TTDL-ZABTER-06-CHA-032: Difference between revisions
No edit summary |
m (Text replacement - "༴" to "༴ ") |
||
| (3 intermediate revisions by the same user not shown) | |||
| Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ལ་བརྟེན་ནས༔ ལྟས་ངན་བཟློག་པ་རྡོ་རྗེའི་མེ་རླུང་༔ | |||
|fulltitle=zab gsang mkha' 'gro'i snying thig las: bde gshegs sgrub sde brgyad kyi dkyil 'khor la brten nas: ltas ngan bzlog pa rdo rje'i me rlung: | |||
|citation=Khrag 'thung [[Bdud 'joms gling pa]]. ''Zab gsang mkha' 'gro'i snying thig las bde gshegs sgrub sde brgyad kyi dkyil 'khor la brten nas ltas ngan bzlog pa rdo rje'i me rlung''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 6: 543-553. Thimphu, Bhutan: Lama Kuenzang Wangdue, 2004. | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|collectiontitle=bdud 'joms gling pa zab gter | |collectiontitle=bdud 'joms gling pa zab gter | ||
|author=bdud 'joms gling pa | |author=bdud 'joms gling pa | ||
|sourcerevealer=bdud 'joms gling pa | |sourcerevealer=bdud 'joms gling pa | ||
| | |tibgenre=Averting or Dispelling Rites- zlog pa | ||
|terma=Yes | |terma=Yes | ||
|deity=bka' brgyad | |deity=bka' brgyad | ||
| Line 16: | Line 16: | ||
|parentcycle=zab gsang mkha' 'gro'i snying thig | |parentcycle=zab gsang mkha' 'gro'i snying thig | ||
|parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ | |parentcycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ | ||
|language=Tibetan | |language=Tibetan | ||
|volumenumber=06 | |||
|volnumtib=༦ | |volnumtib=༦ | ||
|volyigtib=ཆ | |volyigtib=ཆ | ||
| | |totalvolumes=21 | ||
|textnuminvol=032 | |textnuminvol=032 | ||
|pagenumbers=543-553 | |||
|totalpages=11 | |||
|beginfolioline=1a1 | |||
|endfolioline=6a6 | |||
|totalfolios=6 | |||
|multivolumework=No | |||
|rectonotes=than zlog | |||
|versonotes=bdud 'joms bka' brgyad gsang 'dus | |||
|colophontib=ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་གདན་དྲངས་ཏེ་མི་ལོ་ཕྲག་བརྒྱད་བར་དུ་བཀའ་རྒྱས་བཏབ་མཐར་རང་སློབ་ཆོས་ཀྱི་བདག་པོ་ཕུན་ཚོགས་བཀྲ་ཤིས་ཀྱིས་བསྐུལ་ངོར་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། | |||
|colophonwylie=zhes pa 'di'ang khrag 'thung bdud 'joms rdo rje khro lod rtsal gyis gser smad rnga rol stag rtse'i g.yas logs shwa brag rdo rje can nas gdan drangs te mi lo phrag brgyad bar du bka' rgyas btab mthar rang slob chos kyi bdag po phun tshogs bkra shis kyis bskul ngor shog ser las zhal bshus te dag par phab pa'i yi ge pa ni yongs grub rig pa'i rdo rje'o/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM// | |||
|pdflink=File:TTDL-ZABTER-06-CHA-032.pdf | |pdflink=File:TTDL-ZABTER-06-CHA-032.pdf | ||
|authortib=བདུད་འཇོམས་གླིང་པ་ | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|volumeLetter=CHA | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-06-CHA | |InitCategories=Dudjom Tersar Project; TTDL-ZABTER-Volume-06-CHA | ||
}} | }} | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ལ་བརྟེན་ནས༔ ལྟས་ངན་བཟློག་པ་རྡོ་རྗེའི་མེ་རླུང་བཞུགས་སོ༔ | ||
ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) དམིགས་མེད་ལྟ་བའི་ངང་ལྡན་པས༔ གཏོར་མ་ཡེ་ཤེས་བདུད་རྩིར་བསྒྱུར༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་འབུལ༔ ཡེ་ཤེས་ལྷ་ཡི་ནུས་པ་བྱུང་༔ གནས་སྐབས་མ་རིག་རྒྱུ་རྐྱེན་ལས༔ བྱུང་བའི་ལྟས་ངན་མི་མཐུན་ཕྱོགས༔ བཟློག་བསྒྱུར་ཕྲིན་ལས་མཛད་པར་བསམ༔ ཧཱུྃ་བྷྱོ༔ ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེ་གང་འདུལ་སྒྱུ་མའི་སྐུར་བཞེངས་པ༔ ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་ལྷ༔ བདེ་གཤེགས་ཞི་བའི་ལྷ་ཚོགས་བཞི་བཅུ་གཉིས༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ མ་རིག་གཟུང་འཛིན་རྐྱེན་སྣང་ལས་བྱུང་བའི༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཉོན་མོངས་བདུད༔ ཀུན་རྟོག་བར་ཆད་རྐྱེན་སྣང་ལྷའི་བུའི་བདུད༔ ན་ཚ་བདེ་སྡུག་ཚོར་བ་ཕུང་པོའི་བདུད༔ སྐྱེ་འཆིའི་འཁོར་ལོ་ཁ་བརྒྱུད་འཆི་བདག་བདུད༔ རྟེན་འབྲེལ་ལོག་པའི་ལམ་གྱུར་མི་མཐུན་ཕྱོགས༔ མ་ལུས་ཞི་ཞིང་བཟློག་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རང་བྱུང་ཡེ་ཤེས་འབར་བའི་རང་རྩལ་ལས༔ མ་རུངས་གདུག་པ་འདུལ་མཛད་ཧེ་རུ་ཀ༔ ངོ་བོ་གཅིག་ལ་སྤྲུལ་པ་ཅིར་ཡང་སྟོན༔ ཞིང་བཅུའི་ལོག་རྟོག་རཱུ་ཏྲ་གཞོམ་མཛད་དཔལ༔ ཉོན་མོངས་ཚུལ་གྱིས་ཉོན་མོངས་གནས་སུ་སྦྱོར༔ འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྣམས༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ དམ་རྫས་སོགས་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ འཁོར་འདས་སྤྱི་དཔལ་བདེ་ཆེན་ཀུན་ཏུ་བཟང་༔ ཡི་དམ་རྒྱ་མཚོའི་ངོ་བོར་ཡོངས་བཞེངས་པ༔ ཆེ་མཆོག་ཧེ་རུ་གནམ་ཞལ་དབྱིངས་ཕྱུག་ཡུམ༔ རིགས་ལྔའི་ཁྲག་འཐུང་ཡབ་ཡུམ་བཅུད་དང་ནི༔ ཕྱོགས་སྐྱོང་ཁྲོ་བཅུ་ཏ་ཀྲྀཏ་སྒོ་བ་བཞི༔ བཀའ་ཉན་ལས་བྱེད་ལྕེ་སྤྱང་མ་མོ་བརྒྱད༔ ཡོན་ཏན་ལྷ་ཚོགས་སུམ་ཅུ་རྩ་དྲུག་རྣམས༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ དམ་རྫས་སོགས་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཐུགས་ཀྱི་ལྷ་མཆོག་ཡང་དག་ཁྲོས་པ་ཆེ༔ རྡོ་རྗེ་ཟ་བྱེད་ཡུམ་དང་གཉིས་མེད་སྦྱོར༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་པ་ལས༔ ཁྲག་འཐུང་ཡབ་ཡུམ་བཅུ་དང་ཀོའུ་རི་བརྒྱད༔ སེང་ཧ་མ་བརྒྱད་དབང་ཕྱུག་ཉེར་བརྒྱད་སོགས༔ ཐུགས་ཀྱི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་རྣམས༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ དམ་རྫས་སོགས་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྐུ་ཡི་ལྷ་མཆོག་འཇམ་དཔལ་གཤིན་རྗེ་གཤེད༔ བེ་ཏ་ནག་མོ་ཡུམ་དང་གཉིས་མེད་སྦྱོར༔ སྒྲོལ་བའི་ཡུམ་ཆེན་ཨེ་ཀ་ཙ་ཏི་དང་༔ གཤེད་ཆེན་བཅུ་གཉིས་ཟླ་ཞག་གུད་ཉེར་བཞི༔ གདོང་མོ་རྣམ་བཞི་གིང་བཞི་བདུད་བཞི་དང་༔ རྩིས་བཞི་སྲོག་གཅོད་ཤན་པ་བཞི་ལ་སོགས༔ སྐུ་ཡི་ལྷ་ཚོགས་ལྔ་བཅུ་རྩ་དགུ་རྣམས༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ དམ་རྫས་སོགས་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ གསུང་གི་ལྷ་མཆོད་དབང་ཆེན་ཧྱ་གྲཱི༔ པདྨ་གཟི་ལྡན་ཡུམ་དང་གཉིས་མེད་སྦྱོར༔ བཀའ་ཉན་སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ ཟིལ་གནོན་ཡེ་ཤེས་ཁྲོ་བཅུ་སྒོ་བ་བཞི༔ ཁམས་བརྒྱ་མ་དྲུག་དམུས་ལོང་རྒྱབ་འབྲེལ་དྲུག༔ འདབ་བཞི་མེ་རླུང་ཆུ་དང་སྣ་ཚོགས་འབྲུག༔ ཁྱི་བརྒྱད་སྤྱང་བརྒྱད་ལས་བྱེད་བསམ་ཡས་འགྱེད༔ གསུང་གི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་རྣམས༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ དམ་རྫས་སོགས་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རྒྱལ་ཀུན་ཕྲིན་ལས་མངའ་བདག་ཁྲོ་བོའི་རྒྱལ༔ རྡོ་རྗེ་གཞོན་ནུ་འཁོར་ལོ་རྒྱས་འདེབས་ཡུམ༔ སྒྲོལ་ཡུམ་ཨེ་ཀ་སྲས་མཆོག་རིགས་ལྔ་དང་༔ ཁྲོ་བཅུ་ཡབ་ཡུམ་སྤྲུལ་པ་ཟ་གསོད་ཚོགས༔ ཁྲ་ཐབས་ཉེར་གཅིག་ཕུར་སྲུང་བཅུ་དྲུག་དང་༔ སྒོ་མ་བཞི་དང་དབང་ཕྱུར་ཉེར་བརྒྱད་སོགས༔ ཕྲིན་ལས་ལྷ་ཚོགས་བདུན་ཅུ་རྩ་གཉིས་རྣམས༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ དམ་རྫས་སོགས་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཟིལ་གནོན་ཡེ་ཤེས་བླ་མེད་ཧེ་རུ་ཀ༔ ཉིད་ཞི་མུ་ཁ་ལེ་དང་གཉིས་མེད་སྦྱོར༔ དབྱིངས་ཡུམ་མ་ལྔ་རྗེ་མོ་བཅུ་གཉིས་དང་༔ སྨན་མོ་ལྔ་བཅུ་རྩ་གཅིག་ལ་སོགས་པ༔ མ་མོ་རྦོད་གཏོང་ལྷ་ཚོགས་བདུན་ཅུ་རྣམས༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ དམ་རྫས་སོགས་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རྒྱལ་ཀུན་བྱིན་རླབས་དབང་བསྒྱུར་རྡོ་རྗེ་ཆོས༔ རྡོ་རྗེ་ཕག་མོ་ཡུམ་དང་གཉིས་མེད་སྦྱོར༔ རིག་འཛིན་རྣམ་བཞི་གིང་བཞི་མཁའ་འགྲོ་བཞི༔ རང་རང་སྒྱུ་འཕྲུལ་སྤྲུལ་པ་བསམ་ཡས་འགྱེད༔ བླ་མ་རིག་འཛིན་ལྷ་ཚོགས་འཁོར་བཅས་རྣམས༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ དམ་རྫས་སོགས་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ མཐུ་སྟོབས་ནུས་པའི་མངའ་བདག་རྡོ་རྗེ་འཛིན༔ སྲིད་པ་སྤྱི་འདུལ་ཡུམ་དང་གཉིས་མེད་སྦྱོར༔ དྲེགས་པའི་སྡེ་དཔོན་སུམ་ཅུ་ལས་ལ་འགྱེད༔ དྲེགས་འདུལ་ལྷ་ཚོགས་སུམ་ཅུ་རྩ་གཉིས་རྣམས༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ དམ་རྫས་སོགས་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དྲག་སྔགས་ནུས་པའི་མངའ་བདག་སྟོབས་པོ་ཆེ༔ འབྱུང་ལྔའི་བདག་མོ་ཡུམ་དང་གཉིས་མེད་སྦྱོར༔ དྲེགས་ཆེན་བཅོ་བརྒྱད་ཡེ་ཤེས་འཇིག་རྟེན་གྱི༔ བསྟན་སྲུང་རྒྱ་མཚོའི་ཚོགས་རྣམས་བྲན་དུ་འགྱེད༔ དམོད་པ་དྲག་སྔགས་ལྷ་ཚོགས་ཉི་ཤུ་པོ༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ དམ་རྫས་སོགས་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དཔལ་གྱི་དཀྱིལ་འཁོར་མུ་རན་སྐྱོང་མཛད་པ༔ དབང་ཕྱུག་ཉེར་བརྒྱད་གིང་ཆེན་བཅོ་བརྒྱད་དང་༔ ལང་ཀ་རྣམ་བཞི་མ་བདུན་སྲིང་མོ་བཞི༔ མཁའ་འགྲོ་སོ་གཉིས་རིགས་ལྔའི་མཁའ་འགྲོ་འབུམ༔ ཕོ་ཉ་སུམ་བརྒྱ་ས་བདག་སུམ་ཅུ་གཉིས༔ བརྟན་མ་བཅུ་གཉིས་ལ་སོགས་བཀའ་སྡོད་རྣམས༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ མ་རིག་གཟུང་འཛིན་རྐྱེན་སྣང་ལས་བྱུང་བའི༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཉོན་མོངས་བདུད༔ ཀུན་རྟོག་བར་ཆད་རྐྱེན་སྣང་ལས་བྱུང་བའི༔ ན་ཚ་བདེ་སྡུག་ཚོར་བ་ཕུང་པོའི་བདུད༔ སྐྱེ་འཆིའི་འཁོར་ལོར་ཁ་བརྒྱུད་འཆི་བདག་བདུད༔ རྟེན་འབྲེལ་ལོག་པའི་ལམ་གྱུར་མི་མཐུན་ཕྱོགས༔ མ་ལུས་ཞི་ཞིང་བཟློག་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དཔལ་ཆེན་ཡོངས་འདུས་ཚོམ་བུ་དགུ་ཡི་ལྷ༔ བཀའ་ཉན་ཕོ་ཉའི་ཚོགས་དང་བཅས་རྣམས་ཀྱིས༔ བརྔན་པའི་མཆོད་གཏོར་དམ་པ་འདི་བཞེས་ལ༔ ལྟས་ངན་ཡོ་ལངས་འཁྲུག་པ་བཟློག་ཏུ་གསོལ༔ རྒྱལ་བཙན་སྡེ་བཞིའི་ཆོ་འཕྲུལ་གཡོ་བ་ལས༔ ལྟས་ངན་བྱོལ་བཞི་སྟོན་པ་བཟློག་ཏུ་གསོལ༔ མཐའ་ཡི་རླངས་པས་དབུས་ཀྱི་ལང་ཚོ་འཕྲོག༔ གསེར་མདོག་གཡའ་ཡིས་འཁྱུད་པ་བཟློག་ཏུ་གསོལ༔ ཆོ་འཕྲུལ་ངན་པས་གདོང་ལྔ་འདམ་ཁྲོད་ལྟུང་༔ མི་བཟོད་མཁའ་འགྲོའི་བཀའ་ཆད་བཟློག༴ སྡིང་ཚང་འཁྲུག་པས་ད་ལ་དམར་གྱིས་བརྒྱན༔ གསོད་གཅོད་གཟེངས་སུ་བསྟོད་པ་བཟློག༴ ཀུ་ཀུའི་ཚོགས་ཀྱིས་གངས་སེང་དཔའ་སྐད་སྒྲོགས༔ དམན་པའི་མགོ་འཕང་མཐོ་བ་བཟློག༴ བྱིས་པའི་ཚོགས་ཀྱིས་མཁའ་དབྱིངས་སྨ་ཕབ་བྱེད༔ རང་འཁྲུལ་དམན་པའི་བསྲེ་བསླད་བཟློག༴ བྱ་རོག་འགྲོས་ཀྱིས་མཁའ་དབྱིངས་གཅོད་སྙམ་པའི༔ བློ་ཆུང་དཔའ་སྐད་མཐོ་བ་ཟློག༴ མདའ་ལྔ་ཡེ་ཤེས་ཆེན་པོར་རློམས་པ་ལས༔ སྡང་ཞེན་ཐ་མལ་སྤྱོད་པ་བཟློག༴ དཔག་ཚད་བྲལ་བའི་མཁའ་དབྱིངས་ལ་གནས་ཏེ༔ མདོ་འབྱམས་ནག་པོས་འཆོལ་སྒྲོགས་བཟློག༴ གསལ་བྱེད་རྟ་བདུན་འོད་ལ་བརྟེན་བཅས་ཏེ༔ རིགས་བྱེད་རྟོག་གེས་གཞལ་བ་བཟློག༴ དབྱིངས་གསུམ་བར་མེད་ཟང་ཐལ་ཆེན་པོ་ལ༔ ཨ་འཐས་མདུད་པས་བཅིང་བ་བཟློག༴ སྲ་བརྟན་འགྱུར་མེད་རི་སུལ་འགྲིམས་བཞིན་དུ༔ སྤྱོད་ངན་གསེར་མིག་ཧ་སྒྲ་བཟློག༴ དག་ཆེན་ཤེལ་གྱི་གཞི་ལ་གནས་བཅས་ཏེ༔ གླང་ནག་རྒྱལ་ཁམས་བགྲོད་པ་བཟློག༴ འཇིགས་མེད་རྡོ་རྗེའི་ཕ་ལམ་བགོ་བཞིན་དུ༔ གྲོལ་ཡུལ་དམར་ཚོགས་བྱེད་པ་བཟློག༴ རྒྱ་སྟག་འཛུམ་པས་ནགས་ཁྲོད་འཛིན་བཞིན་དུ༔ རྔམས་པས་སྲོག་གཅོད་བྱེད་པ་བཟློག༴ ནང་དུ་ཤེས་རབ་མེ་འབར་སྐད་པ་ལ༔ ཕྱི་ནས་ཞེ་སྡང་སྦྲུལ་དཀྲིས་བཟློག༴ སྐྱེ་དམན་སྲེ་མོང་གར་གྱི་ལང་ཚོ་ལས༔ ཕུང་དགུ་ངན་གཏོང་རྩེར་དགུ་བཟློག༴ བཅོ་བརྒྱད་ལྡན་པའི་ཚུལ་དུ་སྟོན་ན་ཡང༔ སྡིག་ཅན་སྲིན་འདྲར་གྱུར་པ་བཟློག༴ མི་ནག་སྡིག་པོ་ཆེ་ཡི་གྲོང་དགུ་ཁྲོད༔ གསང་ཆེན་ཁྲོམ་དུ་བསྒྲགས་པ་བཟློག༴ སྐྱེ་འགྲོ་ཡོངས་ཀྱི་སྤྱོད་པ་སྡིག་དང་འདྲེས༔ ཁ་སྐད་ནེ་ཙོས་ཆོས་གཏམ་བཟློག༴ མཁའ་དབྱིངས་གྲང་ལྷག་ངད་པས་གཟིར་བ་ལས༔ དབུལ་བྱེད་སད་སེར་འཁྲུག་པ་བཟློག༴ སྨོན་ལོག་དམ་ཉམས་མཐའ་རུ་སྟོར་བ་ལས༔ དམག་འཁྲུག་དབུས་སུ་འཚུབས་པ་བཟློག༴ དུས་ཀྱི་དུ་རུ་ངན་པའི་ཕུང་འགྱེད་ཀྱིས༔ མི་འཚམས་མཚོན་ཆས་གཟེངས་པ་བཟློག༴ འཇིག་རྟེན་བྱ་ལས་མི་གཙང་སྦྱོར་བ་ཡིས༔ ནད་ཡམས་ཟུག་རྔུ་སློང་བ་བཟློག༴ གསོད་གཅོད་སྡིག་པའི་ཉོ་ཚོང་བྱས་པ་ཡིས༔ དཀར་ཕྱོགས་ཡུལ་བུད་གྱུར་པ་བཟློག༴ གདོལ་པ་ཀླ་ཀློའི་བསམ་སྤྱོད་བཞིན་བསྒྲུབ་པའི༔ ནག་ཕྱོགས་གོ་འཕང་མཐོ་བ་བཟློག༴ རྫས་ངན་དུ་རུའི་ལས་ལ་ཀུན་སྤྱོད་པས༔ ངན་སོང་འཕེལ་ཁ་ཆེ་བ་བཟློག༴ མི་འགྱུ་དགུ་དྲན་སྤྱོད་པ་བརྟེན་པ་ལས༔ སྣང་བ་ཆོ་འཕྲུལ་འཚུབས་མ་བཟློག༴ ཀུན་གཞིའི་ཀློང་དུ་ཀུན་རྟོག་བསགས་རྒྱ་བསྐྱེད༔ ཀུན་རྨོངས་ཕྲེང་ཐག་སྲ་བ་བཟློག༴ འཁོར་བའི་རྩ་བ་མ་རིག་བག་ཆགས་བསགས༔ ཕྱི་ནང་མདུད་དམ་ལྕི་བ་བཟློག༴ སེང་གེ་གངས་གནས་རོ་རུལ་ཟས་ལ་སྤྱོད༔ མི་འཚང་སྡུག་བསྔལ་བསྒྲུབ་པ་བཟློག༴ གསོ་བྱེད་བདུད་རྩིའི་རྫིང་ལ་ཀུན་སྤྱོད་ཅིང་༔ རྗེས་སུ་རེག་ཕུང་ཚོལ་བ་བཟློག༴ དབྱིངས་གསུམ་ཌཱ་ཀིའི་ཞལ་རླངས་བདུད་རྩི་ཡིས༔ སབྟའི་སྙིང་བསླང་སྒྲོ་སྐུར་བཟློག༴ མདོར་ན་གཉིས་སུ་སྣང་བའི་ལ་ཡོག་གིས༔ མི་འདོད་ཕུང་བྱེད་རྐྱེན་གྱི་སྒོ་བསླང་ནས༔ ཆགས་སྡང་འཁྲུལ་པའི་བྱ་སྤྱོད་ཐན་ལྟས་ཏེ༔ གཞོམ་མེད་རྩ་བྲལ་རིག་སྟོང་ཡེ་ཤེས་ལྷས༔ ཆོས་ཉིད་སྤྲོས་མཐའ་བྲལ་བའི་ངང་དུ་བཟློག༔ དོན་དམ་འགྱུར་བ་མེད་པའི་ས་ཟིན་ཏེ༔ འཁྲུལ་བྲལ་ཡེ་ཤེས་རྡོ་རྗེ་མངོན་གྱུར་ཤོག༔ དེ་ལྟར་རྣལ་འབྱོར་ལྟ་གདིང་ཐོབ་པ་ཡིས༔ གཟུང་འཛིན་གཉིས་སྣང་བར་ཆད་འཆིང་བྱེད་བདུད༔ ཞི་བ་ཆོས་ཉིད་ཆེན་པོར་བཟློག་པའི་མཐུས༔ འགྱུར་མེད་རྡོ་རྗེའི་ས་ཟིན་རྣམ་པར་རྒྱལ༔ ཐེ་ཚོམ་མེད་དོ་རྡོ་རྗེ་པདྨའི་བཀའ༔ ཤིན་ཏུ་ཟབ་པ་ཡང་སྙིང་བླ་མེད་བཅུད༔ འབྲོག་མི་ལོ་ཙཱ་ཆོས་མཛོད་འཛིན་ལ་གཏད༔ ད་དུང་མ་སྤེལ་བརྡར་ཐོབ་གཏེར་དུ་སྦོས༔ མ་འོངས་སྙིགས་མ་ལྔ་ཡི་དུས་སྐབས་སུ༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་དཔལ་དུ་ཤར༔ ཀློང་ཆེན་རྡོ་རྗེ་གཟི་བརྗིད་དབྱིངས་ལ་བསྟིམས༔ འགྱུར་མེད་སཱུཪྻའི་སྙིང་གི་པདྨོར་སད༔ བསྟན་དང་འགྲོ་བའི་དཔལ་དུ་ཨེ་མ་ ཧོཿ བཀའ་གསང་ཐུབ་པར་སྲུངས་ཤིག་སྲོག་བདག་ལྔ༔ སྐལ་མེད་ལག་ཏུ་མ་ཤོར་ཙིཏྟར་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་གདན་དྲངས་ཏེ་མི་ལོ་ཕྲག་བརྒྱད་བར་དུ་བཀའ་རྒྱས་བཏབ་མཐར་རང་སློབ་ཆོས་ཀྱི་བདག་པོ་ཕུན་ཚོགས་བཀྲ་ཤིས་ཀྱིས་བསྐུལ་ངོར་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 10:10, 4 September 2025
| Wylie title | zab gsang mkha' 'gro'i snying thig las: bde gshegs sgrub sde brgyad kyi dkyil 'khor la brten nas: ltas ngan bzlog pa rdo rje'i me rlung: | |
|---|---|---|
| Location | bdud 'joms gling pa zab gter Volume 6, Text 32, Pages 543-553 (Folios 1a1 to 6a6) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bde gshegs sgrub sde brgyad kyi dkyil 'khor la brten nas ltas ngan bzlog pa rdo rje'i me rlung. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 6: 543-553. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: than zlog Verso: bdud 'joms bka' brgyad gsang 'dus | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Averting or Dispelling Rites- zlog pa | |
| Cycle | བདེ་གཤེགས་བཀའ་བརྒྱད་གསང་བ་འདུས་པ་ (bde gshegs bka' brgyad gsang ba 'dus pa) | |
| Parent Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Deity | bka' brgyad | |
| Colophon |
ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་གདན་དྲངས་ཏེ་མི་ལོ་ཕྲག་བརྒྱད་བར་དུ་བཀའ་རྒྱས་བཏབ་མཐར་རང་སློབ་ཆོས་ཀྱི་བདག་པོ་ཕུན་ཚོགས་བཀྲ་ཤིས་ཀྱིས་བསྐུལ་ངོར་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། | |
|
zhes pa 'di'ang khrag 'thung bdud 'joms rdo rje khro lod rtsal gyis gser smad rnga rol stag rtse'i g.yas logs shwa brag rdo rje can nas gdan drangs te mi lo phrag brgyad bar du bka' rgyas btab mthar rang slob chos kyi bdag po phun tshogs bkra shis kyis bskul ngor shog ser las zhal bshus te dag par phab pa'i yi ge pa ni yongs grub rig pa'i rdo rje'o/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM// | ||