TTDL-ZABTER-13-PA-117: Difference between revisions
From Dudjom Wiki
TTDL-ZABTER-13-PA-117
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཡུལ་གཞིའི་བདག་པོ་ས་སྐྱོང་གཉན་པོའི་བསང་མཆོད་འདོད་རྒུའི་སྤྲིན་ཕུང་བཞུགས་སོ༔ ༠༠༠༠བརྡ་ཡིག༤༢༡ན་མོ་གུ་རུ་ས་ར་ཧ་པ་ཡེ༔ གཏོར་མ་སྐྱེམས་ཕུད་ཕྱེ་མར་དང་༔ ཤེལ་ཚིག་འབྲུ་སྣ་དར་རས་དང་༔ ཤ་ཁྲག་དམར་སོགས་འབྱོར་ཚོགས་བསགས༔ བཟང་ཤིང་ཕྱེ་མར་བསང་དུད་བཏང་༔ སྭ་བྷཱ་ཝ་ཡིས་འབག་རྩོག་སྦྱངས༔ ནམ་མཁའི་མཛོད་ཀྱི་སྔགས་རྒྱས་བཏབ༔ ན་མོ༔ བསླུ་མེད་གཏན་གྱི་མགོན་པོ་དཀོན་མཆོག་གསུམ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་དཀྱིལ་འཁོར་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ༔ ཕྱེ་མར་བཤོས་སྐྱེམས་དར་ཟབ་མཆོད་སྤྲིན་དང་༔ འདོད་འབྱུང་བདུད་རྩིའི་བསང་གི་མཆོད་པ་འབུལ༔ རབ་འབྱམས་ཕྲིན་ལས་འགྲུབ་པའི་དངོས་གྲུབ་སྩོལ༔ སྣང་སྲིད་སྡེ་བརྒྱད་འཛམ་གླིང་གཞི་བདག་སྤྱི༔ ཁྱད་པར་གསེར་སྟོད་འབྲོང་རི་སྨུག་པོ་དང་༔ བཙུན་མོ་གསེར་ཐང་ལྷ་ལུང་སྡོང་ར་དང་༔ རི་བཀྲ་རྫ་བཀྲ་ལྷ་རྩེ་སྟག་རྩེ་དང་༔ དམ་ཅན་མགར་བ་དམར་ནག་ལ་སོགས་པའི༔ འཁོར་ཚོགས་སུམ་བརྒྱ་དྲུག་ཅུ་དང་བཅས་ལ༔ ཕྱེ་མར་བཤོས་སྐྱེམས་འབྲུ་སྣ་དཀར་དམར་རྫས༔ ཕྱི་ནང་གསང་མཆོད་དར་ཟབ་དཀོར་ནོར་རིགས༔ འདོད་འབྱུང་བདུད་རྩི་བསང་གི་མཆོད་པ་འབུལ༔ བདག་གི་བསམ་པའི་དོན་ཀུན་ཡོངས་གྲུབ་མཛོད༔ མྱུར་མགྱོགས་སྟོབས་ཆེན་ཤུགས་འཆང་ཐོགས་མེད་རྩལ༔ ས་སྐྱོང་དབང་པོ་རྔ་ལ་སྟག་རྩེ་དང་༔ བཙུན་མོ་དངུལ་དཀར་མདངས་བཟང་སྲས་ཕོ་མོ༔ སིལ་བོ་སིལ་དམར་དང་ནི་གཡུ་ཕྲེང་བ༔ རི་ཐང་རྫ་བྲག་མཚོ་ཆུ་ཤིང་རྣམས་ལ༔ བརྟེན་བྱས་ས་བདག་ཀླུ་གཉན་བཙན་མ་སྨན༔ སྡེ་བརྒྱད་དྲེགས་པའི་རིགས་སུ་གཏོགས་པ་ཡི༔ གཙོ་འཁོར་བྲན་འབངས་ཡང་འཁོར་བཅས་པ་ལ༔ ཕྱེ་མར་བཤོས་སྐྱེམས་འབྲུ་སྨན་དཀར་དམར་ཟས༔ རིན་ཆེན་དར་ཟབ་གོ་མཚོན་དཀོར་ནོར་དང་༔ གཡག་ལུག་ར་གསུམ་གཟུགས་འགྲོས་སྣ་ཚོགས་པ༔ རང་རང་ཡིད་དང་མཐུན་ཅིང་འདོད་པ་ཡི༔ ཕྱི་ནང་གསང་མཆོད་མི་ཟད་ནམ་མཁའ་མཛོད༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་ཏེ་འབུལ༔ བཟང་ཤིང་སྣ་ཚོགས་སྤོས་སྨན་ཕྱེ་མར་གྱི༔ བསང་མཆོད་འདོད་འབྱུང་ཡིད་བཞིན་གཏེར་དུ་འབུལ༔ བདེ་གཤེགས་རྒྱ་མཚོ་རྣམས་ཀྱི་ཐུགས་རྗེ་དང་༔ ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་༔ འཕགས་པ་ཀུན་ཏུ་བཟང་པོའི་ཐུགས་བསྐྱེད་ཀྱིས༔ དགའ་ལྡན་འཕྲུལ་དགའ་ལྷ་ཡི་ལོངས་སྤྱོད་ལྟར༔ འདོད་ཡོན་ནམ་མཁའ་མཛོད་དུ་འབྱུང་གྱུར་ཅིག༔ དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཀྱཻ༔ དཀོན་མཆོག་རྩ་གསུམ་ཆོས་སྐྱོང་སྡེ་བརྒྱད་དང་༔ ས་སྐྱོང་ཡུལ་ལྷ་གཞི་བདག་འཁོར་དང་བཅས༔ མ་ལུས་བདག་ལ་གསན་ཅིང་དགོངས་སུ་གསོལ༔ བཀའ་དང་དམ་ཚིག་གཉན་པོ་དཔང་བཙུགས་ཏེ༔ ཁྱེད་ལ་འདོད་དོན་ཕྲིན་ལས་བཅོལ་བ་ནི༔ ད་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ༔ སྐད་ཅིག་མི་འབྲལ་འགྲོགས་པའི་སྲུང་མ་དང་༔ ཁ་འཛིན་སྡོང་གྲོགས་རྒྱལ་བརྟེན་དཔུང་གཉེན་མཛོད༔ མི་ཕྱུགས་དཀོར་ནོར་ལོངས་སྤྱོད་ཐམས་ཅད་སྲུངས༔ ཕྱི་ནང་གསང་བའི་བར་ཆད་རྐྱེན་ཀུན་བཟློག༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི༔ མི་ནད་ནོར་གྱི་གོད་ཁ་ཐམས་ཅད་དང་༔ མི་འདོད་ཉེར་འཚེ་མ་ལུས་ཞི་བར་མཛོད༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་རླུང་རྟ་ཀུན༔ ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད༔ སྣང་སྲིད་སྐྱེ་འགྲོ་ཟས་ནོར་ལོངས་སྤྱོད་དཔལ༔ མ་ལུས་ཐམས་ཅད་བདག་གི་དབང་དུ་བསྡུས༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཀྱི་ཚོགས༔ གནོད་བྱེད་ཐམས་ཅད་རྗེས་ལྷག་མེད་པ་རུ༔ བསད་ཅིང་བརླག་པའི་ཕྲིན་ལས་མཛད་དུ་གསོལ༔ མདོར་ན་བདག་གི་ཡིད་ལ་གང་འདོད་པའི༔ ཕྲིན་ལས་རབ་འབྱམས་ཐོགས་མེད་གྲུབ་པར་མཛོད༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ ཅི་མང་བརྗོད་པས་དགེ་ལེགས་དཔལ་རྒྱས་བྱེད༔ ས་མ་ཡ༔ ཞེས་བདག་གིས་དགོས་བཞིན་གསོལ་བ་བཏབ་པའི་ངོར།གྲུབ་ཆེན་ས་ར་ཧ་པས་གསུངས་པ་བདུད་འཇོམས་རྡོ་རྗེའི་སྣང་ཉམས་སོ།།དགེའོ།།།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=13 | |||
|volumeLetter=PA | |||
|textnuminvol=117 | |||
|pdflink=File:TTDL-ZABTER-13-PA-117.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-13-PA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཡུལ་གཞིའི་བདག་པོ་ས་སྐྱོང་གཉན་པོའི་བསང་མཆོད་འདོད་རྒུའི་སྤྲིན་ཕུང་བཞུགས་སོ༔ ༠༠༠༠བརྡ་ཡིག༤༢༡ན་མོ་གུ་རུ་ས་ར་ཧ་པ་ཡེ༔ གཏོར་མ་སྐྱེམས་ཕུད་ཕྱེ་མར་དང་༔ ཤེལ་ཚིག་འབྲུ་སྣ་དར་རས་དང་༔ ཤ་ཁྲག་དམར་སོགས་འབྱོར་ཚོགས་བསགས༔ བཟང་ཤིང་ཕྱེ་མར་བསང་དུད་བཏང་༔ སྭ་བྷཱ་ཝ་ཡིས་འབག་རྩོག་སྦྱངས༔ ནམ་མཁའི་མཛོད་ཀྱི་སྔགས་རྒྱས་བཏབ༔ ན་མོ༔ བསླུ་མེད་གཏན་གྱི་མགོན་པོ་དཀོན་མཆོག་གསུམ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་དཀྱིལ་འཁོར་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ༔ ཕྱེ་མར་བཤོས་སྐྱེམས་དར་ཟབ་མཆོད་སྤྲིན་དང་༔ འདོད་འབྱུང་བདུད་རྩིའི་བསང་གི་མཆོད་པ་འབུལ༔ རབ་འབྱམས་ཕྲིན་ལས་འགྲུབ་པའི་དངོས་གྲུབ་སྩོལ༔ སྣང་སྲིད་སྡེ་བརྒྱད་འཛམ་གླིང་གཞི་བདག་སྤྱི༔ ཁྱད་པར་གསེར་སྟོད་འབྲོང་རི་སྨུག་པོ་དང་༔ བཙུན་མོ་གསེར་ཐང་ལྷ་ལུང་སྡོང་ར་དང་༔ རི་བཀྲ་རྫ་བཀྲ་ལྷ་རྩེ་སྟག་རྩེ་དང་༔ དམ་ཅན་མགར་བ་དམར་ནག་ལ་སོགས་པའི༔ འཁོར་ཚོགས་སུམ་བརྒྱ་དྲུག་ཅུ་དང་བཅས་ལ༔ ཕྱེ་མར་བཤོས་སྐྱེམས་འབྲུ་སྣ་དཀར་དམར་རྫས༔ ཕྱི་ནང་གསང་མཆོད་དར་ཟབ་དཀོར་ནོར་རིགས༔ འདོད་འབྱུང་བདུད་རྩི་བསང་གི་མཆོད་པ་འབུལ༔ བདག་གི་བསམ་པའི་དོན་ཀུན་ཡོངས་གྲུབ་མཛོད༔ མྱུར་མགྱོགས་སྟོབས་ཆེན་ཤུགས་འཆང་ཐོགས་མེད་རྩལ༔ ས་སྐྱོང་དབང་པོ་རྔ་ལ་སྟག་རྩེ་དང་༔ བཙུན་མོ་དངུལ་དཀར་མདངས་བཟང་སྲས་ཕོ་མོ༔ སིལ་བོ་སིལ་དམར་དང་ནི་གཡུ་ཕྲེང་བ༔ རི་ཐང་རྫ་བྲག་མཚོ་ཆུ་ཤིང་རྣམས་ལ༔ བརྟེན་བྱས་ས་བདག་ཀླུ་གཉན་བཙན་མ་སྨན༔ སྡེ་བརྒྱད་དྲེགས་པའི་རིགས་སུ་གཏོགས་པ་ཡི༔ གཙོ་འཁོར་བྲན་འབངས་ཡང་འཁོར་བཅས་པ་ལ༔ ཕྱེ་མར་བཤོས་སྐྱེམས་འབྲུ་སྨན་དཀར་དམར་ཟས༔ རིན་ཆེན་དར་ཟབ་གོ་མཚོན་དཀོར་ནོར་དང་༔ གཡག་ལུག་ར་གསུམ་གཟུགས་འགྲོས་སྣ་ཚོགས་པ༔ རང་རང་ཡིད་དང་མཐུན་ཅིང་འདོད་པ་ཡི༔ ཕྱི་ནང་གསང་མཆོད་མི་ཟད་ནམ་མཁའ་མཛོད༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་ཏེ་འབུལ༔ བཟང་ཤིང་སྣ་ཚོགས་སྤོས་སྨན་ཕྱེ་མར་གྱི༔ བསང་མཆོད་འདོད་འབྱུང་ཡིད་བཞིན་གཏེར་དུ་འབུལ༔ བདེ་གཤེགས་རྒྱ་མཚོ་རྣམས་ཀྱི་ཐུགས་རྗེ་དང་༔ ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་༔ འཕགས་པ་ཀུན་ཏུ་བཟང་པོའི་ཐུགས་བསྐྱེད་ཀྱིས༔ དགའ་ལྡན་འཕྲུལ་དགའ་ལྷ་ཡི་ལོངས་སྤྱོད་ལྟར༔ འདོད་ཡོན་ནམ་མཁའ་མཛོད་དུ་འབྱུང་གྱུར་ཅིག༔ དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཀྱཻ༔ དཀོན་མཆོག་རྩ་གསུམ་ཆོས་སྐྱོང་སྡེ་བརྒྱད་དང་༔ ས་སྐྱོང་ཡུལ་ལྷ་གཞི་བདག་འཁོར་དང་བཅས༔ མ་ལུས་བདག་ལ་གསན་ཅིང་དགོངས་སུ་གསོལ༔ བཀའ་དང་དམ་ཚིག་གཉན་པོ་དཔང་བཙུགས་ཏེ༔ ཁྱེད་ལ་འདོད་དོན་ཕྲིན་ལས་བཅོལ་བ་ནི༔ ད་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ༔ སྐད་ཅིག་མི་འབྲལ་འགྲོགས་པའི་སྲུང་མ་དང་༔ ཁ་འཛིན་སྡོང་གྲོགས་རྒྱལ་བརྟེན་དཔུང་གཉེན་མཛོད༔ མི་ཕྱུགས་དཀོར་ནོར་ལོངས་སྤྱོད་ཐམས་ཅད་སྲུངས༔ ཕྱི་ནང་གསང་བའི་བར་ཆད་རྐྱེན་ཀུན་བཟློག༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི༔ མི་ནད་ནོར་གྱི་གོད་ཁ་ཐམས་ཅད་དང་༔ མི་འདོད་ཉེར་འཚེ་མ་ལུས་ཞི་བར་མཛོད༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་རླུང་རྟ་ཀུན༔ ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད༔ སྣང་སྲིད་སྐྱེ་འགྲོ་ཟས་ནོར་ལོངས་སྤྱོད་དཔལ༔ མ་ལུས་ཐམས་ཅད་བདག་གི་དབང་དུ་བསྡུས༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཀྱི་ཚོགས༔ གནོད་བྱེད་ཐམས་ཅད་རྗེས་ལྷག་མེད་པ་རུ༔ བསད་ཅིང་བརླག་པའི་ཕྲིན་ལས་མཛད་དུ་གསོལ༔ མདོར་ན་བདག་གི་ཡིད་ལ་གང་འདོད་པའི༔ ཕྲིན་ལས་རབ་འབྱམས་ཐོགས་མེད་གྲུབ་པར་མཛོད༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ ཅི་མང་བརྗོད་པས་དགེ་ལེགས་དཔལ་རྒྱས་བྱེད༔ ས་མ་ཡ༔ ཞེས་བདག་གིས་དགོས་བཞིན་གསོལ་བ་བཏབ་པའི་ངོར།གྲུབ་ཆེན་ས་ར་ཧ་པས་གསུངས་པ་བདུད་འཇོམས་རྡོ་རྗེའི་སྣང་ཉམས་སོ།།དགེའོ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:45, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 13, Text 117, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||