསྒོམ༔ ལྷོ་རུ་ཙ་ལས་བཙན་དམར་ཤན་པ་ཀུས་འདེབས་མི་དམར་རྟ་དམར་ལ་ཆིབས་པ་ཕྱག་གཉིས་མདུང་ཞགས་བསྣམས་པ་བསྭེ་ཁྲབ་དང་ཟངས་རྨོག་གསོལ་བ་འཁོར་རང་འདྲ་ཁྲི་ཡིས་བསྐོར་བར་བསྒོམ༔ ནུབ་ཏུ་ཏྲི་ལས་དམ་ཅན་སྐྱེས་བུ་ཆེན་པོ་ཕྱག་གཉིས་རྡོ་རྗེ་དང་དགྲ་སྙིང་བསྣམས་པ༔ སེང་གེ་དཀར་མོ་ལ་ཆིབས་པ་དབུ་ལ་སག་ཞུ་དང་སྐུ་ལ་བེར་ནག་གསོལ་བ་སུམ་བརྒྱ་དྲུག་ཅུའི་འཁོར་དང་བཅས་པས་བསྐོར་བར་བསྒོམ༔ བྱང་དུ་ར་ལས་དྲང་སྲོང་གཟའ་མཆོག་ཆེན་པོ་དབུ་དགུ་བྱ་རོག་གི་གདོང་དང་བཅུ་ཡོད་པ་ཕྱག་བཞིས་རལ་གྲི་དང་མདའ་གཞུ་ཆུ་སྲིན་གྱི་རྒྱལ་མཚན་དང་སྦྲུལ་ཞགས་ཐོགས་པ་མགོ་ལུས་མེད་པར་མིག་གིས་གང་བ་སྐུ་སྨད་སྦྲུལ་དུ་འཁྱིལ་ཞིང་རྟ་མོག་པ་ལ་ཆིབས་པ་སྤྲུལ་པ་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བར་བསྒོམ༔ དེ་མཐར་ཡེ་ཤེས་དང་འཇིག་རྟེན་གྱི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་པར་བསྐོར་བར་བསམ༔ བརྒྱུད་གསུམ་བླ་མ་རྣམས་ཀྱི་གསང་གསུམ་རྡོ་རྗེའི་ངོ་བོ་དབྱིངས་ནས་ཨོཾ་དཀར་པོ་ཨཱཿདམར་པོ་ཧཱུྃ་མཐིང་ནག་གི་རྣམ་པར་བསྐྱེད་པའི་ལྷ་རྣམས་ཀྱི་གནས་གསུམ་དུ་བབས་པས་རྡོ་རྗེ་གསུམ་གྱི་ངོ་བོར་གནས་པར་བསམ༔ དེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་འཁོར་འདས་དབང་བསྒྱུར་བསྟན་སྲུང་གི་ཚོགས་ཐམས་ཅད་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་རང་དབང་མེད་པར་དམ་ཚིག་གི་དབང་གིས་སྤྱན་དྲངས་ཏེ་དམ་ཚིག་པ་ལ་གཉིས་མེད་དུ་བསྟིམ་མོ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཛཿཧེ་ཆེན་བརྡལ་བའི་དུར་ཁྲོད་ཆེན་པོ་ནས༔ གནོད་སྦྱིན་ཆེན་པོ་འཁོར་དང་བཅས་པ་རྣམས༔ དད་པ་དང་ནི་དམ་ཚིག་དབང་གིས་འབོད༔ མ་ཐོགས་བུ་ཡི་གནས་འདིར་གཤེགས་སུ་གསོལ༔ ཕོ་བྲང་མཁའ་སྤྱོད་ཙ་རིའི་གཞལ་ཡས་ནས༔ བདུད་མགོན་སེང་གདོང་ཡབ་ཡུམ་བཀའ་འཁོར་བཅས༔ དད་དང་དམ་ཚིག་དབང་གིས་སྤྱན་འདྲེན་ན༔ མ་ཐོགས་སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ ལྗོན་ཤིང་བྲག་རིས་གཏམས་པའི་ཕོ་བྲང་ནས༔ འཇིགས་བྱེད་བཙན་རྒོད་འབར་བ་འཁོར་དང་བཅས༔ དམ་ཚིག་གིས་བསྐུལ་ཐ་ཚིག་གཉན་གྱིས་འབོད༔ མ་ཐོགས་སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ བསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས༔ དམ་ཅན་སྐྱེས་བུ་བཀའ་འཁོར་བཅས་པ་རྣམས༔ མ་ཐོགས་དམ་ཚིག་དབང་གིས་སྤྱན་འདྲེན་ན༔ སྒྲུབ་མཆོག་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ སྟེང་ཕྱོགས་ནམ་མཁའ་ཡངས་པའི་ཀློང་དཀྱིལ་ནས༔ དྲང་སྲོང་གཟའ་མཆོག་ཆེན་པོ་བཀའ་འཁོར་བཅས༔ དམ་ཚིག་དབང་གིས་འབོད་དོ་རྒྱང་མ་རིང་༔ སྒྲུབ་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ བཀའ་བསྒོས་དམ་བཞག་ཡེ་ཤེས་འཇིག་རྟེན་གྱི༔ བསྟན་སྲུང་ཕོ་རྒྱུད་མོ་རྒྱུད་མ་ལུས་པ༔ བཀའ་དང་དམ་ཚིག་གཉན་གྱིས་རྒྱུད་བསྐུལ་ལོ༔ མ་ཐོགས་སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ ཨོཾ་མ་ཧཱ་ཀྲོ་དྷ་མ་རུ་ཙེ་སེང་ཧ་མུ་ཁ་ནཱ་ག་ཙནྟྲི་བཛྲ་ས་དྷུ་རཱ་ཧུ་ལ་ས་པ་རི་ཝཱ་ར་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ཨོཾ་བཛྲ་ས་མ་ཡ་ཛ༔ ཨཱཿབཛྲ་ས་མ་ཡ་ཛ༔ ཧཱུྃ་བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿབཞུགས་སུ་གསོལ་བ་ནི༔ ཧཱུྃ་བྷྱོ་ཛཿདུར་ཁྲོད་གསང་ཆེན་རོལ་པའི་གཞལ་ཡས་འདིར༔ པདྨ་ཉི་མ་རོ་ཡི་གདན་སྟེང་དུ༔ དམ་ཚིག་དགྱེས་དགོངས་སྒྲུབ་མཆོག་སྐྱོང་བའི་ཕྱིར༔ གཉིས་མེད་བརྟན་བཞུགས་ཕྲིན་ལས་རྣམ་བཞི་བསྒྲུབ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ་ཛ༔ གདོད་ནས་ཀུན་ཏུ་བཟང་པོའི་རོལ་པ་ལས༔ འགྲོ་བའི་དོན་དུ་གཟུགས་ཀྱི་སྐུར་སྤྲུལ་པ༔ གང་འདུལ་ཐབས་ཀྱིས་སངས་རྒྱས་བསྟན་པ་སྲུངས༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ སརྦ་ས་མ་ཡ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀྟ་དང་༔ ཤ་སྣ་སྙིང་སྣ་ཚིལ་སྣ་ཞུན་སྣ་ཚོགས༔ སྨན་སྣ་འབྲུ་སྣ་རིན་ཆེན་གོ་མཚོན་རིགས༔ རི་དྭགས་གཡུང་དྭགས་ཆུ་གནས་བྱ་རིགས་དང་༔ མཆོད་རྫས་སྒྲུབ་རྫས་བརྟེན་རྫས་བསྐང་རྫས་དང་༔ མཐུན་རྫས་སྣ་ཚོགས་དགྱེས་པའི་ཡོ་བྱད་ཚོགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་ལྷ་ལ་འབུལ༔ ཕྲིན་ལས་རྣམ་བཞི་འདོད་དོན་འབད་མེད་བསྒྲུབ༔ ཨོཾ་ཨཱཿསརྦ་ག་ཎ་ཙཀྲ་པཉྩ་པཱུ་ཛ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ བཛྲ་ས་མ་ཡ་ཧོ༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་སིདྡྷི་ཕ་ལ་ཧོ༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ དབང་ཆེན་རྟ་མགྲིན་རྒྱལ་པོའི་རོལ་པའི་གར༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་མཛོད༔ མ་རུངས་བསྟན་དགྲའི་སྲོག་གི་གཤེད་མར་ཆེ༔ ཁྲོ་གཏུམ་རྔམས་བརྗིད་དྲག་པོའི་སྐུར་སྟོན་ཅིང་༔ སྒྲུབ་པ་པོ་ལ་བུ་ལྟར་བརྩེ་བའི་ལྷ༔ འཇིགས་བྱེད་གནོད་སྦྱིན་ཆེན་པོའི་ཚོགས་ལ་བསྟོད༔ མི་སྲུན་རྔམས་བརྗིད་ཁྲོ་གཏུམ་འབར་བའི་སྐུ༔ ལོག་འདྲེན་དགྲ་བགེགས་རྩད་ནས་གཅོད་མཛད་ཅིང་༔ དམ་ལྡན་སྐྱོང་ཞིང་དམ་ཉམས་ཡོངས་ཀྱི་གཤེད༔ ལེགས་གྲུབ་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨོ་རྒྱན་ཆེན་པོའི་བཀའ་ཡི་གཉེར་གཏད་པ༔ ཕྲིན་ལས་ཐོགས་མེད་མྱུར་མགྱོགས་མཐུ་མངའ་བ༔ འཁོར་ཚོགས་བརྒྱ་ཕྲག་སྤྲུལ་པ་ལས་ལ་འགྱེད༔ བཙན་རྒོད་འབར་བ་འཁོར་བཅས་སྐུ་ལ་བསྟོད༔ འཛམ་གླིང་ཡོངས་ལ་དབང་བསྒྱུར་རྫུ་འཕྲུལ་ཅན༔ དྲག་རྩལ་ཐོགས་མེད་བསྟན་པའི་བྱ་ར་བ༔ དམ་ཉམས་ཞིང་བཅུ་འདུལ་བའི་མཐུ་རྩལ་ཅན༔ སྐྱེས་མཆོག་རྡོ་རྗེ་ལེགས་པའི་སྐུ་ལ་བསྟོད༔ སྣང་བའི་ཁམས་སུ་དབང་བྱེད་མཐུ་རྩལ་ཅན༔ སྤྲུལ་པ་ལྷ་སྲིན་སྡེ་བརྒྱད་ལས་ལ་འགྱེད༔ སྲིད་གསུམ་སྲོག་ལ་དབང་བྱེད་སྲོག་གི་བདག༔ དྲང་སྲོང་གཟའ་མཆོག་ཆེན་པོའི་སྐུ་ལ་བསྟོད༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་པ༔ དམ་ཉམས་ཞིང་བཅུ་འདུལ་བའི་མཐུ་སྟོབས་ཅན༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ བསྒྲུབ་མཆོད་བསྟེན་དང་བསྟོད་པའི་ཡོན་ཏན་གྱིས༔ སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད༔ སྡང་བའི་དགྲ་སོད་གནོད་པའི་བགེགས་ཚོགས་ཐུལ༔ བསྒྲུབ་པའི་རྣལ་འབྱོར་བདག་དང་བདག་ཉིད་ཀྱི༔ འབངས་འཁོར་ཆབ་སྲིད་མི་ནོར་འཁོར་བཅས་ལ༔ ལུས་དང་གྲིབ་མ་ཇི་བཞིན་མི་འབྲལ་ཞིང་༔ ཉེར་འཚེ་བར་ཆད་ཐམས་ཅད་སེལ་བ་དང་༔ མངའ་ཐང་དཔལ་འབྱོར་འཕེལ་རྒྱས་ནུབ་མེད་མཛོད༔ གནོད་ཅིང་གདུག་སེམས་ལྡན་པའི་དགྲ་བགེགས་རྣམས༔ ལྷ་ཡང་རུང་སྟེ་ཐལ་བའི་རྡུལ་བཞིན་རློག༔ བསམ་པ་ཙམ་གྱིས་ཕྲིན་ལས་མ་ལུས་པ༔ ཐོགས་པ་མེད་ཅིང་མྱུར་དུ་འགྲུབ་པར་མཛོད༔ བཅོལ་བའི་ལས་ལ་མ་འགྱང་ས་མ་ཡ༔ དེ་ཡིས་ཕྲིན་ལས་གང་བརྩམ་འགྲུབ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བསྒྲུབ་པའི་གནད་གཟེར་གདབ་པ་ནི༔ བདག་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་དུར་ཁྲོད་མེ་རླུང་འཚུབས་མའི་ཀློང་དུ་སྲོག་བདག་འཇིགས་བྱེད་སྡེ་ལྔ་གསལ་བ་ལས་གནོད་སྦྱིན་ཆེན་པོའི་ཐུགས་ཀར་ཉི་གདན་ལ་ཧཱུྃ་དམར་ནག༔ ཡུམ་གྱི་ཐུགས་ཀར་བྷྱོ་དམར་པོ༔ ཞིང་སྐྱོང་གི་ཐུགས་ཀར་ཧཱུྃ་མཐིང་ནག༔ ཡུམ་གྱི་སྲོག་ཏྲི་དམར་པོ༔ བཙན་གྱི་སྲོག་ཙ༔ སྐྱེས་བུ་ཆེན་པོའི་སྲོག་ཏྲི༔ གཟའ་ཡི་སྲོག་ར༔ འཁོར་རྣམས་ཀྱི་ཐུགས་ཀར་རང་རང་རིགས་ཀྱི་མིང་ཡིག་དང་པོ་ཡིག་འབྲུ་རང་མདོག་ཏུ་བསྐྱེད་དོ༔ རང་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་ཧཱུྃ་ཡིག་དཔག་ཏུ་མེད་པ་འཕྲོས་པས་སྲོག་ཡིག་གི་ཁོངས་སུ་ཞུགས་ཤིང་གནས་པ་ལ་དམིགས་པ་གཏད་དེ་རང་ཉིད་ཀྱི་ཐུགས་ཀའི་འོད་ཟེར་སྣ་ལྔས་མདུན་བསྐྱེད་ཀྱི་སྲོག་གཏུགས་ཏེ་དམ་ཚིག་རྗེས་སུ་དྲན་ནས་ཅི་བསྒོའི་བཀའ་ཉན་གསུང་སྡོད་དུ་ཁས་བླངས་དམ་བཅས་མནའ་བོར་བར་བསམ༔ ཡི་དམ་གྱི་རྩ་སྔགས་བཟླ་ཞིང་མདུན་བསྐྱེད་ལ་དམིགས་པ་གཏད་དོ༔ དེ་ནི་དབང་བྱེད་པའི་གཟེར་ཞེས་བྱའོ༔ སླར་ཡང་སྲོག་གི་ཁོངས་སུ་འཕྲོས་པའི་ཧཱུྃ་ཡིག་སྲོག་དང་འདྲེས་པས་བདག་གི་གང་བསམ་བསྒྲུབ་པར་ཁས་བླངས་ཤིང་དམ་བཅས་ཏེ༔ འགལ་ན་སྲོག་འདྲེན་ཅིང་ཕྲིན་ལས་བསྒྲུབ་ན་ནུས་རྩལ་བསྐྱེད་པའི་དམ་ཚིག་གི་སྲོག་ཐོབ་པར་བསམ༔ སྲོག་ཡིག་ལ་ཤེས་པ་གཏད་དེ་ཡི་དམ་གྱི་རྩ་སྔགས་མཐར༔ སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་ས་མ་ཡ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལས་ལ་བཀོལ་བའི་གཟེར་ཞེས་བྱའོ༔ སླར་ཡང་རང་གི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་དྲག་ཅིང་ཚ་ལ་རྩུབ་པ་འཕྲོས་འཁོར་འདས་ཐམས་ཅད་ཀྱི་སྲོག་ཡིག་འདུས་པ་གཙོ་འཁོར་སོ་སོར་སྣང་བ་ཐམས་ཅད་ངོ་བོ་གཅིག་ཕྱིར་སྲོག་གི་མཐར་སྡེ་ལྔ་རང་རང་གི་གཙོ་བོའི་སྔགས་ཀྱིས་སོ་སོའི་འཁོར་གྱི་སྲོག་ཡིག་བསྐོར་བས་ཡུམ་འཁོར་རྣམས་ཀྱི་སྲོག་སྔགས་གཅིག་ཏུ་འདུས་ཤིང་བཟླས་པ་ཙམ་གྱིས་ཐུགས་བདེ་སྟོང་གི་རོས་ཚིམ་བདག་གི་བཀའ་ཉན་པར་བསམ༔ འཁོར་འདས་རང་སྣང་ལས་མི་གཞན་པར་ཡེ་ཤེས་ཀྱི་དབྱིངས་སུ་གཅིག་ཅིང་ངོ་བོ་གཅིག་པ་ཡིན་ཏེ་ཡིན་པར་ངོ་ཤེས་པའི་ངང་ནས༔ ཨོཾ་མ་ཧཱ་ཀྲོ་དྷ་མ་རུ་ཙེ་གུ་ཎ་ཧྲཱི་ད་ཧཱུྃ་ཕཊ༔ འབུམ་ཕྲག་བདུན་གྱིས་ངེས་པར་འགྲུབ༔ ཨོཾ་ཏྲི་ཤྲཱི་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་སི་ན་ར་མ་ཧཱུྃ་ཕཊ༔ འབུམ་ཕྲག་གཅིག་གིས་ངེས་པར་འགྲུབ༔ ནཱ་ག་ཙནྟྲི་ཡཀྴ་ཀྲོ་དྷ་ཧཱུྃ་ཕཊ༔ འབུམ་ཕྲག་གཅིག་གིས་འགྲུབ་པའོ༔ ཨོཾ་ཏྲི་བཛྲ་སཱ་དྷུ་ས་མ་ཡ་ཧཱུྃ་ཕཊ༔ འབུམ་ཕྲག་གཅིག་གིས་འགྲུབ་པའོ༔ ཨོཾ་མ་ཧཱ་ཀཱ་ལ་རཱ་ཧུ་ལ་ཧཱུྃ་ཕཊ༔ འབུམ་ཕྲག་གཅིག་གིས་འགྲུབ་པའོ༔ གཉིས་མེད་སྲོག་ཀུན་འཕྲོག་གཟེར་རོ༔ སླར་ཡང་བདག་ཉིད་ཀྱི་ཐུགས་ཀའི་འོད་ཟེར་འཕྲོས་སྲུང་མ་རྣམས་ལ་ཕོག་སྲུང་མ་རྣམས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་འཁོར་འདས་སྣོད་བཅུད་འབྱུང་བའི་བཅུད་དང་ནུས་པ་ཐམས་ཅད་བསྡུས་ནས་བདག་ལ་བསྟིམ༔ བསྟན་སྲུང་སོ་སོའི་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པའི་ཐུགས་དམ་བསྐུལ་དམིགས་པའི་ལས་རྣམས་ཐོགས་མེད་དུ་བསྒྲུབ་པར་བསམ༔ སྔགས་ཕྲེང་གི་མཐར་ལས་བཞི་རང་རང་གི་ཤམ་བུ་བཟླའོ༔ ཕྲིན་ལས་གྲུབ་པ་བསྐུལ་བའི་གཟེར་ཞེས་བྱའོ༔ ཞི་བ་ལ་འོད་ཟེར་དཀར་པོ་འཕྲོས་པས་ཉེར་འཚེ་ཐམས་ཅད་བ་མོར་ཉི་ཟེར་ཕོག་ལྟར་ཞི་བར་བསམ་ལ༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱས་པ་ལ་འོད་ཟེར་སེར་པོ་འཕྲོས་པས་འཁོར་འདས་བཅུད་གཡང་ཐམས་ཅད་བསྡུས་ནས་རང་ལ་འདུས་པས་ཚེ་བསོད་རྒྱས་པར་བསམ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དབང་ལ་འོད་ཟེར་དམར་པོ་འཕྲོས་པས་སྣང་སྲིད་དབང་དུ་བསྡུས་ཤིང་ཟས་ནོར་ལོངས་སྤྱོད་ཀྱི་ཆར་ཆེན་པོ་འབེབས་པར་བསམ་ལ༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དྲག་པོ་ལ་སྤྲུལ་པ་ཡང་སྤྲུལ་མཐིང་ནག་འོད་ཟེར་མཚོན་ཆ་འཕྲོས་པས་དགྲ་བགེགས་ཚར་བཅད་རྔམས་ཟས་བྱས་དུམ་བུར་གཏུབ་ཕྱེ་མར་འཐག་རྗེས་ཤུལ་ཙམ་ཡང་མེད་པར་བསམ་ལ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཐར་གསོལ་མཆོད་བྱ་བ་ནི༔ གཏོར་མ་སྐྱེམས་ཕུད་བྲན་ལ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ གསེར་སྐྱེམས་གཏོར་མ་བདུད་རྩིའི་རྒྱ་མཚོ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་ཟད་མི་ཤེས་པར་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ༴ཁཾ་སྭཱ་ཧཱ༔ ཧཱུྃ་ཛཿབརྒྱུད་གསུམ་བླ་མ་ཡི་དམ་ཌཱཀྐིའི་ཚོགས༔ གནོད་སྦྱིན་དམར་ནག་ཡབ་ཡུམ་བཀའ་འཁོར་དང་༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་འཁོར་དང་བཅས༔ གསོལ་ལོ་མཆོད་དོ་དབྱེར་མེད་གྲོགས་མཛོད་ཅིག༔ བཙན་རྒོད་འཁོར་བཅས་སྐྱེས་བུ་རྡོར་ལེགས་དང་༔ དྲང་སྲོང་གཟའ་མཆོག་ཆེན་པོ་རཱ་ཧུ་ལའི༔ སྤྲུལ་འཁོར་སྡོང་ཟླ་མཆེད་གཡོག་བཅས་པ་ལ༔ གསོལ་ལོ་མཆོད་དོ་དབྱེར་མེད་གྲོགས་མཛོད་ཅིག༔ གཞན་ཡང་ཨོ་རྒྱན་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་དམ་བཞག་དབང་བསྐུར་མཚན་གསོལ་བའི༔ དཀར་ཕྱོགས་སྐྱོང་བའི་སྲུང་མ་ཐམས་ཅད་ལ༔ གསོལ་ལོ་མཆོད་དོ་དབྱེར་མེད་གྲོགས་མཛོག་ཅིག༔ བདག་གི་བསམ་པ་བསྒྲུབ་ལ་རེ་བ་སྐོངས༔ བར་ཆད་གནོད་བྱེད་དགྲ་བགེགས་མ་ལུས་པ༔ ཡིད་ལ་བརྣག་པ་ཙམ་གྱིས་ཐལ་བར་བརླག༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ མ་འོངས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ པདྨ་བདག་གི་བརྒྱུད་འཛིན་བུ་སློབ་རྣམས༔ ཉམས་སུ་ལོངས་ལ་བསྟན་པའི་དགྲ་བོ་ཐུལ༔ ཕྲིན་ལས་ཐོགས་མེད་ཡིད་བཞིན་རིན་ཆེན་འདི༔ དམ་ཉམས་བཀའ་ལོག་ཅན་ལ་གསང་རྒྱས་ཐོབས༔ ཚེ་དང་བསྒྲུབ་པ་མཉམ་པར་ངེས་གསང་སྒྲུབ༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབས༔ མ་འོངས་བུ་ཡི་དགོངས་མཛོད་རྒྱ་མཚོར་རྒྱ༔ བཀའ་འདི་མ་མོ་སྲིད་པའི་རྒྱལ་མོས་སྲུངས༔ ལྟ་ལོག་ངན་སྨྲ་མཁན་གྱི་སྲོག་རྩ་ཆོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འོད་གསལ་གསང་བ་ཆེན་པོའི་རྣལ་འབྱོར་པ་སྔགས་པ་བདུད་འཇོམས་རྡོ་རྗེ་ཁྱུང་དྲག་རོལ་པ་རྩལ་གྱིས་གསེར་སྨད་བྲག་རྡོར་མགུལ་ནས་བཏོན་ཏེ་མི་ལོ་བརྒྱད་ལ་བཀའ་རྒྱས་བཏབ་ནས་མཐར་སྨར་སྟོད་འབྲོས་ཕུག་མཁའ་འགྲོའི་འདུ་གླིང་ནས་དག་པར་ཕབ་པའོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་བགྱིས་པའོ།།ཆོས་འདིས་མཐའ་དམག་བསྟན་དགྲའི་དཔུང་གཞོམ་ཤོག།དགེའོ།།སརྦ་མངྒ་ལཾ།ཛ་ཡནྟུ།ཤུ་བྷཾ།།