TTDL-ZABTER-03-GA-017: Difference between revisions
No edit summary |
m (Text replacement - "༴" to "༴ ") |
||
| (5 intermediate revisions by the same user not shown) | |||
| Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྟ་མགྲིན་ཡང་ཁྲོས་ནག་པོའི་ཆ་ལག༔ ཁྱུང་ནག་དུག་གི་སྤུ་གྲིའི་སྒོས་སྒྲུབ་གནམ་ལྕགས་མེ་འབར༔ | |||
|fulltitle=zab gsang mkha' 'gro'i snying thig las: rta mgrin yang khros nag po'i cha lag: khyung nag dug gi spu gri'i sgos sgrub gnam lcags me 'bar: | |||
|citation=Khrag 'thung [[Bdud 'joms gling pa]]. ''Zab gsang mkha' 'gro'i snying thig las rta mgrin yang khros nag po'i cha lag khyung nag dug gi spu gri'i sgos sgrub gnam lcags me 'bar''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 3: 199-220. Thimphu, Bhutan: Lama Kuenzang Wangdue, 2004. | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|collectiontitle=bdud 'joms gling pa zab gter | |collectiontitle=bdud 'joms gling pa zab gter | ||
|author=bdud 'joms gling pa | |author=bdud 'joms gling pa | ||
|sourcerevealer=bdud 'joms gling pa | |sourcerevealer=bdud 'joms gling pa | ||
| | |tibgenre=Sadhanas - Evocation Ritual - sgrub thabs | ||
|terma=Yes | |terma=Yes | ||
|deity= | |deity=khyung nag | ||
|cycle= | |cycle=khro rgyal khams gsum rol pa rta mgrin yang khros nag po | ||
|cycletib= | |cycletib=ཁྲོ་རྒྱལ་ཁམས་གསུམ་རོལ་པ་རྟ་མགྲིན་ཡང་ཁྲོས་ནག་པོ་ | ||
|parentcycle=zab gsang mkha' 'gro'i snying thig | |parentcycle=zab gsang mkha' 'gro'i snying thig | ||
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ | |parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ | ||
|language=Tibetan | |language=Tibetan | ||
|volumenumber=03 | |||
|volnumtib=༣ | |volnumtib=༣ | ||
|volyigtib=ག | |volyigtib=ག | ||
| | |totalvolumes=21 | ||
|textnuminvol=017 | |textnuminvol=017 | ||
|pagenumbers=199-220 | |||
|totalpages=22 | |||
|beginfolioline=1a1 | |||
|endfolioline=11b3 | |||
|totalfolios=11 | |||
|multivolumework=No | |||
|rectonotes=khyung nag | |||
|versonotes=bdud 'joms rta mgrin yang khros | |||
|colophontib=ཞེས་པ་འདིའང་རང་སློབ་བསོད་ནམས་དཔལ་ལྡན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་དག་པར་ཕབ་པའི་ཡི་གེ་པ་ནི་མི་བསྐྱོད་རྡོ་རྗེ་དང། ཡེ་ཤེས་རབ་འབྱོར་གཉིས་ཀྱིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། | |||
|colophonwylie=zhes pa 'di'ang rang slob bsod nams dpal ldan gyis bskul ngor khrag 'thung bdud 'joms rdo rje khro lod rtsal gyis dag par phab pa'i yi ge pa ni mi bskyod rdo rje dang/_ye shes rab 'byor gnyis kyis so/ /dge'o/ /dge'o/ /dge'o/ /sarba mang+ga laM// | |||
|pdflink=File:TTDL-ZABTER-03-GA-017.pdf | |pdflink=File:TTDL-ZABTER-03-GA-017.pdf | ||
|authortib=བདུད་འཇོམས་གླིང་པ་ | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|volumeLetter=GA | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-03-GA | |InitCategories=Dudjom Tersar Project; TTDL-ZABTER-Volume-03-GA | ||
}} | }} | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྟ་མགྲིན་ཡང་ཁྲོས་ནག་པོའི་ཆ་ལག༔ ཁྱུང་ནག་དུག་གི་སྤུ་གྲིའི་སྒོས་སྒྲུབ་གནམ་ལྕགས་མེ་འབར་བཞུགས་སོ༔ | ||
ན་མོ་གུ་རུ་པདྨ་ཀ་ར་ཡེ༔ | |||
ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ཀླུ་གཉན་གདུག་པ་ཁ་དར་དུས༔ བྱ་ཁྱུང་ག་རུའི་སྒྲུབ་པ་འདི༔ བསྐྱེད་རིམ་གནད་ལྡན་སྐྱེས་བུ་ཡིས༔ རབ་དབེན་གཙང་མའི་གནས་མཆོག་ཏུ༔ རྟ་མགྲིན་ནག་པོ་སྒྲུབ་པ་ལ༔ བརྟེན་ནས་རྒྱལ་བློན་ཚུལ་དུ་བྱ༔ དེ་ལ་རི་རབ་ཆེན་པོའི་རྩེར༔ དཔག་བསམ་ཤིང་གི་ཡལ་ག་ལྔ༔ ཡེ་ཤེས་བྱ་ཁྱུང་རིགས་ལྔ་བཀོད༔ མཆོད་རྫས་ཉེར་སྤྱོ་འདོད་ཡོན་དང་༔ ཀླུ་ནོར་སྣ་ཚོགས་ཅི་རིགས་བཀོད༔ ཤ་ཁྲག་གཏོར་མ་ལ་སོགས་པའི༔ གྷ་ཎའི་ལོངས་སྤྱོད་སྣ་ཚོགས་བཤམས༔ རང་ཉིད་གཏུམ་པོའི་ང་རྒྱལ་གྱིས༔ གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ ཨོཾ་མ་ཧཱ་ཤུ་ནྱ་ཏྭ་སོགས་ཀོ྅་ཧཾ༔ སྟོང་པའི་ངང་ལས་རང་བཅོམ་ལྡན་འདས་རྟ་མགྲིན་ནག་པོར་གསལ་བའི་བདུན་དུ་དུག་གི་རྒྱ་མཚོ་ཆེན་པོ་གཏིང་ཟབ་པའི་ཀློང་དུ་དཔག་བསམ་གྱི་ལྗོན་ཤིང་སྡོང་པོ་ཆེ་བ་ཡལ་ག་ལྔ་རུ་གྱེས་པའི་ཕྱོགས་བཞི་དབུས་ལྔར་པདྨ་དང་ཉི་མའི་གདན་ལ་རང་ཉིད་དྲག་པོའི་ཐུགས་ཀ་ནས་ཁྲོཾ༔ ཡིག་ལྔ་འཕྲོས་ནས་བབ་པ་ལས་འོད་ཟེར་ཡར་འཕྲོས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་མཆོད༔ དབང་བྱིན་དངོས་གྲུབ་ཐམས་ཅད་ཚུར་འདུས་ཁྲོཾཿཡིག་ལ་ཐིམ༔ མར་འཕྲོས་དགྲ་བགེགས་ལོག་འདྲེན་ཀླུ་གཉན་གདུག་པ་ཅན་ཐམས་ཅད་ཚར་བཅད༔ དེ་དག་གི་ཚེ་བསོད་དཔལ་ཡོན་ནུས་མཐུ་ཐམས་ཅད་ཚུར་འདུས་ཁྲོཾཿཡིག་རྣམས་ལ་ཐིམ༔ དབུས་ཀྱི་ཁྲོཾཿལས་རྒྱལ་རིགས་ཀླུའི་གཉེན་པོ་ཡེ་ཤེས་ཀྱི་བྱ་ཁྱུང་མཐིང་ནག་ཆོས་དབྱིངས་ཡེ་ཤེས་ཀྱི་མེ་དཔུང་མཐིང་ནག་ཏུ་འབར་བ༔ ཤར་གྱི་ཁྲོཾཿལས་རྗེ་རིགས་ཀླུའི་གཉེན་པོ་དུང་གི་བྱ་ཁྱུང་དཀར་པོ་མེ་ལོང་ཡེ་ཤེས་ཀྱི་མེ་འབར་བ༔ ལྷོ་ཡི་ཁྲོཾཿལས་དམངས་རིགས་ཀླུའི་གཉེན་པོ་གསེར་གྱི་བྱ་ཁྱུང་སེར་པོ་མཉམ་ཉིད་ཡེ་ཤེས་ཀྱི་མེ་འབར་བ༔ ནུབ་ཀྱི་ཁྲོཾཿལས་བྲམ་ཟེའི་རིགས་ཀྱི་ཀླུའི་གཉེན་པོ་ཟངས་ཀྱི་བྱ་ཁྱུང་དམར་པོ་སོར་རྟོག་ཡེ་ཤེས་ཀྱི་མེ་འབར་བ༔ བྱང་གི་ཁྲོཾཿལས་གདོལ་རིགས་ཀླུའི་གཉེན་པོ་དུག་ཁྱུང་ནག་པོ་བྱ་གྲུབ་ཡེ་ཤེས་ཀྱི་མེ་འབར་བ༔ ཀུན་ཀྱང་གནམ་ལྕགས་ཀྱི་རྭ་གཉིས་གནམ་ལ་གཟེངས་པ༔ སྤྱན་གསུམ་ཉི་མ་འབུམ་གྱི་འོད་ཟེར་འབར་ཞིང་འཕྲོ་བ༔ ཁྲོ་གཉེར་ཆུའི་གཉེར་མ་ལྟར་དུ་འཁྲིགས་པ༔ ལྕགས་ཀྱི་སྡེར་མོས་ཀླུ་གཉན་རིགས་ལྔ་རྒྱ་མཚོའི་གཏིང་ནས་འདྲེན་ཅིང་གནམ་ལྕགས་ཀྱི་མཆུ་ཡིས་མགོ་བོ་ཉོག་ཉོག་ཏུ་ཟ་བ༔ མེ་ཡི་གཤོག་པ་རྡེབ་པས་ཉི་ཟླ་ཚོགས་པོར་འཕེན་ཅིང་༔ སྤུ་རྣམས་སྤྲུགས་པས་ཉི་ཚན་དང་བྱེ་ཚན་དང་རྡོ་རྗེའི་སེར་བ་དྲག་ཏུ་འབེབས་པ༔ ཀྲིཾ་ཀྲིཾ་གི་སྒྲ་དྲག་པོ་བསྒྲགས་པ་ཙམ་གྱིས་ས་བདག་ཀླུ་གཉན་ཐམས་ཅད་བརྒྱལ་ཞིང་འབོགས་པ༔ ཁྱུང་གི་ཚྭ་ཚྭ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པས་ཕྱོགས་བཅུའི་སྡེ་བརྒྱད་ཐམས་ཅད་ཆུ་ཐིག་ཧུབ་ཀྱིས་བཏབ་པ་བཞིན་དུ་ཧབ་ཧབ་གསོལ་བ༔ རྐང་པས་གཟའ་ཀླུ་སྡེ་བརྒྱད་ཐམས་ཅད་གནོན་ཅིང་རྭ་བར་ན་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོས་སྒྲུབ་པ་པོ་ལ་དངོས་གྲུབ་ཀྱི་ཆར་ཆེན་པོ་འབེབས་པ༔ མཚོན་ཆ་ཐུན་རྫས་སྣ་ཚོགས་ཀྱི་བུ་ཡུག་འཚུབས་པས་བྱད་མ་གནོད་བྱེད་ཐམས་ཅད་རྡུལ་དུ་བརླག་པ༔ ཐུགས་ལས་སྤྲུལ་པའི་བཀའ་སྲུང་དྲེགས་པའི་ཚོགས་ནམ་མཁའི་མཐའ་དང་མཉམ་པར་འཕྲོས་ནས་བསྟན་དགྲ་སྡེ་དང་བཅས་པ་ཐམས་ཅད་ཐལ་བར་བརླག་ཅིང་ཟས་སུ་ཟ་བར་བསྒོམ༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག༔ དེ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུ་བྱ་ཁྱུང་རིགས་ལྔའི་སྐུར་བཞེངས་ཏེ་བསྐྱེད་པའི་ལྷ་རྣམས་ལ་སིབ་སིབ་ཐིམ་མོ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྐུ༔ བུདྡྷ་རིགས་ཀྱི་དཀྱིལ་འཁོར་ལྷ༔ སངས་རྒྱས་བྱ་ཁྱུང་སྐུར་བཞེངས་ཤིག༔ གཏི་མུག་འདུལ་ཕྱིར་གཤེགས་སུ་གསོལ༔ མེ་ལོང་ལྟ་བུའི་ཡེ་ཤེས་སྐུ༔ བཛྲ་རིགས་ཀྱི་དཀྱིལ་འཁོར་ལྷ༔ རྡོ་རྗེ་བྱ་ཁྱུང་སྐུར་བཞེངས་ཤིག༔ ཞེ་སྡང་འདུལ་ཕྱིར་གཤེགས་སུ་གསོལ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ༔ རཏྣ་རིགས་ཀྱི་དཀྱིལ་འཁོར་ལྷ༔ རིན་ཆེན་བྱ་ཁྱུང་སྐུར་བཞེངས་ཤིག༔ ང་རྒྱལ་འདུལ་ཕྱིར་གཤེགས་སུ་གསོལ༔ སོ་སོར་རྟོག་པའི་ཡེ་ཤེས་སྐུ༔ པདྨ་རིགས་ཀྱི་དཀྱིལ་འཁོར་ལྷ༔ གསུང་གི་ཁྱུང་ཆེན་སྐུར་བཞེངས་ཤིག༔ འདོད་ཆགས་འདུལ་ཕྱིར་གཤེགས་སུ་གསོལ༔ བྱ་བ་གྲུབ་པའི་ཡེ་ཤེས་སྐུ༔ ཀརྨ་རིགས་ཀྱི་དཀྱིལ་འཁོར་ལྷ༔ ལས་ཀྱི་ཁྱུང་ཆེན་སྐུར་བཞེངས་ཤིག༔ ཕྲག་དོག་འཇོམས་ཕྱིར་གཤེགས་སུ་གསོལ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཁྲོཾ༔ ག་རུ་ཌ་སརྦ་བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ བདག་འཛིན་གདུག་པ་ཀླུ་གཉན་ཁྲིར༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ འཇིགས་བྱེད་བྱ་ཁྱུང་བཞུགས་སུ་གསོལ༔ བདུད་འདུལ་ཁྱུང་ལྔ་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ བདག་ལྟའི་རཱུ་ཏྲ་བཤིག་པ་དང་༔ རྒྱུ་དྲུག་འཁོར་བ་གཞོམ་པའི་ཕྱིར༔ ཡེ་ཤེས་ཁྱུང་ཆེན་རིགས་ལྔ་ལ༔ རྣམ་གསུམ་གུས་པས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ གཟུང་འཛིན་བདག་མེད་ཆེར་བསྒྲལ་ནས༔ སྣང་སྲིད་མཆོད་པའི་སྤྲིན་དུ་བསྒྱུར༔ ཡེ་ཤེས་ཁྱུང་ཆེན་དགྱེས་ཕྱིར་འབུལ༔ ཆོས་ཉིད་རང་ངོ་རང་གྲོལ་མཛོད༔ སྟོང་ཉིད་དྭངས་གསལ་ཆེན་པོའི་མཁར༔ ཅིར་ཡང་སྣང་བའི་སྒྱུ་འཕྲུལ་ལས༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་བྱང་ཆུབ་སེམས༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ དགྲ་བགེགས་གདུག་པའི་དབང་ཡུལ་བླ༔ ཕུང་ཁམས་སྐྱེ་མཆེད་མ་ལུས་པ༔ ཡེ་ཤེས་བྱ་ཁྱུང་དགྱེས་ཕྱིར་འབུལ༔ ཁྱད་པར་ཀླུ་གཉན་གནོད་བྱེད་སྡེ༔ ཆབ་སྲིད་འབངས་འཁོར་མཐུ་ནུས་བཅས༔ ཡེ་ཤེས་བྱ་ཁྱུང་དགྱེས་ཕྱིར་འབུལ༔ བཞེས་ནས་འཇིག་རྟེན་བདེ་ལེགས་མཛོད༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་དྷརྨ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཁཱ་ཧི༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ གདོད་ནས་ཡེ་སངས་རྒྱས་པ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རོལ་པ་ཡེ་ཤེས་ལྔ་ཡི་དལ༔ གང་འདུལ་ཐབས་ཀྱིས་རབ་འཇིགས་སྐུར་སྟོན་པ༔ བཅོམ་ལྡན་བྱ་ཁྱུང་རིགས་ལྔའི་སྐུ་ལ་བསྟོད༔ མཐོང་བ་ཙམ་གྱིས་ཆོས་ཉིད་དོན་རྟོགས་ཤིང་༔ ཐོས་པས་སྡེ་བརྒྱད་དྲེགས་པའི་དཔའ་ཟིལ་བཀོང་༔ དྲན་པས་ལྟ་ལོག་བདུད་ཀྱི་གྲུབ་མཐའ་འཇིག༔ རེག་པས་ཉོན་མོངས་འཁོར་བའི་གཅོང་ནད་འཇོམས༔ འབྲེལ་བ་ཙམ་གྱིས་འཁོར་བའི་ས་བོན་སྟོང་༔ བཅོམ་ལྡན་བྱ་ཁྱུང་རིགས་ལྔར་ཕྱག་འཚལ་བསྟོད༔ དེ་ནས་འཛབ་དམིགས་བཟླ་བ་ནི༔ མདུན་གྱི་བྱ་ཁྱུང་རིགས་ལྔ་རང་རང་གི་ཐུགས་ཀར་ཉི་ཟླའི་གདན་ལ་རང་མདོག་ཁྲོཾཿཡིག་མེ་འབར་བ་ལ་སྔགས་ཀྱིས་བསྐོར་བར་བསྒོམ༔ བདག་ཡི་དམ་གཏུམ་དྲག་ཆེན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཚྭ་ལ་རྩུབ་པ་འཕྲོས་པས་བྱ་ཁྱུང་རིགས་ལྔའི་ཐུགས་སྲོག་ལ་ཕོག་སྟེ་དེ་དག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཡེ་ཤེས་ཀྱི་བྱ་ཁྱུང་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་བསྟིམ་མོ༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཁྲོཾ༔ ག་རུ་ཌ་ཧཱུྃ་ཕཊ་ཛཿཛཿཞེས་ཤེས་པ་གཞན་དུ་མ་ཡེངས༔ མི་ཚིག་གིས་བར་མི་གཅོད་ཅིང་༔ སྟན་གྱི་དྲོད་མ་ཡལ་བར་འབོད་སྔགས་འདི་ཆུ་བོའི་གཞུང་བཞིན་དུ་བཟླའོ༔ ཡང་རང་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བྱ་ཁྱུང་རིགས་ལྔའི་ཐུགས་ཀར་ཕོག་པ་ཙམ་གྱིས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་སྤྲུལ་པ་ལས་བྱེད་ཤན་པའི་དམག་དཔུང་བསམ་གྱིས་མི་ཁྱབ་པས་གང་ལ་དམིགས་པའི་ཡུལ་ཐམས་ཅད་གང་བར་བསྒོམ༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཁྲོཾཿག་རུ་ཌ་ཧཱུྃ་ཧཱུྃ་ཕཊ༔ ནཱ་ག་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད༔ ཡང་རང་ཡི་དམ་གྱི་ཐུགས་ཀའི་འོད་ཟེར་གྱི་ཁྱུང་ལྔ་བསྐུལ་ནས་དགྲ་བགེགས་ཐམས་ཅད་མེ་སྟག་ཆུས་བསད་པ་ལྟར་བསད་པར་བསྒོམ༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཁྲོཾ༔ ག་རུ་ཌ་ས་མ་ཡ་གནོད་བྱེད་ཀླུ་གཉན་གདུག་པའི་བླ་ལ་རྦད་རྦད༔ སྲོག་ལ་རྦད་རྦད༔ སོད་སོད་མྱོག་མྱོག་ཕཊ་ཕཊ་རཾ་རཾ་སྭཱ་ཧཱ༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཁྲོཾཿག་རུ་ཌ་སརྦ་ས་མ་ཡ་ཛཿཛཿནཱ་ག་གཉན་པརྦ་ཏའི་སྲོག་ལ་རྦད་རྦད༔ སྙིང་ལ་རྦད་རྦད༔ བླ་ལ་རྦད་རྦད༔ ཤ་ཁྲག་རུས་པ་ལ་རྦད་རྦད༔ ཕུང་ཁམས་སྐྱེ་མཆེད་ལ་རྦད་རྦད༔ ཛྭ་ལ་རཾ་རཾ༔ གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཁ་རཾ་ཁཱ་ཧི༔ དེ་ནས་རྦད་བསྐུལ་ཕྲིན་ལས་བཅོལ་བ་ནི༔ དམར་གཏོར་ལ་འགུགས་པ་བྱས་མཐར༔ ཁྲོཾ་བྷྱོ་ཛཿཡང་ཁྲོས་སྐུ་ཡི་སྤྲུལ་པ་ནི༔ སངས་རྒྱས་བྱ་ཁྱུང་ག་རུ་ཌ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ བསྐྱོད་ཅིག་ཡེ་ཤེས་ཀློང་ནས་བསྐྱོད༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ རྦད་དོ་དགྲ་དང་བགེགས་ལ་རྦད༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ རྒྱལ་རིགས་ལས་གྱུར་ཀླུ་གཉན་གདོན༔ གསོད་གཅོད་བརླག་པའི་ལས་མཛོད་ལ༔ རྗེས་ཤུལ་མེད་པར་ཧབ་ཐོབ་རོལ༔ དུས་ལ་བབ་བོ་ས་མ་ཡ༔ ཨོཾ་བུདྡྷ་ག་རུ་ཌ་སརྦ་ས་མ་ཡ་ཛཿབྷྱོ༔ གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཁ་རཾ་ཁཱ་ཧི༔ ཁྲོཾཿབྷྱོ་ཛཿཡང་ཁྲོས་ཐུགས་ཀྱི་སྤྲུལ་པ་ནི༔ རྡོ་རྗེ་བྱ་ཁྱུང་ག་རུ་ཌ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐྱོད་ཅིག་ཆོས་ཉིད་ཀློང་ནས་བསྐྱོད༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ རྦད་དོ་དགྲ་དང་བགེགས་ལ་རྦད༔ སྤྲུལ་པ་ཡང་སྤྲུལ་ཁྱབ་པར་བསྒྱུར༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ རྗེ་རིགས་ལས་གྱུར་ཀླུ་གཉན་གདོན༔ གསོད་གཅོད་བརླག་པའི་ལས་མཛོད་ལ༔ རྗེས་ཤུལ་མེད་པར་ཧབ་ཐོབ་རོལ༔ དུས་ལ་བབ་བོ་ས་མ་ཡ༔ ཨོཾ་བཛྲ་ག་རུ་ཌ་ས་མ་ཡ་ཛཿཛཿགནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཁ་རཾ་ཁཱ་ཧི༔ ཁྲོཾཿབྷྱོ་ཛཿཡང་ཁྲོས་ཡོན་ཏན་སྤྲུལ་པ་ནི༔ རིན་ཆེན་བྱ་ཁྱུང་ག་རུ་ཌ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ བསྐྱོད་ཅིག་ནམ་མཁའི་ཀློང་ནས་བསྐྱོད༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ སྤྲུལ་པས་སྣང་སྲིད་ཁྱབ་པར་མཛོད༔ དམངས་རིགས་ལས་བྱུང་ཀླུ་གཉན་གདོན༔ གསོད་གཅོད་བརླག་པའི་ལས་མཛོད་ལ༔ རྗེས་ཤུལ་མེད་པར་ཧབ་ཐོབ་རོལ༔ དུས་ལ་བབ་བོ་ས་མ་ཡ༔ ཨོཾ་རཏྣ་ག་རུ་ཌ་ས་མ་ཡ་ཛཿཛཿགནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཁ་རཾ་ཁཱ་ཧི༔ ཁྲོཾཿབྷྱོ་ཛཿཡང་ཁྲོས་གསུང་གི་སྤྲུལ་པ་ནི༔ པདྨ་བྱ་ཁྱུང་ག་རུ་ཌ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ བསྐྱོད་ཅིག་ནམ་མཁའི་ཀློང་ནས་བསྐྱོད༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ རྦད་དོ་དགྲ་དང་བགེགས་ལ་རྦད༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ བྲམ་ཟེ་ལས་གྱུར་ཀླུ་གཉན་གདོན༔ གསོད་གཅོད་བརླག་པའི་ལས་མཛོད་ལ༔ རྗེས་ཤུལ་མེད་པར་ཧབ་ཐོབ་རོལ༔ དུས་ལ་བབ་བོ་ས་མ་ཡ༔ ཨོཾ་པདྨ་ག་རུ་ཌ་ས་མ་ཡ་ཛཿཛཿགནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཁ་རཾ་ཁཱ་ཧི༔ ཁྲོཾཿབྷྱོ་ཛཿཡང་ཁྲོས་ཕྲིན་ལས་སྤྲུལ་པ་ནི༔ ལས་ཀྱི་བྱ་ཁྱུང་ག་རུ་ཌ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ བསྐྱོད་ཅིག་ནམ་མཁའི་ཀློང་ནས་བསྐྱོད༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ རྦད་དོ་དགྲ་དང་བགེགས་ལ་རྦད༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ ང་ལ་གནོད་ཅིང་འཚེ་བ་ཡི༔ གདོལ་པ་ལས་གྱུར་ཀླུ་གཉན་ཀུན༔ མ་ལུས་ཐལ་བའི་རྡུལ་བཞིན་རློག༔ ཤ་ཁྲག་སྲོག་དབུགས་ལྷག་མེད་རོལ༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་ཀརྨ་ག་རུ་ཌ་ས་མ་ཡ་ཛཿཛཿགནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཁ་རཾ་ཁཱ་ཧི༔ ཧཱུྃ་བྷྱོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉའི་ཚོགས༔ འགྲོ་བའི་དོན་ཕྱིར་གང་འདུལ་ཐབས༔ སྣ་ཚོགས་སྟོན་པའི་སྒྱུ་འཕྲུལ་གར༔ མ་ངེས་ཆུ་ཡི་གཟུགས་བརྙན་ལྟར༔ ཅིར་ཡང་སྣང་བའི་གཟུགས་སྐུ་ལས༔ ཀླུ་གཉན་སྡེ་བརྒྱད་གདུག་པའི་གཉན༔ བྱ་ཁྱུང་རིགས་ལྔ་འཁོར་དང་བཅས༔ ང་ཡི་མདུན་སར་སྐུར་བཞེངས་ལ༔ གནོད་བྱེད་མ་ལུས་རྡུལ་དུ་རློག༔ ཤ་ཁྲག་དྲོད་དབུགས་ཧབ་ཐོབ་རོལ༔ དགྲ་བགེགས་སྡེ་དཔུང་འབངས་དང་བཅས༔ དགེ་སྡིག་མེད་པའི་མལ་དུ་སོད༔ དུས་ལ་བབ་བོ་ཐུགས་མ་གཡེལ༔ དོ་ནུབ་མངོན་སྤྱོད་ཕྲིན་ལས་མཛོད༔ ཅེས་གཏོར་མ་འབུལ༔ སླར་ཡང་བསྐུལ་བ་ནི༔ ཁྲོཾཿབྷྱོ་ཛཿདུས་གསུམ་སངས་རྒྱས་དགོངས་སུ་གསོལ༔ ཡང་ཁྲོས་ནག་པོ་དགོངས་སུ་གསོལ༔ ཆེ་མཆོག་དཔལ་དགུ་དགོངས་སུ་གསོལ༔ བདག་ཅག་མ་རིག་གྱིས་བཅིངས་པའི༔ གཟུང་འཛིན་འཁྲུལ་པའི་སེམས་ཅན་སྤྱི༔ ཁྱད་པར་རྒྱལ་བའི་བརྒྱུད་འཛིན་རྣམས༔ ཐུགས་རྗེས་འདོར་རམ་དཀོན་མཆོག་གསུམ༔ གལ་ཏེ་ཡལ་བར་དོར་སྲིད་ན༔ ཐུགས་བསྐྱེད་རྣམ་དག་གང་ན་བཞུགས༔ དེང་དུས་བསྐལ་པའི་མར་གཤམ་འདིར༔ ནག་ཕྱོགས་གདུག་པ་ཁ་དར་ནས༔ སྐྱེ་འགྲོའི་བདེ་སྐྱིད་སྐལ་པ་བཤིག༔ བརྒྱུད་འཛིན་ཐར་པའི་ལམ་སྣ་འགག༔ རྒྱལ་བསྟན་ཉི་མ་སྤྲིན་གྱིས་བསྒྲིབས༔ ལྟ་ལོག་ཀླ་ཀློས་ཕྱི་ནས་རྒོལ༔ མི་སྲུན་སྐྱེ་བོས་བར་ནས་རྒོལ༔ དམ་ལོག་སློབ་མས་ནང་ནས་རྒོལ༔ བདུད་དང་ལོག་ལྟས་གསང་ཐབས་རྒོལ༔ མཐའ་མེད་འཁོར་བའི་རྒྱ་མཚོར་བསྐྱིལ༔ དབང་མེད་སྡུག་བསྔལ་ཞགས་པས་བཅིངས༔ དེ་འདྲའི་ལས་ངན་སྐལ་ངན་ལ༔ སྒྲིབ་མེད་སྤྱན་གྱིས་མ་གཟིགས་སམ༔ ཀུན་མཁྱེན་ཐུགས་རྗེས་མ་དགོངས་སམ༔ མཛད་པའི་ཕྲིན་ལས་གང་དུ་མཆིས༔ མ་གཡེལ་མ་འགྱངས་ཐུགས་རྗེ་ཅན༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ ཁྱེད་ཀྱི་ཕྲིན་ལས་ཕོ་ཉ་ནི༔ སྤྲུལ་པའི་ཁྱུང་ལྔ་དབྱིངས་ནས་བཞེངས༔ བཀའ་སྡོད་འཇིག་རྟེན་ཁྱབ་པར་མཛོད༔ འགྱུར་མེད་སྐུ་ཡི་ཀློང་ཡངས་ནས༔ བཅོམ་ལྡན་བུདྡྷ་ཁྱུང་ཆེན་བསྐུལ༔ འགགས་མེད་གསུང་གི་ཀློང་ཡངས་ནས༔ བཅོམ་ལྡན་པདྨ་ཁྱུང་ཆེན་བསྐུལ༔ འཁྲུལ་མེད་ཐུགས་ཀྱི་ཀློང་ཡངས་ནས༔ བཅོམ་ལྡན་རྡོ་རྗེ་ཁྱུང་ཆེན་བསྐུལ༔ ལྷུན་གྲུབ་ཡོན་ཏན་བདེ་ཆེན་ཀློང་༔ བཅོམ་ལྡན་རཏྣ་ཁྱུང་ཆེན་བསྐུལ༔ ཕྲིན་ལས་མངོན་སྤྱོད་ལྷུན་གྲུབ་ཀློང་༔ བཅོམ་ལྡན་ཀརྨ་ཁྱུང་ཆེན་བསྐུལ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ མཛོད་ཅིག་མངོན་སྤྱོད་ཕྲིན་ལས་མཛོད༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ལྷ་ཡང་རུང་སྟེ་བདུད་ཀྱང་རུང་༔ མ་ལུས་མ་འགྱང་སྒྲོལ་ལ་ཤོག༔ བླ་སྲོག་ཚེ་ཡི་རྒྱུན་ཐག་བཅད༔ མར་མེ་རླུང་གིས་བསད་བཞིན་ཐོངས༔ ཤ་ཁྲག་དྲོན་མོ་ཧབ་ཐོབ་རོལ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ དོ་ནུབ་ཉིད་དུ་ཕྲིན་ལས་མཛོད༔ དེ་རིང་ཉིད་ལས་ལས་མ་འགྱང་༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ བསྐུལ་ལོ་རྦད་དོ་ཕྲིན་ལས་མཛོད༔ རྟགས་ཕྱུང་མཚན་མ་མྱུར་དུ་སྟོན༔ གནོད་བྱེད་ཀླུ་གཉན་སྡེ་བརྒྱད་ཀུན༔ མིང་གི་ལྷག་ཙམ་མེད་པར་རློག༔ དུས་ལ་བབ་བོ་ས་མ་ཡ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཁྲོཾཿག་རུ་ཌ་ས་མ་ཡ་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད༔ མཱ་ར་ཡ་སོད༔ མཱ་ར་ཡ་བྷྱོ༔ མཱ་ར་ཡ་ཟློག༔ ཅེས་ལན་གྲངས་མང་དུ་བརྗོད༔ མཐར་གཏོར་མ་དགྲ་ཕྱོགས་སུ་འཕང་ངོ་༔ དེ་ནས་བཟློག་པ་ལ༔ དམར་གཏོར་ཤ་ཁྲག་གིས་བརྒྱན་པ་བཤམས་ཏེ༔ འགུགས་བཞུགས་ལན་བདུན་བྱས་མཐར༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་འཕྲོས་པས་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་དང་བཅོམ་ལྡན་འདས་བྱ་ཁྱུང་རིགས་ལྔ་འཁོར་དང་བཅས་པའི་ཐུགས་ཀར་ཕོག་པས་ཆོས་ཀྱི་དབྱིངས་ནས་ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན་དུ་གཟུགས་ཀྱི་སྐུ་ཁྲོ་ཚོགས་བྱ་ཁྱུང་ལས་མཁན་མཚོན་ཐུན་སྣ་ཚོགས་ཀྱི་སྐྱི་སེར་འཚུབས་པ་ལྟར་སྣང་སྲིད་ཀྱི་ཁམས་ཐམས་ཅད་གང་བར་སྤྲུལ་ནས་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཐལ་བ་རླུང་གིས་གཏོར་བ་བཞིན་དུ་བརླག་པར་བསམ༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཁྲོཾ༔ བཛྲ་ས་མ་ཡ་ཛཿཛཿགཏོར་མ་རྣམས་ཡེ་ཤེས་ཀྱི་ཁྲོ་བོ་སྤྱིར་བོར་ཁྱུང་གིས་བརྒྱན་པ་རེ་རེར་གྱུར་པའི་སྐུ་ཡི་ཀློང་དུ་འཁོར་འདས་འུབ་ཆུབ་སྟེ་ཉོན་མོངས་ལས་སྐྱེས་པའི་བྱད་ཁ་དགྲ་འདྲེ་གདོན་གསུམ་ཐམས་ཅད་རྩྭ་སྦུར་ཕྲ་མོ་ལ་དུས་མཐའི་མེ་མཆེད་པ་ལྟར་བསྲེག་ཅིང་བརླག་པར་བསྒོམ༔ ལྷག་མ་དགྲ་བགེགས་ཀྱི་བླ་དང་སྲོག་གི་སྟེང་དུ་བཟློག་པར་གྱུར༔ ཧཱུྃ་བྷྱོ༔ དྲག་པོ་དམར་གྱི་གཏོར་མ་ལས༔ ཁྲོ་རྒྱལ་ཁམས་གསུམ་རོལ་པ་ཆེ༔ སྐུ་ལ་རྡོ་རྗེའི་གོ་ཁྲབ་གསོལ༔ ཚེམས་ཕྲེང་གངས་རི་དཀར་པོ་འདྲ༔ ཁྲོ་གཉེར་རྒྱ་མཚོའི་གཉེར་མ་འདྲ༔ སྤྱན་གསུམ་ཉི་ཟླ་ཤར་བ་འདྲ༔ དབུ་སྐྲ་དུས་མཐའི་མེ་ལྟར་འབར༔ སྨ་ར་ལྕགས་སྲེག་ཐུར་མ་འདྲ༔ སྨིན་མ་གློག་གི་ཕྲེང་བ་འདྲ༔ ང་རོ་འབྲུག་སྟོང་ལྡིར་བ་འདྲ༔ སྐུ་ནི་རི་རབ་ལྷུན་པོ་འདྲ༔ ཚྭ་ཚྭ་ཐོག་རྒོད་འབར་བ་འདྲ༔ ཕོ་ཉ་མེ་སྟག་འཕྲོ་བ་འདྲ༔ ལས་མཁན་སེར་ཆེན་འབེབས་པ་འདྲ༔ མཚོན་ཐུན་རླུང་ཆེན་གཡོ་བ་འདྲ༔ མེ་དཔུང་ན་བུན་འཐིབས་པ་འདྲ༔ དེ་འདྲའི་ཁྲོ་རྒྱལ་ཆེན་པོ་ཉིད༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྱུང༔ ནམ་མཁར་སྐར་ཚོགས་བཀྲ་བ་འདྲ༔ བར་སྣང་སྤྲིན་དཔུང་གཏིབས་པ་འདྲ༔ ས་གཞིར་སྐྱིན་ཐང་འབེབས་པ་འདྲ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེས་ཤིག་དགྲ་བགེགས་ཤ་ཁྲག་བཞེས༔ མཛོད་ཅིག་མངོན་སྤྱོད་ཕྲིན་ལས་མཛོད༔ ཁྲོཾཿབྷྱོ་ཛ༔ དབུས་ཕྱོགས་སངས་རྒྱས་བྱ་ཁྱུང་གིས༔ རྒྱལ་རིགས་ལས་བྱུང་ཀླུ་གཉན་དང་༔ གཏི་མུག་ལས་སྐྱེས་དགྲ་དང་བགེགས༔ བསྟན་པའི་དགྲ་བོའི་སྟེང་དུ་ཟློག༔ དུས་ངན་ཡོ་ལང་ནད་མུག་མཚོན༔ མདོར་ན་མི་མཐུན་ཕྱོགས་རྣམས་ཀུན༔ བཟློག་ཅིང་བསྒྱུར་བའིི་ཕྲིན་ལས་མཛོད༔ རྨི་ལྟས་མཚན་ངན་ཐན་གྱི་རིགས༔ སྡང་དགྲ་གདུག་པའི་སྲོག་ལ་ཟློག༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་རྒྱལ་བའི་མཐུ་སྟོབས་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཆོས་སྲིད་ཚེ་བསོད་ལོངས་སྤྱོད་ལ༔ བར་ཆད་གནོད་འཚེ་མི་མཐུན་ཕྱོགས༔ མ་ལུས་བསྡུས་ཏེ་དགྲ་ལ་ཟློག༔ སྡང་བར་བྱེད་པའི་དགྲ་དཔུང་ཟློག༔ གནོད་པར་བྱེད་པའི་གདོན་བགེགས་ཟློག༔ བཀའ་སྲུང་ཡོངས་ཀྱི་རྒོལ་བ་ཟློག༔ སྡེ་བརྒྱད་ཡོངས་ཀྱི་རྒོལ་བ་ཟློག༔ སྣང་སྲིད་ལྷ་འདྲེའི་རྒོལ་བ་ཟློག༔ བན་བོན་ཀླ་ཀློའི་མཐུ་ནུས་ཟློག༔ བྱང་ཆུབ་སྒྲུབ་པའི་བར་ཆད་ཟློག༔ ནད་རིམས་ཡམས་ནད་གོད་ཁ་ཟློག༔ སད་སེར་བཙའ་ཐན་ལོ་ནད་ཟློག༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཟློག༔ བྱད་ཕུར་གཏད་ཁྲོམ་ཧོམ་ཟོར་ཟློག༔ མི་ཁ་ཁ་མཆུ་མཁོན་འཐབ་ཟློག༔ རང་བྱེད་རང་ལ་ལྡོག་པ་ཟློག༔ མོ་རྩིས་རྨི་ངན་ཐན་ལྟས་ཟློག༔ སྡང་བར་བྱེད་པའི་དགྲ་ལ་ཟློག༔ གནོད་པར་བྱེད་པའི་བགེགས་ལ་ཟློག༔ རྗེས་ཤུལ་མེད་པར་བཟློག་གྱུར་ཅིག༔ ཧཱུྃ་བྷྱོ་ཛཿཤར་ནས་རྡོ་རྗེ་ཁྱུང་ཆེན་གྱིས༔ རྗེ་རིགས་ལས་བྱུང་ཀླུ་གཉན་དང་༔ ཞེ་སྡང་ལས་གྱུར་དགྲ་དང་བགེགས༔ བསྟན་པའི་དགྲ་བོའི་སྟེང་དུ་ཟློག༔ དུས་ངན་བསྐལ་ངན་གཡོ་འཁྲུགས་དང་༔ ནད་མུག་མཚོན་གྱི་ཡོ་ལང་ཀུན༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ རྨི་ལྟས་ཐན་ལྟས་ངན་པ་དང་༔ ཤར་དང་ཤར་ལྷོའི་མཚམས་ཤེད་ནས༔ དགྲ་གདོན་གནོད་བྱེད་མི་མཐུན་ཕྱོགས༔ རྒོལ་ངན་ཐམས་ཅད་དགྲ་ལ་ཟློག༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སོགས་བདེན་པའི་སྟོབས་ཟློག་འདོན༔ ཁྲོཾ༔ བྷྱོ་ཛཿལྷོ་ཕྱོགས་རཏྣ་ཁྱུང་ཆེན་གྱིས༔ དམངས་རིགས་ལས་གྱུར་ཀླུ་གཉན་དང་༔ ང་རྒྱལ་ལས་བྱུང་དགྲ་དང་བགེགས༔ བསྟན་དགྲ་གདུག་པའི་སྲོག་ལ་ཟློག༔ དུས་ངན་ཡོ་ལང་ནད་མུག་མཚོན༔ རྨི་ངན་མཚན་ངན་ཐན་ལྟས་ངན༔ མདོར་ན་མི་མཐུན་ཕྱོགས་ངན་ཀུན༔ སྡང་དགྲ་གདུག་པའི་སྟེང་དུ་ཟློག༔ དཀོན་མཆོག་གསུམ་སོགས་བཟློག་གྱུར་ཅིག༔ ཁྲོཾཿབྷྱོ་ཛཿནུབ་ནས་པདྨ་ཁྱུང་ཆེན་གྱིས༔ བྲམ་ཟེ་ལས་གྱུར་ཀླུ་གཉན་དང་༔ འདོད་ཆགས་ལས་བྱུང་དགྲ་བགེགས་རྣམས༔ བསྟན་དགྲ་དམ་ཉམས་སྟེང་དུ་ཟློག༔ དུས་ངན་བསྐལ་ངན་ཡོ་ལང་དང་༔ ནད་མུག་མཚོན་འཁྲུགས་བདུད་སྡེ་དཔུང་༔ མ་ལུས་སྡང་བའི་དགྲ་ལ་ཟློག༔ དཀོན་མཆོག་གསུམ་སོགས་བཟློག་གྱུར་ཅིག༔ ཁྲོཾཿབྷྱོ་ཛཿབྱང་ནས་ཀརྨ་ཁྱུང་ཆེན་གྱིས༔ གདོལ་པ་ལས་གྱུར་ཀླུ་གཉན་གདོན༔ ཕྲག་དོག་ལས་བྱུང་དགྲ་བགེགས་རྣམས༔ སྡང་དགྲ་དམ་ཉམས་སྟེང་དུ་ཟློག༔ དུས་ངན་བསྐལ་ངན་ཡོ་ལང་ལས༔ ནད་མཚོན་དུས་འཁྲུག་མུ་གེ་དང་༔ མི་འདོད་སྡུག་བསྔལ་ཉེས་པའི་ཚོགས༔ བསྟན་དགྲ་དམ་ཉམས་སྟེང་དུ་ཟློག༔ དཀོན་མཆོག་གསུམ་སོགས་བཟློག་གྱུར་ཅིག༔ ཁྲོཾཿབྷྱོ་ཛཿབཀའ་སྲུང་ཡོངས་ཀྱི་གནོད་འཚེ་དང་༔ དེ་ཡི་ཐན་ལྟས་ངན་པ་ཀུན༔ བཅོམ་ལྡན་བྱ་ཁྱུང་རིགས་ལྔ་དང་༔ དྲག་པོ་དམར་གྱི་གཏོར་མས་ཟློག༔ སྡེ་བརྒྱད་ཡོངས་ཀྱི་གནོད་འཚེ་དང་༔ དེ་ཡི་ཐན་ལྟས་ངན་པ་ཀུན༔ བཅོམ་ལྡན་བྱ་ཁྱུང་༴ དྲག་པོ་དམར་གྱི༴ སྣང་སྲིད་ལྷ་འདྲེའི་གནོད་འཚེ་དང་༔ དེ་ཡི་ཐན་ལྟས༴ བཅོམ་ལྡན་བྱ་ཁྱུང་༴ དྲག་པོ་དམར་གྱི༴ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ དེ་ཡི་ཐན་ལྟས༴ བཅོམ་ལྡན་བྱ་ཁྱུང་༴ དྲག་པོ་དམར་གྱི༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ དེ་ཡི་ཐན་ལྟས༴ བཅོམ་ལྡན་བྱ་ཁྱུང་༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་༴ དེ་ཡི་ཐན་ལྟས༴ བཅོམ་ལྡན་བྱ་ཁྱུང་༴ དྲག་པོ་དམར་གྱི༴ བན་བོན་ཕྱི་རོལ་དམོད་བྱད་དང་༔ དེ་ཡི་ཐན་ལྟས༴ བཅོམ་ལྡན་བྱ་ཁྱུང་༴ དྲག་པོ་དམར་གྱི༴ འཕྲོག་མ་མ་བུ་ལྔ་བརྒྱ་དང་༔ དེ་ཡི་ཐན་ལྟས༴ བཅོམ་ལྡན་བྱ་ཁྱུང་༴ དྲག་པོ་དམར་གྱི༴ བྱིས་པའི་གདོན་ཆེན་བཅོ་ལྔ་དང་༔ དེ་ཡི་ཐན་ལྟས༴ བཅོམ་ལྡན་བྱ་ཁྱུང་༴ དྲག་པོ་དམར་གྱི༴ ཟ་འདྲེ་ཕུང་སྲི་ཤི་སྲི་དང་༔ དེ་ཡི་ཐན་ལྟས༴ བཅོམ་ལྡན་བྱ་ཁྱུང་༴ དྲག་པོ་དམར་གྱི༴ དམ་སྲི་ཆེ་སྲི་ཆུང་སྲི་དང་༔ དེ་ཡི་ཐན་ལྟས༴ བཅོམ་ལྡན་བྱ་ཁྱུང་༴ དྲག་པོ་དམར་གྱི༴ གཞོན་སྲིད་དར་སྲི་གྲི་སྲི་དང་༴ དེ་ཡི་ཐན་ལྟས༴ བཅོམ་ལྡན་བྱ་ཁྱུང་༴ དྲག་པོ་དམར་གྱི༴ ཕྱི་ཡི་འབྱུང་བ་འཁྲུགས་པ་དང་༔ དེ་ཡི་ཐན་ལྟས༴ བཅོམ་ལྡན་བྱ་ཁྱུང་༴ དྲག་པོ་དམར་གྱི༴ ནང་གི་མ་མོ་ཀླུ་ཡི་གདོན༔ དེ་ཡི་ཐན་ལྟས༴ བཅོམ་ལྡན་བྱ་ཁྱུང་༴ དྲག་པོ་དམར་གྱི༴ གསང་གདོན་གཟུང་འཛིན་དུག་གསུམ་དང་༔ དེ་ཡི་ཐན་ལྟས༴ བཅོམ་ལྡན་བྱ་ཁྱུང་༴ དྲག་པོ་དམར་གྱི༴ མདོར་ན་མི་མཐུན་ཕྱོགས་ཀུན་དང་༴ དེ་ཡི་ཐན་ལྟས༴ བཅོམ་ལྡན་བྱ་ཁྱུང་༴ དྲག་པོ་དམར་གྱི༴ ཁྲོཾཿབྷྱོ་ཛཿབཅོམ་ལྡན་བྱ་ཁྱུང་རིགས་ལྔ་ཡི༔ མཐུ་སྟོབས་ནུས་རྩལ་ཤུགས་ཕྱུང་ལ༔ ཐན་ལྟས་བཟློག་པའི་ལས་མཛོད་ཅིག༔ རྭ་ཡིས་རྭ་ཅན་ལྟས་ངན་ཟློག༔ ནོར་བུས་རྫས་ཀྱི་ལྟས་ངན་ཟློག༔ རལ་པས་རལ་ཅན་ལྟས་ངན་ཟློག༔ མཆུ་ཡིས་མཆུ་ཅན་ལྟས་ངན་ཟློག༔ གཤོག་པས་འདབ་ཆགས་ལྟས་ངན་ཟློག༔ སྡེར་མོས་སྡེར་ཅན་ལྟས་ངན་ཟློག༔ སྤུ་ཡིས་སྤུ་ཅན་ལྟས་ངན་ཟློག༔ དབང་པོས་ཡུལ་དྲུག་ལྟས་ངན་ཟློག༔ སྡང་བར་བྱེད་པའི་དགྲ་ལ་ཟློག༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ གནོད་པར་བྱེད་པའི་བགེགས་ལ་ཟློག༔ བགེགས་དཔུང་ཐལ་བའི་རྡུལ་བཞིན་བརློག༔ ཟ་བར་བྱེད་པའི་འདྲེ་ལ་ཟློག༔ བདག་མེད་སྟོང་པའི་དབྱིངས་སུ་སོད༔ ཕུང་བར་བྱེད་པའི་སྲི་ལ་ཟློག༔ ཡུལ་མེད་ཟང་ཐལ་ཆེན་པོར་ཆོམས༔ དུས་ལ་བབ་བོ་ས་མ་ཡ༔ ཁྲོཾཿབྷྱོ་དགྲ་ལ་བྷྱོ༔ མཱ་ར་ཏུན་བྷྱོ༔ རཀྨོ་རཀྴན་བྷྱོ༔ ཏིང་ཡ་རཀྴན་བྷྱོ༔ ཨེ་ཀ་བྷྱོ་བྷྱོ༔ ཨེ་ས་བྷྱོ་བྷྱོ༔ ཨཿཡཿམཿདུཿརུཿཙཿཤཿནཿགནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ས་མ་ཡ༔ འདི་ཡིས་མི་བཟློག་གང་ཡང་མེད༔ ཉམས་སུ་ལེན་པའི་སྐྱེས་བུ་རྣམས༔ ཕྱི་ནང་བར་ཆད་རྐྱེན་ལས་གྲོལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་འགྲུབ༔ བསྐྱེད་རྫོགས་གདིང་དང་ལྡན་གྱུར་ན༔ དགྲ་དཔུང་རྡོ་རྗེ་ཡིན་ཡང་འཇིག༔ བགེགས་དཔུང་རི་རབ་ཡིན་ཡང་བརླག༔ ཐེ་ཚོམ་མེད་དོ་པདྨའི་བཀའ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདིའང་རང་སློབ་བསོད་ནམས་དཔལ་ལྡན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་དག་པར་ཕབ་པའི་ཡི་གེ་པ་ནི་མི་བསྐྱོད་རྡོ་རྗེ་དང། ཡེ་ཤེས་རབ་འབྱོར་གཉིས་ཀྱིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 10:10, 4 September 2025
| Wylie title | zab gsang mkha' 'gro'i snying thig las: rta mgrin yang khros nag po'i cha lag: khyung nag dug gi spu gri'i sgos sgrub gnam lcags me 'bar: | |
|---|---|---|
| Location | bdud 'joms gling pa zab gter Volume 3, Text 17, Pages 199-220 (Folios 1a1 to 11b3) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las rta mgrin yang khros nag po'i cha lag khyung nag dug gi spu gri'i sgos sgrub gnam lcags me 'bar. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 199-220. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: khyung nag Verso: bdud 'joms rta mgrin yang khros | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Sadhanas - Evocation Ritual - sgrub thabs | |
| Cycle | ཁྲོ་རྒྱལ་ཁམས་གསུམ་རོལ་པ་རྟ་མགྲིན་ཡང་ཁྲོས་ནག་པོ་ (khro rgyal khams gsum rol pa rta mgrin yang khros nag po) | |
| Parent Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Deity | khyung nag | |
| Colophon |
ཞེས་པ་འདིའང་རང་སློབ་བསོད་ནམས་དཔལ་ལྡན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་དག་པར་ཕབ་པའི་ཡི་གེ་པ་ནི་མི་བསྐྱོད་རྡོ་རྗེ་དང། ཡེ་ཤེས་རབ་འབྱོར་གཉིས་ཀྱིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། | |
|
zhes pa 'di'ang rang slob bsod nams dpal ldan gyis bskul ngor khrag 'thung bdud 'joms rdo rje khro lod rtsal gyis dag par phab pa'i yi ge pa ni mi bskyod rdo rje dang/_ye shes rab 'byor gnyis kyis so/ /dge'o/ /dge'o/ /dge'o/ /sarba mang+ga laM// | ||