TTDL-ZABTER-07-JA-038: Difference between revisions
No edit summary |
m (Text replacement - "༴" to "༴ ") |
||
| (One intermediate revision by the same user not shown) | |||
| Line 43: | Line 43: | ||
ཐྂ༎༔ ན་མོ་གུ་རུ་པདྨ་རཱ་ཛ་ཡེ༔ ({{TibChung|བརྡ་ཡིག་}}) བདུད་འདུལ་དྲག་པོ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ བསྒྲལ་ལས་སྤུ་གྲི་རེག་གཅོད་ཞེས་བྱ་བསྟན༔ ལག་ཏུ་ལེན་པའི་རིམ་པ་ལ༔ དུག་ཁྲག་ལས་བྱུག་དུག་ཤོག་ལ༔ དུག་གི་རཱུ་པ་དབང་ཚང་ནི༔ ཧམ་ཞིང་རིད་ལ་ཉམ་ཐག་བྲིས༔ | ཐྂ༎༔ ན་མོ་གུ་རུ་པདྨ་རཱ་ཛ་ཡེ༔ ({{TibChung|བརྡ་ཡིག་}}) བདུད་འདུལ་དྲག་པོ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ བསྒྲལ་ལས་སྤུ་གྲི་རེག་གཅོད་ཞེས་བྱ་བསྟན༔ ལག་ཏུ་ལེན་པའི་རིམ་པ་ལ༔ དུག་ཁྲག་ལས་བྱུག་དུག་ཤོག་ལ༔ དུག་གི་རཱུ་པ་དབང་ཚང་ནི༔ ཧམ་ཞིང་རིད་ལ་ཉམ་ཐག་བྲིས༔ ཚིག་བཞིར་ཛཿཧཱུྃ་བཾ་ཧོཿ བཀོད༔ འགུགས་མནན་སྔགས་ཀྱིས་མཐའ་བསྐོར་བྱ༔ ཤ་ཁྲག་འདྲེས་པའི་ཟན་ལིང་ལ༔ ཁྲག་གིས་བྲན་ཏེ་ཧོམ་དུ་བཅུག༔ སྐྱེམས་དང་དམར་གཏོར་རཀྟས་བྲན༔ རང་ཉིད་ཁྲོ་མོའི་ང་རྒྱལ་གྱིས༔ ཨེ་ཕཊ༔ རང་ཉིད་ཀྱི་ཕར་མདུན་བསྐྱེད་ཀྱི་ཚུར་བར་དུ་ཨེ་ནག་པོ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་ཁ་དོག་ལ་གཏིང་ཡངས་པ་ཕྱི་ན་ཞེ་སྡང་གི་མེ་དམར་ནག་ཏུ་འབར་བ༔ ནང་དུ་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ༔ བར་ན་གཏི་མུག་གི་མུན་ནག་འཐིབས་པ༔ ང་རྒྱལ་གྱི་བྲག་རི་འུར་དིར་དུ་རྙིལ་བ༔ ཕྲག་དོག་གི་རླུང་དམར་འཚུབས་ཤིང་མཚོན་ཐུན་ནད་དུག་གི་ཆར་འབབ་པ༔ ལས་མཁན་དཔག་ཏུ་མེད་པས་སོད་སོད་དང་༔ ཆོད་ཆོད་ཀྱི་འཇིགས་སྒྲ་དི་རི་རི་སྒྲོགས་པ༔ ཟ་བྱེད་བྱ་གཅན་མང་པོས་ངར་སྐད་འདོན་ཞིང་རྒྱུག་མཆོང་བྱེད་པ༔ ཕྱི་ལ་བྲོས་པའི་ཡུལ་འགགས་ཤིང་ནང་དུ་གབ་པའི་གནས་མེད་པ༔ ཉོན་མོངས་རང་འཆིང་རང་བྱས་ཀྱི་བཙོན་ཁང་ནག་པོའི་དབུས་སུ་ནྲྀ་ཏྲི་ཡོངས་སུ་གྱུར་པ་ལས༔ དམ་ཉམས་པའི་དགྲ་བགེགས་ཐམས་ཅད་འདུས་པའི་ངོ་བོ་གཟུགས་ཁམས་སྐྱེ་མཆེད་ཚང་ཞིང་ཤ་སྔོ་ལ་སྐྱ་བ་ཧམ་ཞིང་རིད་པ༔ ཁ་ངུ་བ་མིག་ཤི་མིག་ལག་པ་མྱང་ངན་གྱི་ཕྱག་རྒྱ་ཅན༔ རྐང་ལག་ལྕགས་སྒྲོག་གིས་བསྡམ་པ༔ འཕར་ཞིང་ལྡང་བའི་སྟོབས་མེད་ཅིང་ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པ་ཞིག་ཏུ་གྱུར༔ ནྲྀ་ཏྲི་ཤ་ཏྲུཾ་སརྦ་ཛ་སྟྭཾ༔ དེ་དག་གི་སྙིང་གར་ནྲྀ་ཏྲི་སྔོ་སྐྱ་ལས་འོད་ཟེར་འཕྲོས་པས་དགྲ་བགེགས་གནོད་བྱེད་ཐམས་ཅད་སྟོང་གསུམ་གང་ན་གནས་ཀྱང་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་རང་དབང་མེད་པར་ཡུད་ཀྱིས་བཀུག་སྟེ་རཱུ་པ་ལ་ཐིམ་པར་བསམ༔ དེ་ནས་རྩ་གསུམ་ལྷ་ཚོགས་ལ༔ གུས་ཤིང་གདུང་བ་དྲག་པོ་ཡིས༔ གཟུ་བཅོལ་དཔང་བཙུགས་འདི་བརྗོད་བྱ༔ ཧོཿ དགོངས་སུ་གསོལ་ལོ༔ ཧོཿ དགོངས་སུ་གསོལ་ལོ༔ ཧོཿ དགོངས་སུ་གསོལ་ལོ༔ བརྒྱུད་གསུམ་རིག་འཛིན་བླ་མ༔ ཡི་དམ་རྒྱུད་སྡེའི་ལྷ་ཚོགས༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ་ཛཿཨེ་ཨ་རལླི་ཕེཾ་ཛཿཏིཥྛ་བཛྲ་ལྷན༔ དམ་ཉམས་པའི་དགྲ་བོ་དང་བདུད་བགེགས་གནོད་བྱེད་འདི་རྣམས་ཀྱིས་བདག་ལ་ཕོད་བཙུགས་ཤིང་༔ དོ་བསྡོས༔ ཡ་བཟུངས༔ ད་ལྟ་བདག་དང་ཡོན་གྱི་བདག་པོའི་སྲོག་ལ་རྔམས་ཤིང་སྡུག་བསྔལ་དྲག་པོའི་གདུང་བ་ཐོག་ཏུ་ཕབ་པ་ཡིན་པས༔ དུས་ད་ལྟ་ཉིད་དུ་བསྒྲལ་བའི་དུས་ལ་བབ་ཡོད་པའི་སྐབས་འདིར་དགྲ་བགེགས་ལས་ངན་འདི་རྣམས་བསྒྲལ་མནན་དྲག་པོའི་མངོན་སྤྱོད་ཀྱི་ཕྲིན་ལས་བསྐུལ་ལོ༔ དེ་དག་གི་ཐུགས་རྗེས་ཡལ་བར་མི་དོར་བར་དཔུང་གྲོགས་མགོན་སྐྱབས་ལ་དགོངས་པར་ཞུ་འཚལ༔ ཨོཾ་བཛྲ་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ༔ ཨ་བྷི་ཙཪྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ ཀྱེ༔ གསོན་ཅིག་དགོངས་ཤིག་རྒྱལ་བ་ཐུགས་དམ་ཅན༔ བརྒྱུད་པའི་བླ་མ་རིག་འཛིན་དམ་ལ་དགོངས༔ ཡི་དམ་དཔའ་བོ་རྒྱ་མཚོ་དམ་ལ་དགོངས༔ མ་རྒྱུད་ཡེ་ཤེས་མཁའ་འགྲོ་དམ་ལ་དགོངས༔ མཁའ་འགྲོ་མ་མོ་ཤུགས་འགྲོ་དམ་ལ་དགོངས༔ བསྟན་སྲུང་དམ་ཅན་རྒྱ་མཚོ་དམ་ལ་དགོངས༔ ཡུལ་ལྷ་གཞི་བདག་ཕོ་མོ་དམ་ལ་དགོངས༔ མ་ཉེས་རང་སར་འདུག་པའི་རྣལ་འབྱོར་ང་༔ རང་དབང་མེད་པར་ཡང་ཡང་རྐྱེན་གྱིས་བཅོམ༔ ད་ནི་འདུག་པའི་དབང་མི་ལྡན་པར་བྱས༔ ང་ནི་མ་ཉེས་མ་ཡོ་མཁྱེན་ལྡན་རྣམས༔ བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས༔ བསླུ་བ་མཁན་གྱིས་འཁོར་བའི་གཡང་སར་བསླུས༔ མཐོ་རིས་ཐར་པའི་ལམ་ལས་རིང་དུ་བཀར༔ སྡུག་བསྔལ་མེད་ལ་སྡུག་བསྔལ་ཁུར་ཆེན་བཀལ༔ ད་ལྟ་སྐད་ཅིག་དལ་ཐོབ་སྐབས་འདིར་ཡང་༔ ལྷ་ཆོས་དོན་གཉེར་སྡིག་པ་སྤངས་པའི་མོད༔ ཉེས་བྱེད་དགྲ་བགེགས་ཕོ་མོ་དགྲ་རུ་ལངས༔ ནག་ཕྱོགས་བདུད་ཀྱི་བསླུ་མི་འཚུབས་བྱུང་ནས༔ དམ་ཆོས་བསྒྲུབ་ལ་བར་ཆད་བརྩམས་ནས་བྱུང་༔ མཁྱེན་ལྡན་རྣམས་ཀྱིས་མཁྱེན་པས་དགོངས་མཛོད་ཅིག༔ མི་འདོར་མཁྱེན་བརྩེ་མངའ་རྣམས་མཁྱེན་རེ་རན༔ རྟག་ཏུ་དམ་ལྡན་དཔུང་ལ་ཡོད་སྲིད་ན༔ ད་ལྟ་བདག་གི་དཔུང་ལ་བྱོན་རེ་རན༔ བཀའ་ཡི་སྲུང་མར་དམ་ཚིག་གནས་གྱུར་ན༔ དམ་ཉམས་དགྲ་བགེགས་ད་ལྟ་གསོད་རེ་རན༔ ཆོས་བཞིན་སྤྱོད་ལ་ནུས་མཐུ་ཡོད་སྲིད་ན༔ ད་ལྟ་བརྣག་པའི་དགྲ་བགེགས་གསོད་རེ་རན༔ དཀོན་མཆོག་གསུམ་ལ་བདེན་པ་ཡོད་སྲིད་ན༔ བསླུ་བྱེད་ནག་ཕྱོགས་བདུད་བགེགས་བསྒྲལ་རེ་རན༔ མཁྱེན་ལྡན་སྲིད་ན་མཁྱེན་པས་དགོངས་རེ་རན༔ མཁྱེན་བརྩེའི་ཐུགས་ཀྱིས་བདག་ལ་ད་དགོངས་ཤིག༔ མི་གནོང་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ༔ ཆོས་སྒྲུབ་རྣལ་འབྱོར་དམ་ལྡན་བདག་ཅག་ནི༔ ཐུགས་རྗེས་ཡལ་བར་དོར་ན་སུ་ལ་རེ༔ སྒོམ་སྒྲུབ་ལྷུར་ལེན་བྱས་པའི་དོན་དེ་གང་༔ མཁྱེན་ཅིག་དགོངས་ཤིག་ཞལ་བཞེས་རྡོ་རྗེའི་ཚིག༔ དམ་ཚིག་དུས་ལ་བབ་པོ་བཛྲ་ས་མ་ཡ༔ ཀྱཻ༔ བརྒྱུད་གསུམ་བླ་མ་གཟུ་དང་དཔང་ལ་དགོངས༔ ཡི་དམ་ལྷ་ཚོགས་གཟུ་དང་དཔང་ལ་དགོངས༔ མ་ཚོགས་མཁའ་འགྲོ༴ བསྟན་སྲུང་ཕོ་མོ༴ རྣལ་འབྱོར་བདག་ནི་མ་ཉེས་མ་ལན་མོད༔ ཆོས་བཞིན་སྤྱོད་ཀྱང་སྡིག་པ་སྒོ་ཉལ་བྱུང་༔ ཚུལ་བཞིན་སྤྱོད་ཀྱང་ཚུལ་མིན་སུན་འབྱིན་བྱུང་༔ སྒོམ་སྒྲུབ་བྱས་ཀྱང་བསླུ་བྱེད་བདུད་ཀྱིས་འཕྲོག༔ གཅིག་པུར་འདུག་ཀྱང་དགྲ་བགེགས་གློ་བུར་ལངས༔ གདུག་ཅན་དམ་ཉམས་དགྲ་བགེགས་ལས་ངན་འདིས༔ ཇི་ལྟར་བྲོས་ཀྱང་མ་ཐར་སླེབས་ནས་བྱུང་༔ གང་ལྟར་གབ་ཀྱང་མ་ཤོར་ཟིན་ནས་བྱུང་༔ ཡས་གླུད་འཇལ་ཀྱང་མ་ཕན་ཇེ་རྔམས་ནས༔ བྲོས་དེད་གབ་ཟིན་ཐར་ཐབས་མ་མཆིས་པས༔ མི་བྱེད་དབང་མེད་དྲག་པོའི་མཐུ་ལ་བརྩོན༔ མ་གཡེལ་མ་འགྱངས་ཡེ་ཤེས་ལྷ་ཚོགས་རྣམས༔ དམ་ཉམས་བསྟན་བཤིག་ལས་ངན་དགྲ་བགེགས་འདིས༔ སངས་རྒྱས་བསྟན་པ་གཉན་པོ་རྫུན་གྱེར་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་འདི་ཡིས་སྨད༔ ཉེས་མེད་སེམས་ཅན་རྣམས་ལ་འདི་ཡིས་འཚེ༔ དགོན་སྡེ་ཚོགས་གྲྭའི་ཆོས་ཁྲིམས་འདི་ཡིས་བཤིག༔ མི་རུང་དགེ་འདུན་ལུས་ལ་མཚོན་དབལ་བཏབ༔ མི་ཕྱེད་མཐུན་པའི་མཆེད་ལྕམ་དབྱེན་གྱིས་ཕྱེས༔ མི་དགེ་སྡིག་པའི་ཁྲིམས་ར་འདི་ཡིས་བཙུགས༔ ལེགས་ལམ་དགེ་བ་བཅུ་བོ་འདི་ཡིས་བཅད༔ ཡེ་ཤེས་ལྷ་ལ་སྐུར་བཏབ་དད་ལྡན་བཟློག༔ བསྟན་སྲུང་དམ་ཅན་རྣམས་ལ་བརྙས་བཙུགས་བྱས༔ བདེན་པའི་དམ་ཆོས་རྫུན་དུ་ཟོང་ལ་གླེང་༔ མཚན་ལྡན་བླ་མའི་སྐུ་ལ་འདི་ཡིས་བསྡོས༔ རྣལ་འབྱོར་བདག་གི་ལུས་སྲོག་དཀོར་ལ་བབས༔ དེ་འདྲའི་ཉེས་ཅན་དམ་ཉམས་ལས་ངན་ནི༔ གང་ན་གནས་ཀྱང་མྱུར་དུ་ཁུག་ལ་སྒྲོལ༔ ཁྱེད་ཅག་དམ་ཚིག་ཐུགས་དམ་དུས་ལ་བབ༔ མ་གཡེལ་མ་འགྱངས་བླ་མ་དཀོན་མཆོག་གསུམ༔ ད་ལྟ་ཉིད་དུ་དྲག་པོའི་ཕྲིན་ལས་མཛོད༔ ཡེ་ཤེས་དང་ནི་ལས་ལ་གྲུབ་པ་ཡི༔ བཀའ་ཡི་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས༔ མཆོད་སྦྱིན་སྐྱེམས་དང་དམར་གཏོར་འདི་བཞེས་ལ༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ འཇིག་རྟེན་ལས་འདས་འཇིག་རྟེན་ཚུལ་འཛིན་པའི༔ གསང་སྔགས་བཀའ་ཡི་སྲུང་མ་ཐམས་ཅད་ཀྱིས༔ མཆོད་སྦྱིན་སྐྱེམས་དང་དམར་གཏོར་འདི་བཞེས་ལ༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ མཐུ་རྩལ་རྫུ་འཕྲུལ་ཐོགས་པ་མི་མངའ་བའི༔ མྱུར་མགྱོགས་ཤུགས་ལྡན་ཡུལ་ལྷ་གཞི་བདག་རྣམས༔ མཆོད་སྦྱིན་སྐྱེམས༴ དམ་ཉམས་དགྲ་བགེགས༴ དུས་ལ་བབ་པོ་བཛྲ་ས་མ་ཡ༔ དམ་ཚིག་གཉན་གྱིས་ཕྲིན་ལས་བཅོལ་བ་ཡིན༔ མ་འདའ་དམ་ཚིག་དབང་གིས་མྱུར་དུ་སྒྲུབས༔ ཡིད་ལ་བརྣག་པའི་དགྲ་བགེགས་འདི་རྣམས་ཀྱང་༔ རི་བོའི་རྩེ་དང་རྒྱ་མཚོའི་གཏིང་ལ་སོགས༔ ཁམས་གསུམ་གང་ན་ཡོད་ཀྱང་མ་ཤོར་བར༔ ལས་ཀྱི་ལིང་ག་འདི་ལ་གཉིས་མེད་ཁུག༔ ཨོཾ་སརྦ་བུདྡྷ་དྷརྨ་སངྒ་བཛྲ་ས་མ་ཡ༔ གུ་རུ་དྷེ་ཝ་ཌཱཀྐི་ནཱི་བཛྲ་ས་མ་ཡ༔ སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ས་མ་ཡ༔ དམ་ཚིག་དུས་ལ་བབ་བོ༔ དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་དུས་ལ་བབ་བོ༔ དུས་ད་ལྟའོ༔ ཞག་དོ་ནུབ་བོ༔ ལས་དེ་ལས་མ་འགྱངས༔ དེ་ལས་མ་འདའ་བར་དམ་ཚིག་གིས་བསྐུལ༔ དད་པས་འབོད༔ རེ་བས་བསྒྲུབ༔ དོན་མཆིས་པས་མཛོད༔ ཁྱེད་ཅག་གི་ཞལ་བཞེས་རྡོ་རྗེའི་ཚིག༔ བདག་གི་བསྐུལ་འབོད་ཀྱང་རྡོ་རྗེའི་ཚིག་དཔང་དུ་མཆིས་སོ༔ བཛྲ་ས་མ་ཡ༔ བཛྲ་ས་མ་ཡ༔ བཛྲ་ས་མ་ཡ༔ སྐབས་འདིར་འགུགས་འདྲེན་རྡོ་རྗེའི་ལྕགས་ཀྱུ་བྱའོ༔ དེ་ནས་འགུགས་པ་ནི༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོའི་ཐུགས་དམ་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་གནོད་བྱེད་རྣམས༔ ཁམས་གསུམ་སྲིད་གསུམ་གང་ན་གནས་གྱུར་ཀྱང་༔ གཟུགས་བྱང་ལིང་ག་འདི་ལ་མྱུར་དུ་ཁུག༔ ཨོཾ་ཀརྨ་ཌཱཀྐི་ནཱི་སེང་ཧ་མུ་ཁ་སརྦ་ས་མ་ཡ༔ དགྲ་བགེགས་གནོད་བྱེད་ཆེ་གེ་མོ་སརྦ་ཨཾ་ཀུ་ཤ་ཛ༔ དེ་ནས་བྱད་དུ་འཇུག་པ་ནི༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོ་མ་ཚོགས་དབྱིངས་ནས་བཞེངས༔ དྲག་པོའི་ཕྲིན་ལས་མྱུར་མཛད་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ལས་ངན་རྣམས༔ ལུས་ངག་ཡིད་གསུམ་གྲུ་གུ་ཐུལ་དུ་ཆིངས༔ ཨོཾ་ཀརྨ་ཌཱཀྐི་ནཱི་སོགས༔ དགྲ་བགེགས་ནྲྀ་ཏྲི་ཨ་པ་ན་ཡ་ཧཱུྃ་བྷྱོ་ཕཊ༔ དེ་ནས་ལྷ་དང་ཕྲལ་བ་ནི༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོ་མ་ཚོགས་མཐུ་རྩལ་ཅན༔ དྲག་པོའི་མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་གདོན་བགེགས་ཚོགས་རྣམས༔ མགོན་སྐྱབས་བྱེད་པའི་ལྷ་དང་ཕྲལ་བར་གྱིས༔ རྩ་སྔགས་དང༔ ནྲྀ་ཏྲི་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཀྴ་རཱུ་ཏྲ་མཱ་ར་ཡ་ཕྱེས་ཕྱེས་ཧཱུྃ་བྷྱོ་ཕཊ༔ དེ་ནས་སྨྱོ་རུ་གཞུག་པ་ནི༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོ་མ་ཚོགས་ཐམས་ཅད་ཀྱིས༔ དྲག་པོའི་མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་གདོན་བགེགས་ཚོགས་རྣམས༔ ལུས་ངག་ཡིད་གསུམ་སྨྱོ་བརྒྱལ་རེངས་སུ་ཆུག༔ རྩ་སྔགས་དང་ནྲྀ་ཏྲི་དགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་བྷྱོ་ཕཊ༔ དེ་ནས་རྡུལ་དུ་བརླག་པ་ནི༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོ་མ་ཚོགས་འཁོར་དང་བཅས༔ དྲག་པོའི་མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་མ་ལུས་པ༔ ཕྱེ་མར་ཐུལ་ཅིག་ཐལ་བའི་རྡུལ་དུ་རློག༔ རྩ་སྔགས་དང༔ དགྲ་བགེགས་ནྲྀ་ཏྲི་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ དེ་ནས་ཕུར་ཐུན་ཐོགས་ལ༔ ཧཱུྃ་བྷྱོ༔ མཁའ་འགྲོ་སེང་གདོང་ལྷ་ཚོགས་དབྱིངས་ནས་བཞེངས༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ དམ་ཉམས་སྡིག་ཅན་སྡང་བའི་དགྲ་བགེགས་ལ༔ རྡོ་རྗེ་ཕུར་པའི་དབལ་ཐོབ་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྦོར༔ ཉོན་མོངས་འཁྲུལ་བའི་རྣམ་རྟོག་རྩད་ནས་ཆོད༔ ཨོཾ་ཀརྨ་ཌཱཀྐི་ནཱི་སེང་ཧ་མུ་ཁ་བཛྲ་ས་མ་ཡ༔ དགྲ་བགེགས་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད་ནན་ཐུན་བྷྱོ༔ ཡུངས་ཐུན་ཐོགས་ལ༔ ཧཱུྃ་བྷྱོ༔ མཁའ་འགྲོ་སེང་གདོང་ལྷ་ཚོགས་དབྱིངས་ནས༴ དམ་ཚིག་ཐུགས་དམ་ཆེན་པོའི་དུས༴ དམ་ཉམས་སྡིག་ཅན་སྡང་བའི༴ ཡུངས་ཐུན་དྲག་པོ་ཐོབ་ལ་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་ཀྱི༴ ཉོན་མོངས་འཁྲུལ་བའི་རྣམ་རྟོག་རྩད་ནས་ཆོད༔ ཐུན་སྔགས༔ ཁྲག་ཐུན་ཐོགས་ལ༔ ཧཱུྃ་བྷྱོ༔ མཁའ་འགྲོ་སེང་གདོང་ལྷ་ཚོགས་དབྱིངས༴ དམ་ཚིག་ཐུགས་དམ༴ དམ་ཉམས་དགྲ་བགེགས་ལུས་ངག་ཡིད་གསུམ་ལ༔ ཁྲག་ཐུན་དྲག་པོ་ཐོབ་ལ་རྡུལ༴ རྣམ་པར་ཤེས༴ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད༴ ཐུན་སྔགས༔ མཚེ་ཐུན་ཐོགས་ལ༔ ཧཱུྃ་བྷྱོ༔ མཁའ་འགྲོ་སེང་གདོང་ལྷ་ཚོགས་དབྱིངས་ནས༴ དམ་ཚིག་ཐུགས་དམ༴ དམ་ཉམས་དགྲ་བགེགས་ལུས༴ མཚེ་ཐུན་དྲག་པོ་ཐོབ༴ རྣམ་པར་ཤེས་པ༴ ཉོན་མོངས་འཁྲུལ་བའི༴ ཐུན་སྔགས༔ དུག་ཐུན་ཐོགས་ལ༔ ཧཱུྃ་བྷྱོ༔ མཁའ་འགྲོ་སེང་གདོང་ལྷ་ཚོགས་དབྱིངས༴ དམ་ཚིག་ཐུགས་དམ༴ དམ་ཉམས་དགྲ་བགེགས་ལུས༴ དུག་ཐུན་དྲག༴ རྣམ་པར་ཤེས་པ༴ ཉོན་མོངས་འཁྲུལ་པའི༴ ཐུན་སྔགས༔ མཚོན་ཐུན་ཐོགས་ལ༔ ཧཱུྃ་ཧྲཱིཿ མཁའ་འགྲོ་སེང་གདོང་ལྷ་ཚོགས༴ དམ་ཚིག་ཐུགས་དམ༴ དམ་ཉམས་དགྲ་བགེགས་ལུས༴ མཚོན་ཆ་སྣ་ཚོགས་དབལ་ཐོབ་རྡུལ༴ རྣམ་པར་ཤེས་པ༴ ཉོན་མོངས་འཁྲུལ་པའི༴ ཐུན་སྔགས༔ མདའ་ཐུན་ཐོགས་ལ༔ ཧཱུྃ་བྷྱོ༔ མཁའ་འགྲོ་བདུད་འདུལ་དྲག་མོའི་དུས་ལ་བབ༔ ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས༔ དམ་ཉམས་དགྲ་བགེགས་ལུས༴ མདའ་ཐུན་དྲག་པོ༴ རྣམ་པར་ཤེས༴ ཉོན་མོངས་འཁྲུལ༴ ཐུན་སྔགས༔ རྡོ་ཐུན་ཐོགས་ལ༔ ཧཱུྃ་བྷྱོ༔ མཁའ་འགྲོ་སེང་གདོང་ལྷ་ཚོགས་དབྱིངས་ནས་བཞེངས༔ ཁྱེད་ཀྱི་དམ་ཚིག་ཐུགས་དམ་དུས༴ དམ་ཉམས་དགྲ་བགེགས་ལུས༴ རྡོ་ཐུན་དྲག་པོ༴ རྣམ་པར་ཤེས་པ༴ ཉོན་མོངས་འཁྲུལ་པའི༴ ཐུན་སྔགས༔ དམར་གཏོར་ཐོགས་ལ༔ ཧཱུྃ་བྷྱོ༔ མཁའ་འགྲོ་སེང་གདོང་ལྷ་ཚོགས་དབྱིངས་ནས༴ ཁྱེད་ཀྱི་དམ་ཚིག་ཐུགས་དམ་དུས༴ དམ་ཉམས་དགྲ་བགེགས་ལུས༴ དམར་གཏོར་དྲག་པོའི་དབལ་ཐོབ༴ རྣམ་པར་ཤེས་པ༴ ཉོན་མོངས་འཁྲུལ་པའི༴ ཐུན་སྔགས༔ དེ་ནས་ས་ཐུན་ཐོགས་ལ༔ ཧཱུྃ་བྷྱོ༔ སུཾ༔ སྐུ་གསུམ་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ དམ་ཉམས་དགྲ་བགེགས་ལུས༴ ས་ཐུན་དྲག་པོས་ས་ཁམས་རང་གཤེད་ཕོབ༔ རྣམ་པར་ཤེས་པ༴ ཉོན་མོངས་འཁྲུལ༴ ཐུན་སྔགས༔ ཆུ་ཐུན་ཐོགས་ལ༔ ཧཱུྃ་བྷྱོ༔ བཾ༔ སྐུ་གསུམ་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ བཞེངས་ཤིག་ཆོས་ཀྱི༴ དམ་ཉམས༴ ཆུ་ཐུན་དྲག་པོས་ཆུ་ཁམས་རང་གཤེད་ཕོབ༔ རྣམ་པར་ཤེས་པ༴ ཉོན་མོངས༴ ཐུན་སྔགས༔ མེ་ཐུན་ཐོགས་ལ༔ ཧཱུྃ་བྷྱོ༔ རཾ༔ སྐུ་གསུམ་འབུམ་ཕྲག་ཡངས་པའི༴ བཞེངས་ཤིག་ཆོས་ཀྱི༴ དམ་ཉམས༴ མེ་ཐུན་དྲག་པོས་མེ་ཁམས་རང༴ རྣམ་པར་ཤེས་པ༴ ཉོན་མོངས༴ ཐུན་སྔགས༔ རླུང་ཐུན་གཡབ་ལ༔ ཧཱུྃ་བྷྱོ༔ ཡཾ༔ སྐུ་གསུམ་འབུམ་ཕྲག༴ བཞེངས་ཤིག༴ དམ་ཉམས༴ རླུང་ཐུན་དྲག་པོས་རླུང༴ རྣམ་པར་ཤེས༴ ཉོན་མོངས༴ དེ་ནས་མཁའ་འགྲོ་སྡེ་ལྔའི་ཐུན་གདབ་ལ༔ དང་པོ་ལྕགས་དང་མཁར་གོང་ཕྱེ་གདབ་པ་ནི༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་སྤྲུལ་པའི་ལྷ༔ མི་འགྱུར་གསང་བ་མཆོག་གི་དཀྱིལ་འཁོར་ནས༔ མཁའ་འགྲོའི་གཙོ་མོ་སེང་གེའི་གདོང་པ་ཅན༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་འཁོར་དང་བཅས༔ བཞེངས་ཤིག་ཆོས་ཀྱི༴ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ དུག་གསུམ་ཉོན་འཁྲུལ་གདུག་བྱེད་དགྲ་བགེགས་རྣམས༔ སྐུ་གསུམ་ཡེ་ཤེས་ཆེན་པོའི་ངང་དུ་སོད༔ ཁྱབ་གདལ་ཀློང་དུ་བདེ་བར་གཤེགས་གྱུར་ཅིག༔ རྩ་སྔགས༔ དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ གཉིས་པ་ཡུངས་ནག་གདབ་པ་ནི༔ ཧཱུྃ་བྷྱོ༔ ཆོས་དབྱིངས་ངང་ལས་རང་བྱུང་མཁའ་འགྲོ་མ༔ མི་འགྱུར་གསང་ཆེན་རོལ་པའི་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ་མ་ཚོགས་མཐུ་རྩལ་ཅན༔ བཞེངས་ཤིག་ཆོས་ཀྱི་དབྱིངས༴ མངོན་སྤྱོད་དྲག་པོའི་ཕྲིན་ལས༴ ཞེ་སྡང་ཉོན་འཁྲུལ་གདུག༴ མེ་ལོང་ཡེ་ཤེས་ཆེན༴ འཁྲུལ་མེད་ངང་དུ་བདེ༴ རྩ་སྔགས༔ དགྲ་བགེགས་སརྦ༴ གསུམ་པ་ཀེ་མཚེ་ཤངས་མཚེ་གདབ་པ་ནི༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་༴ མི་འགྱུར་གསང་ཆེན་རོལ་པའི༴ རིན་ཆེན་མཁའ་འགྲོ་མ་ཚོགས༴ བཞེངས་ཤིག༴ མངོན་སྤྱོད༴ ང་རྒྱལ་ཉོན༴ མཉམ་ཉིད་ཡེ་ཤེས༴ འཁྲུལ་མེད་ངང་དུ་བདེ༴ རྩ་སྔགས༔ དགྲ་བགེགས་སརྦ༴ བཞི་པ་ཚ་དང་སྒོག་པ་གདབ་པ་ནི༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ལས༴ མི་འགྱུར་གསང་ཆེན༴ པདྨ་མཁའ་འགྲོ་མ་ཚོགས༴ བཞེངས་ཤིག༴ མངོན་སྤྱོད་དྲག་པོའི༴ འདོད་ཆགས་ཉོན༴ སོར་རྟོག་ཡེ་ཤེས༴ འཁྲུལ་མེད་ངང་༴ རྩ་སྔགས༔ དགྲ་བགེགས༴ ལྔ་པ་གཡེར་མ་གདབ་པ་ནི༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ལས༴ མི་འགྱུར་གསང་ཆེན༴ ལས་ཀྱི་མཁའ་འགྲོ༴ བཞེངས་ཤིག༴ མངོན་སྤྱོད་དྲག་པོའི༴ ཕྲག་དོག་ཉོན་མོངས༴ བྱ་གྲུབ་ཡེ་ཤེས༴ འཁྲུལ་མེད་ངང་༴ རྩ་སྔགས༔ དགྲ་བགེགས༴ དེ་ནས་སྒོ་བཞིའི་མཁའ་འགྲོའི་ཐུན༔ དང་པོ་བུར་ཐོག་གདབ་བྱས་ཏེ༔ ཧཱུྃ་ཛཿཆོས་ཀྱི་དབྱིངས་ལས་རང་༴ སྙིང་རྗེའི་རང་མདངས་སྒོ་མ་ལྕགས་ཀྱུ་མ༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་དུས༴ སྡིག་ཅན་སྡང་བར་བྱེད་པའི་དགྲ་དང་བགེགས༔ ཟུངས་ཤིག་སྒྲོལ་ཅིག་བཛྲ་ཨཾ་ཀུ་ཛཿགཉིས་པ་ཐལ་བ་གདབ་པ་ནི༔ ཧཱུྃ་ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་༴ བྱམས་པའི་རང་མདངས་སྒོ་མ་ཞགས་པ་མ༔ ཁྱེད་ཀྱི་ཐུགས་དམ་གཉན་པོ༴ སྡིག་ཅན་སྡང་བར་བྱེད་པའི་དགྲ་དང་༴ ཆིངས་ཤིག་སྒྲོལ་ཅིག་རཏྣ་པཱ་ཤ་ཧཱུྃ༔ གསུམ་པ་རམ་པ་གདབ་པ་ནི༔ ཧཱུྃ་བཾ༔ ཆོས་ཀྱི་དབྱིངས་ལས་རང་༴ དགའ་བའི་རང་དམངས་སྒོ་མ་ལྕགས་སྒྲོག་མ༔ ཁྱེད་ཀྱི་ཐུགས་དམ༴ སྡིག་ཅན་སྡང་བར༴ སྡོམས་ཤིག་སྒྲོལ་ཅིག་པདྨ་སྥོ་ཊ་བཾ༔ བཞི་པ་བྲ་བོ་གདབ་པ་ནི༔ ཧཱུྃ་ཧོཿ ཆོས་ཀྱི་དབྱིངས་ལས༴ བཏང་སྙོམས་རང་མདངས་སྒོ་མ་དྲིལ་བུ་མ༔ ཁྱེད་ཀྱི་ཐུགས་དམ༴ སྡིག་ཅན༴ ཕོབ་ཅིག་སྒྲོལ་ཅིག་ཀརྨ་གྷཎྜེ་ཧོཿ མིན་ན་ལས་བཞིའི་མཚོན་གྱིས་གདབ༔ དེ་ནས་གྲི་གུག་གདབ་པ་ནི༔ ཧཱུྃ་བྷྱོ༔ མི་འཇིགས་གནམ་ལྕགས་རྡོ་རྗེ་ལས་གྲུབ་པའི༔ གྲི་གུག་འབར་བས་ཉོན་མོངས་རྩད་ནས་གཅོད༔ དགྲ་བགེགས་ཉོན་འཁྲུལ་ཕུང་པོར་ད་གདབ་བོ༔ གཟུང་འཛིན་འཁྲུལ་པའི་རྩ་བ་ཆོད་གྱུར་ཅིག༔ རྩ་སྔགས༔ དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནན་ཐུན་བྷྱོ༔ དེ་ནས་ཁ་ཊྭཱཾ་གདབ་པ་ལ༔ ཧཱུྃ་བྷྱོ༔ མི་འཇིགས་གནམ་ལྕགས་རྡོ་རྗེ་ལས་གྲུབ་པའི༔ ཁ་ཊྭཱྃ་འབར་བས་དུག་གསུམ་རྩད་ནས་གཅོད༔ དགྲ་བགེགས་ཉོན་མོངས་འཁྲུལ་པའི་ཕུང་པོར་གདབ༔ ཉོན་མོངས་དུག་གསུམ་སྐུ་གསུམ་ཀློང་དུ་སྒྲོལ༔ རྩ་སྔགས༔ དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ་བྷྱོ༔ གསང་ཆེན་རོལ་བའི་དུར་ཁྲོད་ཆེན་པོ་ནས༔ མཁའ་འགྲོའི་གཙོ་མོ་སེང་གེའི་གདོང་པ་ཅན༔ ཕྱེས་ཤིག་ཁམས་གསུམ་རོལ་པའི་ཞལ་ཕྱེས་ཤིག༔ དུག་གསུམ་དགྲ་བགེགས་སྐུ་གསུམ་ཀློང་དུ་རོལ༔ ཧཱུྃ༔ མེ་ལོང་ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ རྡོ་རྗེ་མཁའ་འགྲོ་མ་ཚོགས་འཁོར་དང་བཅས༔ ཕྱེས་ཤིག་ཁམས་གསུམ་རོལ་པའི་ཞལ༴ ཞེ་སྡང་དགྲ་བགེགས་ཆོས་ཉིད་ཀློང་དུ༴ ཧཱུྃ༔ མཉམ་ཉིད་ཡེ་ཤེས་རོལ་པའི་དཀྱིལ་འཁོར༴ རིན་ཆེན་མཁའ་འགྲོ་མ་ཚོགས་འཁོར༴ ཕྱེས་ཤིག་ཁམས་གསུམ་རོལ་པའི༴ ང་རྒྱལ་དགྲ་བགེགས་ཆོས་ཉིད་ཀློང༴ ཧཱུྃ༔ སོར་རྟོག་ཡེ་ཤེས་རོལ༴ པདྨ་མཁའ་འགྲོ་མ༴ ཕྱེས་ཤིག་ཁམས་གསུམ༴ འདོད་ཆགས་དགྲ་བགེགས༴ ཧཱུྃ༔ བྱ་གྲུབ་ཡེ་ཤེས་རོལ་པའི༴ ལས་ཀྱི་མཁའ་འགྲོ་མ༴ ཕྱེས་ཤིག༴ ཕྲག་དོག་དགྲ་བགེགས་ཆོས༴ ཨོཾ་མ་ཧཱ་ཀྲོ་ཏི་སེང་ཧ་མུ་ཁ་བཾ་ཧ་རི་ནི་ས་མཿབྷྱོ་ཛཿཧྲཱིཾཿཨཿཀཿསཿམཿརཿཙཿཤཿདཿརཿས༔ དགྲ་བགེགས་མཿརཿཡ༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ ཁམས་ཆེན་བཅོ་བརྒྱད་ལ་ཁཱ་ཧི༔ སྐྱེ་མཆེད་བཅུ་གཉིས་ལ་ཁཱ་ཧི༔ ཕུང་པོ་རྣམ་ལྔ་ལ་ཁཱ་ཧི༔ དབང་ལྔ་ཡུལ་བཅས་ལ་ཁ་རཾ་ཁཱ་ཧི༔ ཧ་ཧ་ཧི་ཧི་ཧེ་ཧེ་ཧོ་ཧོ་ཧཱུྃ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ས་མ་ཡ༔ མ་འོངས་དུས་ཀྱི་གང་ཟག་རྣམས༔ རྣལ་འབྱོར་ལས་ཀ་འདི་ལས་མེད༔ བསད་འདྲེན་གནད་དང་ལྡན་པ་ཡིས༔ འདི་ལ་བརྩོན་པའི་གང་ཟག་གི༔ འདོད་དོན་འབད་མེད་ལྷུན་གྱིས་འགྲུབ༔ མཁའ་འགྲོ་སྒྲུབ་པའི་གང་ཟག་ལ༔ ཉེས་བྱེད་དགྲ་བགེགས་གང་བྱུང་ཡང་༔ དྲག་ལས་འདི་ལ་བརྩོན་པར་གྱིས༔ དགྲ་བགེགས་གནོད་བྱེད་གང་ལ་ཡང་༔ འདི་བཞིན་བརྩོན་པས་ངེས་པར་ཐུབ༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ གུ་རུའི་བཀའ་བཞིན་གསང་བའི་མཛོད༔ འོད་གསལ་གསང་བའི་བརྡ་རིས་བྲིས༔ མ་མོ་སྲིད་པའི་རྒྱལ་མོ་དང་༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་དང་༔ གསང་སྔགས་སྲུང་མ་ཡོངས་ལ་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ དམ་ལྡན་རྣམས་ཀྱི་གྲོགས་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་མ་ནུས་སྤྲང་པོ་གླིང་པ་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བཞི་བཅུ་རྩ་གསུམ་བར་དུ་བཀའ་རྒྱས་བཏབ་མཐར་རྟེན་འབྲེལ་དུས་ལ་བབ་དུས་རྡོ་སྟོད་སྐལ་བཟང་དགོན་དུ་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེའི་མཐུན་རྐྱེན་རྣལ་འབྱོར་ངག་དབང་ཕྲིན་ལས་ཀྱིས་བགྱིས་པའི་དགེ་བས་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་ཅིང་བྱད་མ་དང་བདུད་དཔུང་གཞོམ་པའི་མཚོན་ཆ་རུ་འགྱུར་བར་ཤོག་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 10:10, 4 September 2025
| Wylie title | zab gsang mkha' 'gro'i snying thig las: nang sgrub seng ge'i gdong can ma'i: bsgral las spu gri reg gcod: | |
|---|---|---|
| Location | bdud 'joms gling pa zab gter Volume 7, Text 38, Pages 509-527 (Folios 1a1 to 10a5) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las nang sgrub seng ge'i gdong can ma'i bsgral las spu gri reg gcod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 509-527. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: bsgral las Verso: bdud 'joms mkha' 'gro seng gdong | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Activity Practices - las tshogs | |
| Cycle | ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma) | |
| Parent Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Deity | mkha' 'gro gsang ba ye shes | |
| Colophon |
ཞེས་པ་འདི་ཡང་མ་ནུས་སྤྲང་པོ་གླིང་པ་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བཞི་བཅུ་རྩ་གསུམ་བར་དུ་བཀའ་རྒྱས་བཏབ་མཐར་རྟེན་འབྲེལ་དུས་ལ་བབ་དུས་རྡོ་སྟོད་སྐལ་བཟང་དགོན་དུ་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེའི་མཐུན་རྐྱེན་རྣལ་འབྱོར་ངག་དབང་ཕྲིན་ལས་ཀྱིས་བགྱིས་པའི་དགེ་བས་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་ཅིང་བྱད་མ་དང་བདུད་དཔུང་གཞོམ་པའི་མཚོན་ཆ་རུ་འགྱུར་བར་ཤོག་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། | |
|
zhes pa 'di yang ma nus sprang po gling pa bdud 'joms rdo rjes gter nas bton te mi lo bzhi bcu rtsa gsum bar du bka' rgyas btab mthar rten 'brel dus la bab dus rdo stod skal bzang dgon du shog ser las zhal bshus te dag par phab pa'i yi ge'i mthun rkyen rnal 'byor ngag dbang phrin las kyis bgyis pa'i dge bas phrin las rab 'byams thogs med du 'grub cing byad ma dang bdud dpung gzhom pa'i mtshon cha ru 'gyur bar shog cig_/dge'o/_/dge'o/_/dge'o/_/sarba mang+ga laM// | ||