TTDL-ZABTER-15-BA-118: Difference between revisions

From Dudjom Wiki
TTDL-ZABTER-15-BA-118
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:39, 4 June 2024

Wylie title TTDL-ZABTER-15-BA-118.pdf
Location bdud 'joms gling pa zab gter
Volume 15, Text 118, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ གཡུང་དྲུང་ལྕགས་རྩེའི་བསང་མཆོད་འདོད་འཇོའི་དཔལ་ཕྲེང་བཞུགས་སོ༔ གཡུང་དྲུང་ལྕགས་རྩེའི་བསང་མཆོད་དུས༔ མཁར་ཐབ་མཛེས་ལྡན་བཀོད་ལེགས་ལ༔ གཟུགས་འགྲོ་སྣ་ཚོགས་གཏོར་མར་བསྐོར༔ དར་ཚོན་དང་ནི་སྙིང་སྣས་བརྒྱན༔ ཕྱེ་མར་བསང་རྫས་འབྱོར་ཚོགས་བསགས༔ ནམ་མཁའ་མཛོད་ཀྱི་སྔགས་བདུན་བརྗོད༔ འདོད་ཡོན་མི་ཟད་གཏེར་དུ་སྤེལ༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ བསྭོ༔ མར་སྟོད་ཕྱོགས་ཀྱི་ས་ཡི་ཆར༔ ཕྱི་ལྟར་རྫ་བྲག་འདྲེས་པའི་རིགས༔ ནང་ལྟར་ལྕགས་ཀྱི་སྐུ་མཁར་ནང་༔ བོན་གྱི་གཡུང་དྲུང་ལྕགས་རྩེ་ཞེས༔ མྱུར་མགྱོགས་སྟོབས་རྩལ་བདག་པོ་ཁྱོད༔ གསོལ་མཆོད་གནས་འདིར་མྱུར་དུ་བྱོན༔ ཀྱཻ༔ སློབ་དཔོན་པདྨ་ཐོད་ཕྲེང་དང་༔ རིག་འཛིན་རྡོ་རྗེ་གཤོག་རྒོད་རྩལ༔ དེ་དང་དེ་ཡི་བརྒྱུད་འཛིན་གྱི༔ རིག་འཛིན་བླ་མའི་དམ་མནོས་པའི༔ བདུད་བཙན་རྒྱལ་པོ་ཐོག་རྒོད་རྩལ༔ འདའ་དཀའི་དམ་ཚིག་གཉན་པོ་ཡི༔ འབོད་དོ་གསོལ་མཆོད་གནས་འདིར་བྱོན༔ དགྱེས་པའི་གདན་ལ་བཞུགས་ནས་ཀྱང་༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ ཁྱེད་ལ་མཆོད་པ་འབུལ་བ་ནི༔ བཟང་ཤིང་ཕྱེ་མར་གསུར་དུད་དང་༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ཟས༔ གསེར་དངུལ་ཟངས་ལྕགས་ནོར་བུའི་རིགས༔ ཀ་ཆ་དཀོར་ཆ་གོ་མཚོན་རྒྱན༔ དར་གོས་ཟ་འོག་གཅན་གཟན་ཚོགས༔ གཟུགས་འགྲོས་སྣ་ཚོགས་མཁར་ཐབས་བཅས༔ མདོར་ན་ཐུགས་ལ་བཞེད་རྒུའི་ཚོགས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ འདོད་ཡོན་ནམ་མཁའ་མཛོད་དུ་འབུལ༔ གསོལ་ལོ་མཆོད་དོ་བསང་ཞིང་བརྔན༔ གཡས་ནས་འཁོར་བའི་བདུད་དམག་བསང་༔ གཡོན་ནས་འདུད་པའི་བཙན་དམག་བསང་༔ མདུན་ནས་འཁོར་བའི་ཀླུ་དམག་བསང་༔ རྒྱབ་ནས་བསྟེན་པའི་གཉན་དམག་བསང་༔ སྐྱབས་མགོན་དམ་ཅན་མགར་ནག་བསང་༔ མྱེས་པོ་རྨ་རྒྱལ་སྤོམ་ར་བསང་༔ ཡབ་རྗེ་གཉན་པོ་གཡུ་རྩེ་བསང་༔ ཁུ་བོ་འབྲོང་རི་སྨུག་པོ་བསང་༔ ཕུ་བོ་རྡོ་བླ་ལྕགས་རྩེ་བསང་༔ ནུ་བོ་གཏེར་རི་ཕྱུག་པོ་བསང་༔ བཙུན་མོ་དངུལ་དཀར་མདངས་བཟང་བསང་༔ བློན་པོ་གནམ་ལྕགས་མདུང་རྩེ་བསང་༔ དམག་དཔོན་མྱུར་ལྡན་གློག་ཕྲེང་བསང་༔ ཤན་པ་རླུང་གི་སྤུ་གྲི་བསང་༔ གཟི་ལྡན་སྟག་གི་མགོ་ཅན་བསང་༔ གཏེར་མཛོད་བླ་མཚོ་རྣམ་བཞི་བསང་༔ ཕྱུགས་རྫི་ཤུག་ལྷ་གཏུམ་པོ་བསང་༔ སྒོ་སྲུང་སྟག་གཡག་དར་མ་བསང་༔ ཁ་འཛིན་དགེ་བསྙེན་དབང་ལྡན་བསང་༔ རྒྱབ་བརྟེན་བདུད་རྗེ་འབྲང་དཀར་བསང་༔ ཁྱེད་ཅག་གསོལ་མཆོད་བསང་བརྔན་མཐུས༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཁ་འཛིན་སྡོང་གྲོགས་རྒྱབ་བརྟེན་མཛོད༔ ཆོས་སྲིད་བསྟན་པའི་མངའ་ཐང་སྤེལ༔ བསོད་ནམས་དཔལ་འབྱོར་ལོངས་སྤྱོད་བསྐྱེད༔ སྙན་གྲགས་རླུང་རྟ་རྒྱས་པར་མཛོད༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ མི་ལ་ན་ཚ་མ་བཏང་ཅིག༔ ཕྱུགས་ལ་གོད་ཁ་དགྲ་རྐུན་བཟློག༔ ཟས་དང་བཅུད་ཀྱི་འགོང་པོ་ཐུལ༔ ཞིང་ལ་བཙའ་སད་སེར་གསུམ་ཁོག༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ བསམ་སྦྱོར་གནག་པའི་དགྲ་དང་བགེགས༔ མ་ལུས་ཐལ་བའི་རྡུལ་དུ་རློག༔ བདག་གི་ཡིད་ལ་འདོད་པའི་དོན༔ འབད་པ་མེད་པར་འགྲུབ་མཛོད་ཅིག༔ བཀའ་ལ་མ་འདའ་ཐ་ཚིག་ཅན༔ དམ་ལ་མ་འདའ་ས་མ་ཡ༔ དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ བདག་ཅག་ལྷ་མི་འཁོར་བཅས་ཀུན༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག༔ དེ་ལྟར་བསང་མཆོད་བྱེད་པའི་ཚེ༔ ཡིད་སྤྲུལ་ཆེ་བ་གནད་དུ་གཅེས༔ དེ་ལྟར་གནད་དང་ལྡན་གྱུར་ན༔ བསམ་པའི་དོན་ཀུན་ངེས་པར་འགྲུབ༔ ས་མ་ཡ༔ ཞེས་པ་འདི་ཡང་རྡོ་རྗེ་མཆོག་རབ་རྩལ་གྱིས་བསྐུལ་ངོར་མཁའ་འགྲོ་ལས་ཀྱི་དབང་མོས་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ལ་གསུངས་པའོ།།དགེའོ།།དགེའོ།།དགེའོ།།།།