TTDL-ZABTER-12-NA-078: Difference between revisions

From Dudjom Wiki
TTDL-ZABTER-12-NA-078
No edit summary
m (Text replacement - "ཧོཿ" to "ཧོཿ ")
 
Line 40: Line 40:




དྡྂ།༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  སྨིན་བྱེད་དབང་གི་འཇུག་སྒོ་ལ༔ བུམ་ཐོད་མེ་ལོང་ཤེལ་རྡོ་དང་༔ གཏོར་མ་བརྗིད་ལྡན་བཤམས་བྱས་ཏེ༔ གཞུང་བསྲངས་བསྙེན་པ་གྲངས་ཐེམས་མཐར༔ སློབ་མ་གྲལ་དུ་འཁོད་བྱས་ཏེ༔ ཁྲུས་བྱ་བགེགས་བསྐྲད་སྲུང་འཁོར་བསྒོམ༔ སྐྱབས་སེམས་ཕོག་མཐར་མཎྜལ་ཕུལ༔ དེ་ནས་གསོལ་བ་གདབ་པ་ལ༔ ཀྱཻ་ཧོཿདཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་དཔལ༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ ཡེ་ཤེས་མཁའ་འགྲོའི་དབང་བསྐུར་སྩོལ༔ ལན་གསུམ་མཐར༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ དད་པ་དམ་ཚིག་དང་ལྡན་ཅིང་༔ སྙིང་པོའི་སྒྲུབ་པ་ལྷུར་ལེན་ན༔ ཡེ་ཤེས་མཁའ་འགྲོ་འདུས་པ་ཡི༔ རྩ་དབང་ཟབ་མོ་བསྐུར་གྱིས་ཉོན༔ ཅེས་གནང་བ་བྱིན་ལ༔ དེ་ནས་དམ་ཆུ་སྦྱིན་པ་ནི༔ ཧོཿདམ་ཚིག་ལྷ་མོ་པྲ་མོ་ཧ༔ ལས་ཀྱི་མཁའ་འགྲོ་དང་བཅས་པ༔ འོད་ཞུ་བདུད་རྩིའི་ཆུ་འདི་འཐུང་༔ དམ་ཚིག་སྲོག་གི་གཏའ་རུ་ཟུངས༔ ས་མ་ཡ་ན་ར་ཀན༔ དེ་ནས་གདོང་གཡོགས་བཀབ་ལ༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ མེ་ཏོག་ལག་ཏུ་གཏད་ལ༔ ཨ་ཁཾ་ཝི་ར་ཧཱུྃ༔ དེ་ནས་ཡེ་ཤེས་དབབ་པ་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་སྤྲོས་མཐའ་དང་བྲལ་བའི་དབྱིངས་སུ་ཞིག་པར་བསམ༔ སྟོང་པའི་ངང་ལས༔ གཞུང་གི་ལྷ་བསྐྱེད་ལ་འཇུག༔ རྩ་སྔགས་མཐར༔ བཛྲ་ཨ་བེ་ཤ་ཡ་ཨཱཿས་ཡེ་ཤེས་དབབ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་མེ་ཏོག་དོར་བ་ལ༔ ཧཱུྃ༔ སློབ་མའི་རིག་པའི་མེ་ཏོག་འདི༔ སྔོན་ནས་ལས་ཀྱིས་འབྲེལ་བ་ཡི༔ ལྷག་པའི་ལྷ་དེར་དབབ་པ་རུ༔ མཆོག་གསུམ་བདེན་པས་བྱིན་གྱིས་རློབས༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ནས་མིག་དར་བསལ་བ་ལ༔ ཧོཿ ཁྱོད་ཀྱི་མ་རིག་མི་ཤེས་པས༔ བསྒྲིབ་པའི་ལིང་ཐོག་དྲི་མ་ཀུན༔ ཡེ་ཤེས་ཟེར་གྱིས་བསལ་བྱས་ཏེ༔ སྐུ་དང་ཡེ་ཤེས་ཞལ་མཐོང་ཤོག༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་མཐའ་བྲལ་གཞལ་ཡས་སུ༔ ལྷུན་གྲུབ་རོལ་པ་ཡུམ་ཆེན་ལྔ༔ རྩལ་སྣང་འབུམ་ཕྲག་མཁའ་འགྲོར་བཅས༔ མ་ལུས་ལུས་པ་མེད་པར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་སྒྲིབ་དག་ནས་བུམ་དབང་ཐོབ༔ རྡོ་རྗེའི་སྐུ་རུ་སྨིན་གྲོལ་ཏེ༔ སྤྲུལ་སྐུའི་གོ་འཕང་མངོན་གྱུར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་ཕག་མོའི་སྐུ་གཏད་ལ༔ ཧོཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྡོ་རྗེ་ཕག་མོའི་དབང་བསྐུར་རོ༔ གཏི་མུག་རྟོག་པ་རང་གྲོལ་ནས༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་མཁའ་འགྲོའི་སྐུ་གཏད་ལ༔ ཧོཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྡོ་རྗེ་མཁའ་འགྲོའི་དབང་བསྐུར་རོ༔ ཞེ་སྡང་རྟོག་པ་རང་གྲོལ་ནས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཧཿབཛྲ་ཌཱཀྐི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིན་ཆེན་མཁའ་འགྲོའི་སྐུ་གཏད་ལ༔ ཧོཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིན་ཆེན་མཁའ་འགྲོའི་དབང་བསྐུར་རོ༔ ང་རྒྱལ་རྟོག་པ་རང་གྲོལ་ནས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ རིཿ རཏྣ་ཌཱཀྐི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་པདྨ་མཁའ་འགྲོའི་སྐུ་གཏད་ལ༔ ཧོཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ པདྨ་མཁའ་འགྲོའི་དབང་བསྐུར་རོ༔ འདོད་ཆགས་རྟོག་པ་རང་གྲོལ་ནས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ནིཿཔདྨ་ཌཱཀྐི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃཿདེ་ནས་ཀརྨ་མཁའ་འགྲོའི་སྐུ་གཏད་ལ༔ ཧོཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལས་ཀྱི་མཁའ་འགྲོའི་དབང་བསྐུར་རོ༔ ཕྲག་དོག་རྟོག་པ་རང་གྲོལ་ནས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ སཿཀརྨ་ཌཱཀྐི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤར་གྱི་སྒོ་མའི་སྐུ་གཏད་ལ༔ ཧོཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྕགས་ཀྱུ་མ་ཡི་དབང་བསྐུར་རོ༔ སྙིང་རྗེ་ཚད་མེད་དབང་ཐོབ་ནས༔ འགྲོ་དོན་རླབས་ཆེན་འགྲུབ་གྱུར་ཅིག༔ བཛྲ་ཨཾ་ཀུ་ཤ་ཛཿཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ལྷོ་ཡི་སྒོ་མའི་སྐུ་གཏད་ལ༔ ཧོཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཞགས་པ་མ་ཡི་དབང་བསྐུར་རོ༔ བྱམས་པ་ཚད་མེད་དབང་ཐོབ་ནས༔ འགྲོ་དོན་རླབས་ཆེན་འགྲུབ་གྱུར་ཅིག༔ རཏྣ་པཱ་ཤ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ནུབ་ཀྱི་སྒོ་མའི་སྐུ་གཏད་ལ༔ ཧོཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྕགས་སྒྲོག་མ་ཡི་དབང་བསྐུར་རོ༔ དགའ་བ་ཚད་མེད་དབང་ཐོབ་ནས༔ འགྲོ་དོན་རླབས་ཆེན་འགྲུབ་གྱུར་ཅིག༔ པདྨ་སྥོ་ཊ་བཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྱང་གི་སྒོ་མའི་སྐུ་གཏད་ལ༔ ཧོཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དྲིལ་བུ་མ་ཡི་དབང་བསྐུར་རོ༔ བཏང་སྙོམས་ཚད་མེད་དབང་ཐོབ་ནས༔ འགྲོ་དོན་རླབས་ཆེན་འགྲུབ་གྱུར་ཅིག༔ ཀརྨ་གྷཎྜེ་ཧོཿཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་ཀ་པཱ་ལར༔ ཟག་མེད་བདེ་སྟོང་བདུད་རྩི་འཁྱིལ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ངག་སྒྲིབ་དག་ནས་གསང་དབང་ཐོབ༔ རྡོ་རྗེའི་གསུང་མཆོག་མངོན་གྱུར་ཏེ༔ ལོངས་སྤྱོད་རྫོགས་སྐུར་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་མེ་ལོང་ཐོགས་ལ༔ ཧཱུྃ༔ ཀ་དག་གཏིང་གསལ་ཨ་དཪྴ༔ མཁྱེན་ཅིང་གཟིགས་པའི་ཡེ་ཤེས་རྒྱས༔ ཡེ་ཤེས་མཁའ་འགྲོའི་ཐུགས་གསང་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ རྡོ་རྗེའི་ཐུགས་མཆོག་མངོན་གྱུར་ཏེ༔ ཆོས་ཀྱི་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤེལ་རྡོ་ཐོགས་ལ༔ ཧཱུྃ༔ ཤེས་རབ་ཡེ་ཤེས་འཇའ་ཤེལ་ཀློང་༔ ཐབས་དང་ཤེས་རབ་ཟུང་འཇུག་པའི༔ ངོ་བོ་སྐུ་དང་ཡེ་ཤེས་ལ༔ རྣམ་པ་འཇའ་འོད་ཐིག་ལེར་གསལ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྒྲིབ་གཉིས་བག་ཆགས་ཀུན་དག་ནས༔ མཚན་མ་ཚིག་བྲལ་དབང་ཐོབ་སྟེ༔ དོན་གཉིས་ལྷུན་གྲུབ་གདིང་ཐོབ་ཅིང་༔ ངོ་བོ་ཉིད་སྐུ་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ ངོ་བོ་སྟོང་པ་ཁྱབ་གདལ་མཁའ་འགྲོའི་ཐུགས༔ རང་བཞིན་འགགས་མེད་ལྷུན་གྲུབ་མཁའ་འགྲོའི་གསུང་༔ མི་འགྱུར་མི་ཤིགས་ཡེ་ཤེས་མཁའ་འགྲོའི་སྐུ༔ ཡོངས་རྫོགས་བཀོད་པ་ལྷུན་གྲུབ་གཏོར་མ་འདི༔ སྐལ་ལྡན་བུ་མཆོག་ཁྱོད་ལ་གཏད་པ་ཡིས༔ དབྱིངས་ཀྱི་ཡུམ་ཆེན་རྡོ་རྗེ་ཕག་མོ་དང་༔ ཡེ་ཤེས་རང་མདངས་དབྱིངས་ཕྱུག་མཁའ་འགྲོ་ལྔ༔ རྩལ་སྣང་འབུམ་ཕྲག་མཁའ་འགྲོ་འཁོར་བཅས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཚོགས༔ མི་ཟད་རྒྱན་གྱི་འཁོར་ལོའི་དབང་ཐོབ་ཤོག༔ ཁྱད་པར་སྐུ་གསུམ་ཡེ་ཤེས་མཁའ་འགྲོ་རྣམས༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་ཚོགས་བཅས་ཀྱི༔ བསྒྲུབ་དང་དཀྱིལ་འཁོར་ཀུན་གྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨཱཿདེ་རྗེས་བསྔོ་སྨོན་བྱ་ཞིང་ཤིས་པ་བརྗོད༔ སྒྲུབ་ལ་དབང་ཞིང་བསྒྲུབ་པས་དངོས་གྲུབ་འཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་སྐལ་བཟང་སྒྲོལ་མ་ཞེས་བྱ་བས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཡེ་ཤེས་ཉི་མ་མཐའ་རྒྱས་སོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།}}
དྡྂ།༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  སྨིན་བྱེད་དབང་གི་འཇུག་སྒོ་ལ༔ བུམ་ཐོད་མེ་ལོང་ཤེལ་རྡོ་དང་༔ གཏོར་མ་བརྗིད་ལྡན་བཤམས་བྱས་ཏེ༔ གཞུང་བསྲངས་བསྙེན་པ་གྲངས་ཐེམས་མཐར༔ སློབ་མ་གྲལ་དུ་འཁོད་བྱས་ཏེ༔ ཁྲུས་བྱ་བགེགས་བསྐྲད་སྲུང་འཁོར་བསྒོམ༔ སྐྱབས་སེམས་ཕོག་མཐར་མཎྜལ་ཕུལ༔ དེ་ནས་གསོལ་བ་གདབ་པ་ལ༔ ཀྱཻ་ཧོཿ དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་དཔལ༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ ཡེ་ཤེས་མཁའ་འགྲོའི་དབང་བསྐུར་སྩོལ༔ ལན་གསུམ་མཐར༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ དད་པ་དམ་ཚིག་དང་ལྡན་ཅིང་༔ སྙིང་པོའི་སྒྲུབ་པ་ལྷུར་ལེན་ན༔ ཡེ་ཤེས་མཁའ་འགྲོ་འདུས་པ་ཡི༔ རྩ་དབང་ཟབ་མོ་བསྐུར་གྱིས་ཉོན༔ ཅེས་གནང་བ་བྱིན་ལ༔ དེ་ནས་དམ་ཆུ་སྦྱིན་པ་ནི༔ ཧོཿ དམ་ཚིག་ལྷ་མོ་པྲ་མོ་ཧ༔ ལས་ཀྱི་མཁའ་འགྲོ་དང་བཅས་པ༔ འོད་ཞུ་བདུད་རྩིའི་ཆུ་འདི་འཐུང་༔ དམ་ཚིག་སྲོག་གི་གཏའ་རུ་ཟུངས༔ ས་མ་ཡ་ན་ར་ཀན༔ དེ་ནས་གདོང་གཡོགས་བཀབ་ལ༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ མེ་ཏོག་ལག་ཏུ་གཏད་ལ༔ ཨ་ཁཾ་ཝི་ར་ཧཱུྃ༔ དེ་ནས་ཡེ་ཤེས་དབབ་པ་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་སྤྲོས་མཐའ་དང་བྲལ་བའི་དབྱིངས་སུ་ཞིག་པར་བསམ༔ སྟོང་པའི་ངང་ལས༔ གཞུང་གི་ལྷ་བསྐྱེད་ལ་འཇུག༔ རྩ་སྔགས་མཐར༔ བཛྲ་ཨ་བེ་ཤ་ཡ་ཨཱཿས་ཡེ་ཤེས་དབབ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་མེ་ཏོག་དོར་བ་ལ༔ ཧཱུྃ༔ སློབ་མའི་རིག་པའི་མེ་ཏོག་འདི༔ སྔོན་ནས་ལས་ཀྱིས་འབྲེལ་བ་ཡི༔ ལྷག་པའི་ལྷ་དེར་དབབ་པ་རུ༔ མཆོག་གསུམ་བདེན་པས་བྱིན་གྱིས་རློབས༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ནས་མིག་དར་བསལ་བ་ལ༔ ཧོཿ ཁྱོད་ཀྱི་མ་རིག་མི་ཤེས་པས༔ བསྒྲིབ་པའི་ལིང་ཐོག་དྲི་མ་ཀུན༔ ཡེ་ཤེས་ཟེར་གྱིས་བསལ་བྱས་ཏེ༔ སྐུ་དང་ཡེ་ཤེས་ཞལ་མཐོང་ཤོག༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་མཐའ་བྲལ་གཞལ་ཡས་སུ༔ ལྷུན་གྲུབ་རོལ་པ་ཡུམ་ཆེན་ལྔ༔ རྩལ་སྣང་འབུམ་ཕྲག་མཁའ་འགྲོར་བཅས༔ མ་ལུས་ལུས་པ་མེད་པར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་སྒྲིབ་དག་ནས་བུམ་དབང་ཐོབ༔ རྡོ་རྗེའི་སྐུ་རུ་སྨིན་གྲོལ་ཏེ༔ སྤྲུལ་སྐུའི་གོ་འཕང་མངོན་གྱུར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་ཕག་མོའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྡོ་རྗེ་ཕག་མོའི་དབང་བསྐུར་རོ༔ གཏི་མུག་རྟོག་པ་རང་གྲོལ་ནས༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་མཁའ་འགྲོའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྡོ་རྗེ་མཁའ་འགྲོའི་དབང་བསྐུར་རོ༔ ཞེ་སྡང་རྟོག་པ་རང་གྲོལ་ནས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཧཿབཛྲ་ཌཱཀྐི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིན་ཆེན་མཁའ་འགྲོའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིན་ཆེན་མཁའ་འགྲོའི་དབང་བསྐུར་རོ༔ ང་རྒྱལ་རྟོག་པ་རང་གྲོལ་ནས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ རིཿ རཏྣ་ཌཱཀྐི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་པདྨ་མཁའ་འགྲོའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ པདྨ་མཁའ་འགྲོའི་དབང་བསྐུར་རོ༔ འདོད་ཆགས་རྟོག་པ་རང་གྲོལ་ནས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ནིཿཔདྨ་ཌཱཀྐི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃཿདེ་ནས་ཀརྨ་མཁའ་འགྲོའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལས་ཀྱི་མཁའ་འགྲོའི་དབང་བསྐུར་རོ༔ ཕྲག་དོག་རྟོག་པ་རང་གྲོལ་ནས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ སཿཀརྨ་ཌཱཀྐི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤར་གྱི་སྒོ་མའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྕགས་ཀྱུ་མ་ཡི་དབང་བསྐུར་རོ༔ སྙིང་རྗེ་ཚད་མེད་དབང་ཐོབ་ནས༔ འགྲོ་དོན་རླབས་ཆེན་འགྲུབ་གྱུར་ཅིག༔ བཛྲ་ཨཾ་ཀུ་ཤ་ཛཿཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ལྷོ་ཡི་སྒོ་མའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཞགས་པ་མ་ཡི་དབང་བསྐུར་རོ༔ བྱམས་པ་ཚད་མེད་དབང་ཐོབ་ནས༔ འགྲོ་དོན་རླབས་ཆེན་འགྲུབ་གྱུར་ཅིག༔ རཏྣ་པཱ་ཤ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ནུབ་ཀྱི་སྒོ་མའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྕགས་སྒྲོག་མ་ཡི་དབང་བསྐུར་རོ༔ དགའ་བ་ཚད་མེད་དབང་ཐོབ་ནས༔ འགྲོ་དོན་རླབས་ཆེན་འགྲུབ་གྱུར་ཅིག༔ པདྨ་སྥོ་ཊ་བཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྱང་གི་སྒོ་མའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དྲིལ་བུ་མ་ཡི་དབང་བསྐུར་རོ༔ བཏང་སྙོམས་ཚད་མེད་དབང་ཐོབ་ནས༔ འགྲོ་དོན་རླབས་ཆེན་འགྲུབ་གྱུར་ཅིག༔ ཀརྨ་གྷཎྜེ་ཧོཿ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་ཀ་པཱ་ལར༔ ཟག་མེད་བདེ་སྟོང་བདུད་རྩི་འཁྱིལ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ངག་སྒྲིབ་དག་ནས་གསང་དབང་ཐོབ༔ རྡོ་རྗེའི་གསུང་མཆོག་མངོན་གྱུར་ཏེ༔ ལོངས་སྤྱོད་རྫོགས་སྐུར་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་མེ་ལོང་ཐོགས་ལ༔ ཧཱུྃ༔ ཀ་དག་གཏིང་གསལ་ཨ་དཪྴ༔ མཁྱེན་ཅིང་གཟིགས་པའི་ཡེ་ཤེས་རྒྱས༔ ཡེ་ཤེས་མཁའ་འགྲོའི་ཐུགས་གསང་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ རྡོ་རྗེའི་ཐུགས་མཆོག་མངོན་གྱུར་ཏེ༔ ཆོས་ཀྱི་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤེལ་རྡོ་ཐོགས་ལ༔ ཧཱུྃ༔ ཤེས་རབ་ཡེ་ཤེས་འཇའ་ཤེལ་ཀློང་༔ ཐབས་དང་ཤེས་རབ་ཟུང་འཇུག་པའི༔ ངོ་བོ་སྐུ་དང་ཡེ་ཤེས་ལ༔ རྣམ་པ་འཇའ་འོད་ཐིག་ལེར་གསལ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྒྲིབ་གཉིས་བག་ཆགས་ཀུན་དག་ནས༔ མཚན་མ་ཚིག་བྲལ་དབང་ཐོབ་སྟེ༔ དོན་གཉིས་ལྷུན་གྲུབ་གདིང་ཐོབ་ཅིང་༔ ངོ་བོ་ཉིད་སྐུ་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ ངོ་བོ་སྟོང་པ་ཁྱབ་གདལ་མཁའ་འགྲོའི་ཐུགས༔ རང་བཞིན་འགགས་མེད་ལྷུན་གྲུབ་མཁའ་འགྲོའི་གསུང་༔ མི་འགྱུར་མི་ཤིགས་ཡེ་ཤེས་མཁའ་འགྲོའི་སྐུ༔ ཡོངས་རྫོགས་བཀོད་པ་ལྷུན་གྲུབ་གཏོར་མ་འདི༔ སྐལ་ལྡན་བུ་མཆོག་ཁྱོད་ལ་གཏད་པ་ཡིས༔ དབྱིངས་ཀྱི་ཡུམ་ཆེན་རྡོ་རྗེ་ཕག་མོ་དང་༔ ཡེ་ཤེས་རང་མདངས་དབྱིངས་ཕྱུག་མཁའ་འགྲོ་ལྔ༔ རྩལ་སྣང་འབུམ་ཕྲག་མཁའ་འགྲོ་འཁོར་བཅས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཚོགས༔ མི་ཟད་རྒྱན་གྱི་འཁོར་ལོའི་དབང་ཐོབ་ཤོག༔ ཁྱད་པར་སྐུ་གསུམ་ཡེ་ཤེས་མཁའ་འགྲོ་རྣམས༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་ཚོགས་བཅས་ཀྱི༔ བསྒྲུབ་དང་དཀྱིལ་འཁོར་ཀུན་གྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨཱཿདེ་རྗེས་བསྔོ་སྨོན་བྱ་ཞིང་ཤིས་པ་བརྗོད༔ སྒྲུབ་ལ་དབང་ཞིང་བསྒྲུབ་པས་དངོས་གྲུབ་འཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་སྐལ་བཟང་སྒྲོལ་མ་ཞེས་བྱ་བས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཡེ་ཤེས་ཉི་མ་མཐའ་རྒྱས་སོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 09:31, 4 September 2025

Wylie title chos nyid nam mkha'i klong mdzod las: rgyal yum rdo rje phag mo'i rtsa dbang byin rlabs char 'bebs: TTDL-ZABTER-12-NA-078.pdf
Location bdud 'joms gling pa zab gter
Volume 12, Text 78, Pages 439-445 (Folios 1a1 to 4b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las rgyal yum rdo rje phag mo'i rtsa dbang byin rlabs char 'bebs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: 439-445. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: rtsa dbang   Verso: bdud 'joms phag mo
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Empowerment Ritual - dbang chog - dbang skur
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity Rdo rje phag mo
Colophon

ཞེས་པ་འདི་ཡང་སྐལ་བཟང་སྒྲོལ་མ་ཞེས་བྱ་བས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཡེ་ཤེས་ཉི་མ་མཐའ་རྒྱས་སོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di yang skal bzang sgrol ma zhes bya bas nan du bskul ngor khrag 'thung bdud 'joms rdo rjes chos nyid nam mkha'i mdzod las dag par phab pa'i yi ge pa ni ye shes nyi ma mtha' rgyas so/_/dge'o/_/legs so/_/sarba mang+ga laM//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྒྱལ་ཡུམ་རྡོ་རྗེ་ཕག་མོའི་རྩ་དབང་བྱིན་རླབས་ཆར་འབེབས་བཞུགས་སོ༔


དྡྂ།༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) སྨིན་བྱེད་དབང་གི་འཇུག་སྒོ་ལ༔ བུམ་ཐོད་མེ་ལོང་ཤེལ་རྡོ་དང་༔ གཏོར་མ་བརྗིད་ལྡན་བཤམས་བྱས་ཏེ༔ གཞུང་བསྲངས་བསྙེན་པ་གྲངས་ཐེམས་མཐར༔ སློབ་མ་གྲལ་དུ་འཁོད་བྱས་ཏེ༔ ཁྲུས་བྱ་བགེགས་བསྐྲད་སྲུང་འཁོར་བསྒོམ༔ སྐྱབས་སེམས་ཕོག་མཐར་མཎྜལ་ཕུལ༔ དེ་ནས་གསོལ་བ་གདབ་པ་ལ༔ ཀྱཻ་ཧོཿ དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་དཔལ༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ ཡེ་ཤེས་མཁའ་འགྲོའི་དབང་བསྐུར་སྩོལ༔ ལན་གསུམ་མཐར༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ དད་པ་དམ་ཚིག་དང་ལྡན་ཅིང་༔ སྙིང་པོའི་སྒྲུབ་པ་ལྷུར་ལེན་ན༔ ཡེ་ཤེས་མཁའ་འགྲོ་འདུས་པ་ཡི༔ རྩ་དབང་ཟབ་མོ་བསྐུར་གྱིས་ཉོན༔ ཅེས་གནང་བ་བྱིན་ལ༔ དེ་ནས་དམ་ཆུ་སྦྱིན་པ་ནི༔ ཧོཿ དམ་ཚིག་ལྷ་མོ་པྲ་མོ་ཧ༔ ལས་ཀྱི་མཁའ་འགྲོ་དང་བཅས་པ༔ འོད་ཞུ་བདུད་རྩིའི་ཆུ་འདི་འཐུང་༔ དམ་ཚིག་སྲོག་གི་གཏའ་རུ་ཟུངས༔ ས་མ་ཡ་ན་ར་ཀན༔ དེ་ནས་གདོང་གཡོགས་བཀབ་ལ༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ མེ་ཏོག་ལག་ཏུ་གཏད་ལ༔ ཨ་ཁཾ་ཝི་ར་ཧཱུྃ༔ དེ་ནས་ཡེ་ཤེས་དབབ་པ་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་སྤྲོས་མཐའ་དང་བྲལ་བའི་དབྱིངས་སུ་ཞིག་པར་བསམ༔ སྟོང་པའི་ངང་ལས༔ གཞུང་གི་ལྷ་བསྐྱེད་ལ་འཇུག༔ རྩ་སྔགས་མཐར༔ བཛྲ་ཨ་བེ་ཤ་ཡ་ཨཱཿས་ཡེ་ཤེས་དབབ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་མེ་ཏོག་དོར་བ་ལ༔ ཧཱུྃ༔ སློབ་མའི་རིག་པའི་མེ་ཏོག་འདི༔ སྔོན་ནས་ལས་ཀྱིས་འབྲེལ་བ་ཡི༔ ལྷག་པའི་ལྷ་དེར་དབབ་པ་རུ༔ མཆོག་གསུམ་བདེན་པས་བྱིན་གྱིས་རློབས༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ནས་མིག་དར་བསལ་བ་ལ༔ ཧོཿ ཁྱོད་ཀྱི་མ་རིག་མི་ཤེས་པས༔ བསྒྲིབ་པའི་ལིང་ཐོག་དྲི་མ་ཀུན༔ ཡེ་ཤེས་ཟེར་གྱིས་བསལ་བྱས་ཏེ༔ སྐུ་དང་ཡེ་ཤེས་ཞལ་མཐོང་ཤོག༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་མཐའ་བྲལ་གཞལ་ཡས་སུ༔ ལྷུན་གྲུབ་རོལ་པ་ཡུམ་ཆེན་ལྔ༔ རྩལ་སྣང་འབུམ་ཕྲག་མཁའ་འགྲོར་བཅས༔ མ་ལུས་ལུས་པ་མེད་པར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་སྒྲིབ་དག་ནས་བུམ་དབང་ཐོབ༔ རྡོ་རྗེའི་སྐུ་རུ་སྨིན་གྲོལ་ཏེ༔ སྤྲུལ་སྐུའི་གོ་འཕང་མངོན་གྱུར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་ཕག་མོའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྡོ་རྗེ་ཕག་མོའི་དབང་བསྐུར་རོ༔ གཏི་མུག་རྟོག་པ་རང་གྲོལ་ནས༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་མཁའ་འགྲོའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྡོ་རྗེ་མཁའ་འགྲོའི་དབང་བསྐུར་རོ༔ ཞེ་སྡང་རྟོག་པ་རང་གྲོལ་ནས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཧཿབཛྲ་ཌཱཀྐི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིན་ཆེན་མཁའ་འགྲོའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིན་ཆེན་མཁའ་འགྲོའི་དབང་བསྐུར་རོ༔ ང་རྒྱལ་རྟོག་པ་རང་གྲོལ་ནས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ རིཿ རཏྣ་ཌཱཀྐི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་པདྨ་མཁའ་འགྲོའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ པདྨ་མཁའ་འགྲོའི་དབང་བསྐུར་རོ༔ འདོད་ཆགས་རྟོག་པ་རང་གྲོལ་ནས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ནིཿཔདྨ་ཌཱཀྐི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃཿདེ་ནས་ཀརྨ་མཁའ་འགྲོའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལས་ཀྱི་མཁའ་འགྲོའི་དབང་བསྐུར་རོ༔ ཕྲག་དོག་རྟོག་པ་རང་གྲོལ་ནས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ སཿཀརྨ་ཌཱཀྐི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤར་གྱི་སྒོ་མའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྕགས་ཀྱུ་མ་ཡི་དབང་བསྐུར་རོ༔ སྙིང་རྗེ་ཚད་མེད་དབང་ཐོབ་ནས༔ འགྲོ་དོན་རླབས་ཆེན་འགྲུབ་གྱུར་ཅིག༔ བཛྲ་ཨཾ་ཀུ་ཤ་ཛཿཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ལྷོ་ཡི་སྒོ་མའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཞགས་པ་མ་ཡི་དབང་བསྐུར་རོ༔ བྱམས་པ་ཚད་མེད་དབང་ཐོབ་ནས༔ འགྲོ་དོན་རླབས་ཆེན་འགྲུབ་གྱུར་ཅིག༔ རཏྣ་པཱ་ཤ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ནུབ་ཀྱི་སྒོ་མའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྕགས་སྒྲོག་མ་ཡི་དབང་བསྐུར་རོ༔ དགའ་བ་ཚད་མེད་དབང་ཐོབ་ནས༔ འགྲོ་དོན་རླབས་ཆེན་འགྲུབ་གྱུར་ཅིག༔ པདྨ་སྥོ་ཊ་བཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྱང་གི་སྒོ་མའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དྲིལ་བུ་མ་ཡི་དབང་བསྐུར་རོ༔ བཏང་སྙོམས་ཚད་མེད་དབང་ཐོབ་ནས༔ འགྲོ་དོན་རླབས་ཆེན་འགྲུབ་གྱུར་ཅིག༔ ཀརྨ་གྷཎྜེ་ཧོཿ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་ཀ་པཱ་ལར༔ ཟག་མེད་བདེ་སྟོང་བདུད་རྩི་འཁྱིལ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ངག་སྒྲིབ་དག་ནས་གསང་དབང་ཐོབ༔ རྡོ་རྗེའི་གསུང་མཆོག་མངོན་གྱུར་ཏེ༔ ལོངས་སྤྱོད་རྫོགས་སྐུར་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་མེ་ལོང་ཐོགས་ལ༔ ཧཱུྃ༔ ཀ་དག་གཏིང་གསལ་ཨ་དཪྴ༔ མཁྱེན་ཅིང་གཟིགས་པའི་ཡེ་ཤེས་རྒྱས༔ ཡེ་ཤེས་མཁའ་འགྲོའི་ཐུགས་གསང་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ རྡོ་རྗེའི་ཐུགས་མཆོག་མངོན་གྱུར་ཏེ༔ ཆོས་ཀྱི་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤེལ་རྡོ་ཐོགས་ལ༔ ཧཱུྃ༔ ཤེས་རབ་ཡེ་ཤེས་འཇའ་ཤེལ་ཀློང་༔ ཐབས་དང་ཤེས་རབ་ཟུང་འཇུག་པའི༔ ངོ་བོ་སྐུ་དང་ཡེ་ཤེས་ལ༔ རྣམ་པ་འཇའ་འོད་ཐིག་ལེར་གསལ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྒྲིབ་གཉིས་བག་ཆགས་ཀུན་དག་ནས༔ མཚན་མ་ཚིག་བྲལ་དབང་ཐོབ་སྟེ༔ དོན་གཉིས་ལྷུན་གྲུབ་གདིང་ཐོབ་ཅིང་༔ ངོ་བོ་ཉིད་སྐུ་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ ངོ་བོ་སྟོང་པ་ཁྱབ་གདལ་མཁའ་འགྲོའི་ཐུགས༔ རང་བཞིན་འགགས་མེད་ལྷུན་གྲུབ་མཁའ་འགྲོའི་གསུང་༔ མི་འགྱུར་མི་ཤིགས་ཡེ་ཤེས་མཁའ་འགྲོའི་སྐུ༔ ཡོངས་རྫོགས་བཀོད་པ་ལྷུན་གྲུབ་གཏོར་མ་འདི༔ སྐལ་ལྡན་བུ་མཆོག་ཁྱོད་ལ་གཏད་པ་ཡིས༔ དབྱིངས་ཀྱི་ཡུམ་ཆེན་རྡོ་རྗེ་ཕག་མོ་དང་༔ ཡེ་ཤེས་རང་མདངས་དབྱིངས་ཕྱུག་མཁའ་འགྲོ་ལྔ༔ རྩལ་སྣང་འབུམ་ཕྲག་མཁའ་འགྲོ་འཁོར་བཅས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཚོགས༔ མི་ཟད་རྒྱན་གྱི་འཁོར་ལོའི་དབང་ཐོབ་ཤོག༔ ཁྱད་པར་སྐུ་གསུམ་ཡེ་ཤེས་མཁའ་འགྲོ་རྣམས༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་ཚོགས་བཅས་ཀྱི༔ བསྒྲུབ་དང་དཀྱིལ་འཁོར་ཀུན་གྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨཱཿདེ་རྗེས་བསྔོ་སྨོན་བྱ་ཞིང་ཤིས་པ་བརྗོད༔ སྒྲུབ་ལ་དབང་ཞིང་བསྒྲུབ་པས་དངོས་གྲུབ་འཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་སྐལ་བཟང་སྒྲོལ་མ་ཞེས་བྱ་བས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཡེ་ཤེས་ཉི་མ་མཐའ་རྒྱས་སོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།