TTDL-ZABTER-13-PA-043: Difference between revisions

From Dudjom Wiki
TTDL-ZABTER-13-PA-043
No edit summary
m (Text replacement - "ཧོཿ" to "ཧོཿ ")
 
(One intermediate revision by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ནོར་བདག་ཨ་པར་དཀར་པོའི་ཆ་ལག་མེ་མཆོད་འདོད་འཇོའི་བུམ་བཟང་༔
|fulltitle=chos nyid nam mkha'i klong mdzod las: nor bdag a par dkar po'i cha lag me mchod 'dod 'jo'i bum bzang:
|citation=Khrag 'thung [[Bdud 'joms gling pa]]. ''Chos nyid nam mkha'i klong mdzod las nor bdag a par dkar po'i cha lag med mchod 'dod 'jo'i bum bzang''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 13: 157-166. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
|sourcerevealer=bdud 'joms gling pa
|sourcerevealer=bdud 'joms gling pa
|sourcerevealertib=བདུད་འཇོམས་གླིང་པ་
|tibgenre=Fire Offerings - sbyin sreg
|terma=Yes
|terma=Yes
|deity=
|cycle=chos nyid nam mkha'i klong mdzod
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|versonotes=bdud 'joms
|volumenumber=13
|volnumtib=༡༣
|volnumtib=༡༣
|volyigtib=པ
|volyigtib=པ
|volumenumber=13
|totalvolumes=21
|volumeLetter=PA
|textnuminvol=043
|textnuminvol=043
|pagenumbers=157-166
|totalpages=10
|beginfolioline=1a1
|endfolioline=5b6
|totalfolios=5
|multivolumework=No
|rectonotes=me mchod
|versonotes=bdud 'joms srung ma  a par tsit+ta
|colophontib=ཞེས་པ་འདི་ཡང་རིགས་སྲས་མཁྱེན་བརྩེའི་མྱུ་གུས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།
|colophonwylie=zhes pa 'di yang rigs sras mkhyen brtse'i myu gus nan du bskul ngor khrag 'thung bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'o/_/dge'o/_/dge'o/_/dge'o/_/sarba mang+ga laM//
|pdflink=File:TTDL-ZABTER-13-PA-043.pdf
|pdflink=File:TTDL-ZABTER-13-PA-043.pdf
|authortib=བདུད་འཇོམས་གླིང་པ་
|sourcerevealertib=བདུད་འཇོམས་གླིང་པ་
|volumeLetter=PA
|InitCategories=Dudjom Tersar Project; TTDL-ZABTER-Volume-13-PA
|InitCategories=Dudjom Tersar Project; TTDL-ZABTER-Volume-13-PA
}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༠༠༠༠བརྡ་ཡིག༡༥༧ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ནོར་བདག་ཨ་པར་དཀར་པོའི་ཆ་ལག་མེད་མཆོད་འདོད་འཇོའི་བུམ་བཟང་ཞེས་བྱ་བ་བཞུགས་སོ༔
{{TibP|དྷྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ནོར་བདག་ཨ་པར་དཀར་པོའི་ཆ་ལག་མེ་མཆོད་འདོད་འཇོའི་བུམ་བཟང་ཞེས་བྱ་བ་བཞུགས་སོ༔
ན་མོ་གུ་རུ་བཛྲ་པཱ་ཎི་ཡེ༔ ༠༠༠༠བརྡ་ཡིག༡༥༨སྣང་སྲིད་དབང་དུ་སྡུད་པ་ལ༔ དམིགས་པ་དང་ནི་རྫས་འཛོམས་པའི༔ གནད་ཀྱི་བསྲེག་བླུགས་ལ་བརྩོན་བྱ༔ ལོངས་སྤྱོད་མངའ་ཐང་རྒྱས་པའི་ཕྱིར༔ རྫས་དང་དམིགས་པ་བསྲེག་བླུགས་ཀྱི༔ གནད་གསུམ་ལྡན་པ་མཆོག་ཏུ་ཤིས༔ དང་པོ་དམིགས་པའི་རིམ་པ་ལ༔ གཞི་ནི་ལྟ་བའི་གདིང་ལྡན་ཏེ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྟེན་དང་བརྟེན་པའི་རོལ་པ་ཀུན༔ མ་ལུས་བསྡུས་ཏེ་ཡང་ཡང་བསྟིམ༔ དེ་དག་བཅུད་དུ་དྲིལ་བ་ཡི༔ ངོ་བོ་ནོར་བདག་རྒྱལ་པོ་ཉིད༔ བསྐྱེད་དེ་བརྟན་པ་ཐོབ་ནས་སླར༔ ཡ་གི་སྲིད་རྩེ་མན་ཆད་ནས༔ མ་ཀི་དམྱལ་ཁམས་ཡན་ཆད་ཀུན༔ གནོད་སྦྱིན་ནོར་བདག་རྒྱལ་པོ་ཡི༔ ཐུགས་ཀྱི་ཁྱབ་ཅིང་བརྡལ་བྱས་ཏེ༔ ཆོས་ཉིད་ཀློང་དུ་འུབ་ཆུབ་པའི༔ ལྟ་བསྒོམ་ཏིང་འཛིན་གསུམ་གྱི་གནད༔ དབང་སྡུད་མན་ངག་གུ་ཧྱ་རྒྱ༔ རྫས་ནི་འབྲུ་དྲུག་བཀྲ་ཤིས་རྫས༔ དཀར་གསུམ་མངར་གསུམ་འཚོགས་བྱས་ཏེ༔ མཚལ་དང་ལི་ཁྲི་སྐད་སྐག་འབྲི་མོག༔ དམར་པོ་ཚོས་ཀྱི་ཁུ་བ་བཏབ༔ ཨ་བར་སྐྱུར་གསུམ་རྩ་བ་ལྔ༔ དབང་ལག་དང་ནི་ཁུ་བས་བཏབ༔ འབུད་ཤིང་འོམ་བུ་དག་ལ་བྱ༔ དེ་དག་དབང་གི་རྫས་སུ་ལེགས༔ རྒྱས་པར་ཡུང་བ་སེར་པོ་དང་༔ ལྡོང་རོས་གུར་གུམ་ཁུ་བས་བཏབ༔ འབུད་ཤིང་ཤུག་པ་དག་ལ་བྱ༔ མེ་ཐབ་དབང་ལ་ཟླ་གམ་དང་༔ རྒྱས་པར་གྲུ་བཞིའི་ཚུལ་དུ་བརྩིགས༔ ཡང་ན་མེ་འབུད་ཙམ་གྱིས་ཆོག༔ དེ་དག་བཅའ་གཞིའི་རིམ་པའོ༔ དེ་ནས་སྔོན་འགྲོའི་རིམ་པ་ལ༔ དཀར་ཕྱོགས་སྐྱོང་ལ་དཀར་གཏོར་དང་༔ ནག་ཕྱོགས་རིགས་ལ་དམར་གཏོར་དང་༔ བགེགས་ལ་ཤ་ཆང་འབྲས་ཆན་དང་༔ ངར་མི་ཏིང་ལོ་ཞལ་ཟས་དང་༔ ལན་ཆགས་གཏོར་མ་བཏང་བྱས་ཏེ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ བགེགས་བསྐྲད་བྱ་བའི་རིམ་པ་ནི༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ལན་ཆགས་གཏོར་མ་འདི་ལོངས་ལ༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ རྡོ་རྗེ་ཐུན་མཚོན་འཕྲུལ་འཁོར་གྱིས༔ ལུས་ངག་རྡུལ་དུ་བརླག་འགྱུར་གྱི༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ སརྦ་བིགྷྣན་གཙྪ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་སོགས༔ ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ དེ་ནས་སྲུང་གུར་བསྒོམ་པ་ལ༔ ཧཱུྃ༔ རང་ཉིད་ཡེ་ཤེས་ཁྲོ་བོ་ཡི༔ ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་དང་༔ ཐུམ་མཚོན་མེ་རླུང་འཁྲུལ་འཁོར་གྱིས༔ བགེགས་རྣམས་རྒྱ་མཚོའི་ཕ་མཐར་བསྐྲད༔ ཚུར་འདུས་སྲུང་བའི་འཁོར་ལོ་ནི༔ རྡོ་རྗེ་རིན་ཆེན་པདྨ་དང་༔ རྒྱ་གྲམ་འཁོར་ལོ་མེ་རླུང་གི༔ སྲུང་བའི་འཁོར་ལོ་ལྷུན་གྱིས་གྲུབ༔ བཛྲ་རཏྣ་པདྨ་ཀརྨ་རཾ་ཡཾ་ཙཀྲ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དེ་དག་སྔོན་འགྲོའི་བྱ་བའོ༔ དེ་ནས་དངོས་གཞིའི་རིམ་པ་ལ༔ བསྲེག་རྫས་བྱིན་གྱིས་རླབས་པ་ནི༔ མཆོད་རྫས་རྣམས་ཆོས་ཉིད་སྟོང་པ་ཉིད་ཀྱི་དབྱིངས་སུ་ཞིག་སྟེ་འབྱམས་ཀླས་པར་གྱུར༔ ཨོཾ་སཱ་བྷཱ་ཝ་སོགས༔ སྟོང་པའི་དབྱིངས་ནས་བྷྲཱུྃཿལས་རིན་པོ་ཆེ་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཕྱི་འབྱུང་བ་ལྔ་ཡི་དྭངས་བཅུད་ནང་མཆོད་རྫས་བཤམས་པའི་ངོ་བོ་རྣམས་ཚུར་འདུས་འོད་ཕུང་དཀར་དམར་མཐིང་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ཅན་འོད་དུ་ལྟེམས་ཀྱིས་ཞུ་བ་ལས་ངོ་བོ་བདེ་སྟོང་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་བསྲེག་རྫས་སོ་སོའི་རྣམ་པར་འདོད་རྒུ་འཆར་བའི་བདག་ཉིད་ཅན་དུ་གྱུར༔ ན་མོ་རཏྣ་ཏྲ་ཡ་ཡ༔ ཨོཾ་ཡེ་དྷརྨ་སོགས་དང༔ ནམ་མཁའ་མཛོད་སྔགས་ལན་གསུམ་རེ་བརྗོད༔ དེ་ནས་མེ་སྦར་བ་ནི༔ ཧཱུྃ༔ རྒྱལ་ཀུན་གསུང་གསང་འདུས་པའི་དབྱིངས༔ ལྷུན་གྲུབ་བདེ་ཆེན་མེ་ཡི་ལྷ༔ ཡེ་ཤེས་ལྷ་མོ་གོས་དཀར་མོ༔ དམར་ནག་མེ་ཡི་ཕུང་པོ་ཅན༔ བདེ་དྲོད་འབར་བའི་ཆོ་འཕྲུལ་ལས༔ མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤེལ༔ སྤྲུལ་པའི་རོལ་གར་ལྷ་མོ་ནི༔ མེ་ལས་མེ་སྟག་འཕྲོ་བ་བཞིན༔ དབང་པོ་ལྔ་ཡི་སྤྱོད་ཡུལ་དུ༔ འདོད་ཡོན་རྒྱན་གྱི་འཁོར་ལོ་འཕྲུལ༔ ཨོཾ་པདྨ་ཌཱ་ཀི་ནཱི་རཾ་སྥ་ར་ཎ་ཨཱཿདེ་ནས་རྟེན་དང་བརྟེན་པ་བསྐྱེད་པ་ལ༔ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་སྐུ་གསུམ་ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས་ཏེ་མདུན་མཁར་བབས་པ་ལས་རང་གི་ཐུགས་ཀའི་ཧཱུྃ་གཅིག་སྤྲོས་པ་དང་གཉིས་མེད་དུ་གྱུར༔ དེ་ལས་འོད་འཕྲོས་རིན་པོ་ཆེ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་འོད་དང་མེ་དཔུང་འབར་བའི་དབུས་སུ་རིན་པོ་ཆེ་ནོར་བུ་བརྩེགས་པའི་ཁྲི་ཡི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ་ཧཱུྃ་ཡིག་བབས་ཏེ་ཧཱུྃ་ཡོངས་གྱུར་པ་ལས༔ ཨ་པར་ཙིཏྟ་ནོར་བདག་ཆེན་པོ་སོགས་གཞུང་ལྟར་ལ༔ དེ་ལྟར་ནོར་བདག་ཨ་པར་དཀར་པོ་ནོར་ལྷ་ཡོངས་འདུས་ཀྱི་བདག་ཉིད་ཆེན་པོ་རུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཙིཏྟ་ཧཱུྃ་མཐིང་ནག་ཏུ་བསྒོམ༔ དེ་དག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་ནས་གནོད་སྦྱིན་ནོར་གྱི་བདག་པོ་གནོད་སྦྱིན་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་དང་བཅས་པ་ཐམས་ཅད་དང་༔ ནུབ་ཕྱོགས་ཧེ་ཆེན་བརྡལ་བའི་དུར་ཁྲོད་ལ་སོགས་པའི་གནས་ཡུལ་དུར་ཁྲོད་ཀུན་ནས་གནོད་སྦྱིན་ཤན་པ་དམར་པོ་འཁོར་དང་བཅས་པ་ཨ་པར་ཙིཏྟའི་སྐུར་བཞེངས་ཏེ་བསྐྱེད་པའི་ལྷ་ལ་སིབ་སིབ་ཐིམ་པར་བསྒོམ༔ དེ་ནས་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་རྣམས་རྫོགས་པར་བྱས་ནས༔ བྱོན་སྐྱེམས་ཕུལ་བ་ལ༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་བྱོན་ཚུར་བྱོན་ནོར་གྱི་བདག༔ འབར་བ་མེ་ཡི་གདན་ལ་བཞུགས༔ བདུད་རྩི་སྐྱེམས་ཀྱི་མཆོད་པ་འདི༔ བཞེས་ནས་ཁམས་གསུམ་སྲིད་གསུམ་གྱི༔ འདོད་རྒུའི་དཔལ་ཡོན་དབང་དུ་བསྡུས༔ བདག་གི་དབང་དུ་འབྱོར་བར་མཛོད༔ ཨེ་ཧེ་རྨ་རུ་ཙེ་ཙིཏྟ་ཡཀྴ་ཧཱུྃ༔ ཨ་མྲྀ་ཏ་ཁཱ་ཧི༔ ཞེས་ལན་བདུན་གྱིས་མར་ཁུ་ཕུལ༔ དེ་ནས་མཆོད་འབུལ་ལས་གཞུང་ལྟར༔ བསྟོད་པའི་འཇུག་ཏུ་རྫས་རྣམས་ཕུལ་བ་ལ༔ ཧོཿདུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་ཨ་པ་ར༔ གནོད་སྦྱིན་ཡོངས་ཀྱི་དེད་དཔོན་མཆོག༔ གནོད་སྦྱིན་སྡེ་ཚོགས་དང་བཅས་པས༔ སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང་༔ འདོད་རྒུའི་དཔལ་གྱི་དངོས་གྲུབ་སྩོལ༔ ཨེ་ཧེ་རྨ་རུ་ཙེ་ཨ་པ་ར་ཙིཏྟ་ཡཀྴ་ཧཱུྃ༔ སརྦ་རཏྣ་བ་སུ་ཨ་ནྲྀ་ཏྲི་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བརྒྱའམ་གང་འཚམས་ཕུལ་ནས༔ ཧོཿགནོད་སྦྱིན་ནོར་གྱི་བདག་པོ་ཨ་པར་ཙིཏྟ་ཛམ་ལྷ་རིགས་ལྔ་འཁོར་དང་བཅས་པ་ཐམས་ཅད་ཀྱི་བདུད་རྩི་བསྲེག་བླུག་གི་མཆོད་པ་རྒྱ་ཆེན་པོ་འདི་བཞེས་ལ་ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བུ་སློབ་ལྷ་འདྲེ་མི་གསུམ་འགྲོ་བ་ཕོ་མོ་ཟས་ནོར་ལོངས་སྤྱོད་རྟ་ལུག་གནག་ཕྱུགས་སྣ་ཚོགས་པ་ཐམས་ཅད་བདག་གིས་དབང་དུ་བསྡུས་ཏེ་ལོངས་སྤྱོད་དུ་དབང་འབྱོར་བའི་ཕྲིན་ལས་དམ་པར་མཛད་དུ་གསོལ༔ རྒྱས་པ་ལ༔ བདག་ཅག་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་སྙན་གྲགས་འདོད་རྒུའི་དཔལ་ཡོན་ཐམས་ཅད་རབ་ཏུ་འཕེལ་ཞིང་རྒྱས་ཏེ་ནུབ་པ་མེད་པར་བརྟན་ཞིང་གནས་པའི་ཕྲིན་ལས་མཛོད་ཅིག༔ དེ་བཞིན་རང་སྔགས་ཀྱིས་གྲངས་མང་དུ་ཕུལ༔ མཐར་རྣམ་ལྔ་གཟུགས་སྒྲ་སྨན་གཏོར་རཀྟ་དང་བཅས་པ་ཕུལ༔ དེ་རྗེས་གཤེགས་སྐྱེམས་ཕུལ་བ་ལ་གོང་གི་བྱོན་སྐྱེམས་ཀྱི་སྔགས་བརྗོད་ཅིང་ལན་བདུན་གྱིས་མར་ཁུ་ཕུལ་ཏེ་བསྟོད་པ་བྱ༔ དེ་ནས་དངོས་གྲུབ་བླང་བ་ལ༔ ཧོཿནོར་བདག་རྒྱལ་པོ་ཨ་པ་ར༔ ཛམ་ལྷ་རིགས་ལྔ་ཡབ་ཡུམ་འཁོར༔ མ་ལུས་བདག་ལ་དགོངས་སུ་གསོལ༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ འདོད་རྒུའི་དཔལ་གྱི་དངོས་གྲུབ་སྩོལ༔ སརྦ་རཏྣ་བ་སུ་སིདྡྷི་ཕ་ལ་ཧོཿདེ་ནས་བཤགས་པ་བྱ་བ་ནི༔ ཧོཿརྒྱལ་བ་ཀུན་འདུས་ངོ་བོ་ཉིད༔ ནོར་གྱི་བདག་པོ་དགོངས་སུ་གསོལ༔ བདག་གི་མ་འབྱོར་མ་རྙེད་ཅིང་༔ སེར་སྣའི་དབང་གྱུར་ཉེས་བྱས་སོགས༔ ཐུགས་དང་འགལ་བ་ཅི་མཆིས་པ༔ བཤགས་སོ་དག་ཅིང་ཚངས་པར་སྩོལ༔ ཅེས་འབྲུ་སྣ་གཏོར་ཞིང་ཡི་གེ་བརྒྱ་པ་བརྗོད༔ དེ་ནས་གཤེགས་གསོལ་བྱ་བ་ལ༔ ཧོཿཡེ་ཤེས་དབྱིངས་ལས་དྲངས་པའི་ལྷ༔ རང་བཞིན་གནས་སུ་གཤེགས་སུ་གསོལ༔ རང་བཞིན་གནས་སུ་གཤེགས་ནས་ཀྱང་༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱི༔ འདོད་པའི་དོན་རྣམས་མ་ལུས་པ༔ རྟག་ཏུ་སྤེལ་བའི་བྱེད་པོ་མཛོད༔ བཛྲ་མུཿདམ་ཚིག་པ་ཉིད་རང་ལ་བསྡུས༔ གཏེར་བདག་འཁོར་དང་བཅས་པ་ཡི༔ བསོད་ནམས་ལོངས་སྤྱོད་ཡོན་ཏན་གཏེར༔ མི་ཟད་མཛོད་ཀྱི་འཁོར་ལོ་ཀུན༔ མ་ལུས་བདག་ལ་རྫོགས་པར་བསམ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཅེས་ཁྲོ་བོ་བགེགས་མཐར་བྱེད་ཀྱི་བྱིན་གྱིས་རླབས་ནས་སྦྱིན་སྲེག་ཟ་བའི་བགེགས་རྣམས་གཞོམ་པའི་ནུས་པ་དང་ལྡན་པར་བསམ༔ དེ་ནས་བཀྲ་ཤིས་བྱ་བ་ལ༔ ཧཱུྃ༔ དབང་གི་ཕྲིན་ལས་བསྒྲུབ་པའི་གཞལ་ཡས་འདིར༔ དུས་གསུམ་རྒྱལ་བའི་ཕྲིན་ལས་དཔལ་འབར་གྱིས༔ ཁམས་གསུམ་སྲིད་གསུམ་མ་ལུས་དབང་སྡུད་ཅིང་༔ བསམ་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ རྒྱས་པ་ལ༔ ཧཱུྃ༔ རྒྱས་པའི་ཕྲིན་ལས་བསྒྲུབ་པའི་གཞལ་ཡས་འདིར༔ རིག་འཛིན་བླ་མའི་མཐུ་སྟོབས་དཔལ་འབར་བས༔ ཚེ་བསོད་དཔལ་འབྱོར་མངའ་ཐང་རྒྱས་མཛད་པས༔ འདོད་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ ས་མ་ཡ༔ དེ་ལྟར་བསྲེག་བླུགས་འདི་ལ་བརྩོན་པའི་ཚེ༔ བསྲེག་རྫས་བདེ་སྟོང་བདུད་རྩིའི་ངོ་བོ་རུ༔ དམིགས་ནས་གཏེར་བདག་རྒྱལ་པོ་འཁོར་བཅས་ཀྱི༔ ཞལ་དུ་བསྟབས་ཏེ་བདེ་སྟོང་ཟག་མེད་ཀྱིས༔ རོ་མྱོང་འཁོར་འདས་དབང་སྡུད་མཐུ་ཐོབ་ཅིང་༔ འོད་ཕུང་དམར་པོ་ལྕགས་ཀྱུ་ཞགས་པའི་དབྱིབས༔ དཔག་མེད་འཕྲོས་པས་གཟུགས་ཅན་གཟུགས་མེད་པའི༔ སྐྱེ་འགྲོ་ཕོ་མོ་ཀུན་གྱི་བློ་ཡིད་འཕྲོག༔ ཤ་རུལ་དག་ལ་སྦྲང་མ་འདུ་བ་བཞིན༔ རང་དབང་མེད་པར་དབང་དུ་བསྡུས་ནས་སུ༔ བྲན་དུ་ཁས་བླངས་དམ་བཅའ་མནའ་བོར་ཏེ༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་དཔལ་ཡོན་གྱི༔ ཆར་ཕབ་གནས་ཡུལ་ཐོ་ཕྱི་ཐམས་ཅད་ཀུན༔ མེར་མེར་ཏིང་ཏིང་གང་བར་ཡང་ཡང་བསྒོམ༔ ཆུ་ཡི་གཟའ་སྐར་གཟུགས་བརྙན་ཐམས་ཅད་ཀུན༔ ཆུ་ཉིད་ལ་ནི་དུ་མ་རོ་གཅིག་བཞིན༔ ཤེས་པས་འཁོར་འདས་ཐམས་ཅད་དབང་སྡུད་འགྱུར༔ དེ་ལྟར་རྒྱུན་དུ་བསྲེག་བླུགས་ལ་བརྩོན་པས༔ འཁོར་འདས་དབང་སྡུད་མངའ་ཐང་རྒྱལ་པོར་མཉམ༔ རྡོ་རྗེ་འཛིན་པའི་སྲོག་གི་ཡང་ཐིག་འདི༔ བཀང་སྲུང་རྡོ་རྗེ་ལེགས་པ་ཉིད་ལ་གཏད༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་བྱེད་པོ་གྱིས༔ དམ་ཉམས་ལག་ཏུ་མ་ཤོར་ཨ་ཐམ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་རིགས་སྲས་མཁྱེན་བརྩེའི་མྱུ་གུས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།}}
 
 
དྷྂ།༔  ན་མོ་གུ་རུ་བཛྲ་པཱ་ཎི་ཡེ༔ ({{TibChung|བརྡ་ཡིག་}})  སྣང་སྲིད་དབང་དུ་སྡུད་པ་ལ༔ དམིགས་པ་དང་ནི་རྫས་འཛོམས་པའི༔ གནད་ཀྱི་བསྲེག་བླུགས་ལ་བརྩོན་བྱ༔ ལོངས་སྤྱོད་མངའ་ཐང་རྒྱས་པའི་ཕྱིར༔ རྫས་དང་དམིགས་པ་བསྲེག་བླུགས་ཀྱི༔ གནད་གསུམ་ལྡན་པ་མཆོག་ཏུ་ཤིས༔ དང་པོ་དམིགས་པའི་རིམ་པ་ལ༔ གཞི་ནི་ལྟ་བའི་གདིང་ལྡན་ཏེ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྟེན་དང་བརྟེན་པའི་རོལ་པ་ཀུན༔ མ་ལུས་བསྡུས་ཏེ་ཡང་ཡང་བསྟིམ༔ དེ་དག་བཅུད་དུ་དྲིལ་བ་ཡི༔ ངོ་བོ་ནོར་བདག་རྒྱལ་པོ་ཉིད༔ བསྐྱེད་དེ་བརྟན་པ་ཐོབ་ནས་སླར༔ ཡ་གི་སྲིད་རྩེ་མན་ཆད་ནས༔ མ་ཀི་དམྱལ་ཁམས་ཡན་ཆད་ཀུན༔ གནོད་སྦྱིན་ནོར་བདག་རྒྱལ་པོ་ཡི༔ ཐུགས་ཀྱི་ཁྱབ་ཅིང་བརྡལ་བྱས་ཏེ༔ ཆོས་ཉིད་ཀློང་དུ་འུབ་ཆུབ་པའི༔ ལྟ་བསྒོམ་ཏིང་འཛིན་གསུམ་གྱི་གནད༔ དབང་སྡུད་མན་ངག་གུ་ཧྱ་རྒྱ༔ རྫས་ནི་འབྲུ་དྲུག་བཀྲ་ཤིས་རྫས༔ དཀར་གསུམ་མངར་གསུམ་འཚོགས་བྱས་ཏེ༔ མཚལ་དང་ལི་ཁྲི་སྐད་སྐག་འབྲི་མོག༔ དམར་པོ་ཚོས་ཀྱི་ཁུ་བ་བཏབ༔ ཨ་བར་སྐྱུར་གསུམ་རྩ་བ་ལྔ༔ དབང་ལག་དང་ནི་ཁུ་བས་བཏབ༔ འབུད་ཤིང་འོམ་བུ་དག་ལ་བྱ༔ དེ་དག་དབང་གི་རྫས་སུ་ལེགས༔ རྒྱས་པར་ཡུང་བ་སེར་པོ་དང་༔ ལྡོང་རོས་གུར་གུམ་ཁུ་བས་བཏབ༔ འབུད་ཤིང་ཤུག་པ་དག་ལ་བྱ༔ མེ་ཐབ་དབང་ལ་ཟླ་གམ་དང་༔ རྒྱས་པར་གྲུ་བཞིའི་ཚུལ་དུ་བརྩིགས༔ ཡང་ན་མེ་འབུད་ཙམ་གྱིས་ཆོག༔ དེ་དག་བཅའ་གཞིའི་རིམ་པའོ༔ དེ་ནས་སྔོན་འགྲོའི་རིམ་པ་ལ༔ དཀར་ཕྱོགས་སྐྱོང་ལ་དཀར་གཏོར་དང་༔ ནག་ཕྱོགས་རིགས་ལ་དམར་གཏོར་དང་༔ བགེགས་ལ་ཤ་ཆང་འབྲས་ཆན་དང་༔ ངར་མི་ཏིང་ལོ་ཞལ་ཟས་དང་༔ ལན་ཆགས་གཏོར་མ་བཏང་བྱས་ཏེ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ བགེགས་བསྐྲད་བྱ་བའི་རིམ་པ་ནི༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ལན་ཆགས་གཏོར་མ་འདི་ལོངས་ལ༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ རྡོ་རྗེ་ཐུན་མཚོན་འཕྲུལ་འཁོར་གྱིས༔ ལུས་ངག་རྡུལ་དུ་བརླག་འགྱུར་གྱི༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ སརྦ་བིགྷྣན་གཙྪ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་སོགས༔ ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ དེ་ནས་སྲུང་གུར་བསྒོམ་པ་ལ༔ ཧཱུྃ༔ རང་ཉིད་ཡེ་ཤེས་ཁྲོ་བོ་ཡི༔ ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་དང་༔ ཐུམ་མཚོན་མེ་རླུང་འཁྲུལ་འཁོར་གྱིས༔ བགེགས་རྣམས་རྒྱ་མཚོའི་ཕ་མཐར་བསྐྲད༔ ཚུར་འདུས་སྲུང་བའི་འཁོར་ལོ་ནི༔ རྡོ་རྗེ་རིན་ཆེན་པདྨ་དང་༔ རྒྱ་གྲམ་འཁོར་ལོ་མེ་རླུང་གི༔ སྲུང་བའི་འཁོར་ལོ་ལྷུན་གྱིས་གྲུབ༔ བཛྲ་རཏྣ་པདྨ་ཀརྨ་རཾ་ཡཾ་ཙཀྲ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དེ་དག་སྔོན་འགྲོའི་བྱ་བའོ༔ དེ་ནས་དངོས་གཞིའི་རིམ་པ་ལ༔ བསྲེག་རྫས་བྱིན་གྱིས་རླབས་པ་ནི༔ མཆོད་རྫས་རྣམས་ཆོས་ཉིད་སྟོང་པ་ཉིད་ཀྱི་དབྱིངས་སུ་ཞིག་སྟེ་འབྱམས་ཀླས་པར་གྱུར༔ ཨོཾ་སཱ་བྷཱ་ཝ་སོགས༔ སྟོང་པའི་དབྱིངས་ནས་བྷྲཱུྃཿལས་རིན་པོ་ཆེ་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཕྱི་འབྱུང་བ་ལྔ་ཡི་དྭངས་བཅུད་ནང་མཆོད་རྫས་བཤམས་པའི་ངོ་བོ་རྣམས་ཚུར་འདུས་འོད་ཕུང་དཀར་དམར་མཐིང་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ཅན་འོད་དུ་ལྟེམས་ཀྱིས་ཞུ་བ་ལས་ངོ་བོ་བདེ་སྟོང་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་བསྲེག་རྫས་སོ་སོའི་རྣམ་པར་འདོད་རྒུ་འཆར་བའི་བདག་ཉིད་ཅན་དུ་གྱུར༔ ན་མོ་རཏྣ་ཏྲ་ཡ་ཡ༔ ཨོཾ་ཡེ་དྷརྨ་སོགས་དང༔ ནམ་མཁའ་མཛོད་སྔགས་ལན་གསུམ་རེ་བརྗོད༔ དེ་ནས་མེ་སྦར་བ་ནི༔ ཧཱུྃ༔ རྒྱལ་ཀུན་གསུང་གསང་འདུས་པའི་དབྱིངས༔ ལྷུན་གྲུབ་བདེ་ཆེན་མེ་ཡི་ལྷ༔ ཡེ་ཤེས་ལྷ་མོ་གོས་དཀར་མོ༔ དམར་ནག་མེ་ཡི་ཕུང་པོ་ཅན༔ བདེ་དྲོད་འབར་བའི་ཆོ་འཕྲུལ་ལས༔ མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤེལ༔ སྤྲུལ་པའི་རོལ་གར་ལྷ་མོ་ནི༔ མེ་ལས་མེ་སྟག་འཕྲོ་བ་བཞིན༔ དབང་པོ་ལྔ་ཡི་སྤྱོད་ཡུལ་དུ༔ འདོད་ཡོན་རྒྱན་གྱི་འཁོར་ལོ་འཕྲུལ༔ ཨོཾ་པདྨ་ཌཱ་ཀི་ནཱི་རཾ་སྥ་ར་ཎ་ཨཱཿདེ་ནས་རྟེན་དང་བརྟེན་པ་བསྐྱེད་པ་ལ༔ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་སྐུ་གསུམ་ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས་ཏེ་མདུན་མཁར་བབས་པ་ལས་རང་གི་ཐུགས་ཀའི་ཧཱུྃ་གཅིག་སྤྲོས་པ་དང་གཉིས་མེད་དུ་གྱུར༔ དེ་ལས་འོད་འཕྲོས་རིན་པོ་ཆེ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་འོད་དང་མེ་དཔུང་འབར་བའི་དབུས་སུ་རིན་པོ་ཆེ་ནོར་བུ་བརྩེགས་པའི་ཁྲི་ཡི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ་ཧཱུྃ་ཡིག་བབས་ཏེ་ཧཱུྃ་ཡོངས་གྱུར་པ་ལས༔ ཨ་པར་ཙིཏྟ་ནོར་བདག་ཆེན་པོ་སོགས་གཞུང་ལྟར་ལ༔ དེ་ལྟར་ནོར་བདག་ཨ་པར་དཀར་པོ་ནོར་ལྷ་ཡོངས་འདུས་ཀྱི་བདག་ཉིད་ཆེན་པོ་རུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཙིཏྟ་ཧཱུྃ་མཐིང་ནག་ཏུ་བསྒོམ༔ དེ་དག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་ནས་གནོད་སྦྱིན་ནོར་གྱི་བདག་པོ་གནོད་སྦྱིན་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་དང་བཅས་པ་ཐམས་ཅད་དང་༔ ནུབ་ཕྱོགས་ཧེ་ཆེན་བརྡལ་བའི་དུར་ཁྲོད་ལ་སོགས་པའི་གནས་ཡུལ་དུར་ཁྲོད་ཀུན་ནས་གནོད་སྦྱིན་ཤན་པ་དམར་པོ་འཁོར་དང་བཅས་པ་ཨ་པར་ཙིཏྟའི་སྐུར་བཞེངས་ཏེ་བསྐྱེད་པའི་ལྷ་ལ་སིབ་སིབ་ཐིམ་པར་བསྒོམ༔ དེ་ནས་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་རྣམས་རྫོགས་པར་བྱས་ནས༔ བྱོན་སྐྱེམས་ཕུལ་བ་ལ༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་བྱོན་ཚུར་བྱོན་ནོར་གྱི་བདག༔ འབར་བ་མེ་ཡི་གདན་ལ་བཞུགས༔ བདུད་རྩི་སྐྱེམས་ཀྱི་མཆོད་པ་འདི༔ བཞེས་ནས་ཁམས་གསུམ་སྲིད་གསུམ་གྱི༔ འདོད་རྒུའི་དཔལ་ཡོན་དབང་དུ་བསྡུས༔ བདག་གི་དབང་དུ་འབྱོར་བར་མཛོད༔ ཨེ་ཧེ་རྨ་རུ་ཙེ་ཙིཏྟ་ཡཀྴ་ཧཱུྃ༔ ཨ་མྲྀ་ཏ་ཁཱ་ཧི༔ ཞེས་ལན་བདུན་གྱིས་མར་ཁུ་ཕུལ༔ དེ་ནས་མཆོད་འབུལ་ལས་གཞུང་ལྟར༔ བསྟོད་པའི་འཇུག་ཏུ་རྫས་རྣམས་ཕུལ་བ་ལ༔ ཧོཿ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་ཨ་པ་ར༔ གནོད་སྦྱིན་ཡོངས་ཀྱི་དེད་དཔོན་མཆོག༔ གནོད་སྦྱིན་སྡེ་ཚོགས་དང་བཅས་པས༔ སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང་༔ འདོད་རྒུའི་དཔལ་གྱི་དངོས་གྲུབ་སྩོལ༔ ཨེ་ཧེ་རྨ་རུ་ཙེ་ཨ་པ་ར་ཙིཏྟ་ཡཀྴ་ཧཱུྃ༔ སརྦ་རཏྣ་བ་སུ་ཨ་ནྲྀ་ཏྲི་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བརྒྱའམ་གང་འཚམས་ཕུལ་ནས༔ ཧོཿ གནོད་སྦྱིན་ནོར་གྱི་བདག་པོ་ཨ་པར་ཙིཏྟ་ཛམ་ལྷ་རིགས་ལྔ་འཁོར་དང་བཅས་པ་ཐམས་ཅད་ཀྱི་བདུད་རྩི་བསྲེག་བླུག་གི་མཆོད་པ་རྒྱ་ཆེན་པོ་འདི་བཞེས་ལ་ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བུ་སློབ་ལྷ་འདྲེ་མི་གསུམ་འགྲོ་བ་ཕོ་མོ་ཟས་ནོར་ལོངས་སྤྱོད་རྟ་ལུག་གནག་ཕྱུགས་སྣ་ཚོགས་པ་ཐམས་ཅད་བདག་གིས་དབང་དུ་བསྡུས་ཏེ་ལོངས་སྤྱོད་དུ་དབང་འབྱོར་བའི་ཕྲིན་ལས་དམ་པར་མཛད་དུ་གསོལ༔ རྒྱས་པ་ལ༔ བདག་ཅག་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་སྙན་གྲགས་འདོད་རྒུའི་དཔལ་ཡོན་ཐམས་ཅད་རབ་ཏུ་འཕེལ་ཞིང་རྒྱས་ཏེ་ནུབ་པ་མེད་པར་བརྟན་ཞིང་གནས་པའི་ཕྲིན་ལས་མཛོད་ཅིག༔ དེ་བཞིན་རང་སྔགས་ཀྱིས་གྲངས་མང་དུ་ཕུལ༔ མཐར་རྣམ་ལྔ་གཟུགས་སྒྲ་སྨན་གཏོར་རཀྟ་དང་བཅས་པ་ཕུལ༔ དེ་རྗེས་གཤེགས་སྐྱེམས་ཕུལ་བ་ལ་གོང་གི་བྱོན་སྐྱེམས་ཀྱི་སྔགས་བརྗོད་ཅིང་ལན་བདུན་གྱིས་མར་ཁུ་ཕུལ་ཏེ་བསྟོད་པ་བྱ༔ དེ་ནས་དངོས་གྲུབ་བླང་བ་ལ༔ ཧོཿ ནོར་བདག་རྒྱལ་པོ་ཨ་པ་ར༔ ཛམ་ལྷ་རིགས་ལྔ་ཡབ་ཡུམ་འཁོར༔ མ་ལུས་བདག་ལ་དགོངས་སུ་གསོལ༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ འདོད་རྒུའི་དཔལ་གྱི་དངོས་གྲུབ་སྩོལ༔ སརྦ་རཏྣ་བ་སུ་སིདྡྷི་ཕ་ལ་ཧོཿ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿ རྒྱལ་བ་ཀུན་འདུས་ངོ་བོ་ཉིད༔ ནོར་གྱི་བདག་པོ་དགོངས་སུ་གསོལ༔ བདག་གི་མ་འབྱོར་མ་རྙེད་ཅིང་༔ སེར་སྣའི་དབང་གྱུར་ཉེས་བྱས་སོགས༔ ཐུགས་དང་འགལ་བ་ཅི་མཆིས་པ༔ བཤགས་སོ་དག་ཅིང་ཚངས་པར་སྩོལ༔ ཅེས་འབྲུ་སྣ་གཏོར་ཞིང་ཡི་གེ་བརྒྱ་པ་བརྗོད༔ དེ་ནས་གཤེགས་གསོལ་བྱ་བ་ལ༔ ཧོཿ ཡེ་ཤེས་དབྱིངས་ལས་དྲངས་པའི་ལྷ༔ རང་བཞིན་གནས་སུ་གཤེགས་སུ་གསོལ༔ རང་བཞིན་གནས་སུ་གཤེགས་ནས་ཀྱང་༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱི༔ འདོད་པའི་དོན་རྣམས་མ་ལུས་པ༔ རྟག་ཏུ་སྤེལ་བའི་བྱེད་པོ་མཛོད༔ བཛྲ་མུཿདམ་ཚིག་པ་ཉིད་རང་ལ་བསྡུས༔ གཏེར་བདག་འཁོར་དང་བཅས་པ་ཡི༔ བསོད་ནམས་ལོངས་སྤྱོད་ཡོན་ཏན་གཏེར༔ མི་ཟད་མཛོད་ཀྱི་འཁོར་ལོ་ཀུན༔ མ་ལུས་བདག་ལ་རྫོགས་པར་བསམ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཅེས་ཁྲོ་བོ་བགེགས་མཐར་བྱེད་ཀྱི་བྱིན་གྱིས་རླབས་ནས་སྦྱིན་སྲེག་ཟ་བའི་བགེགས་རྣམས་གཞོམ་པའི་ནུས་པ་དང་ལྡན་པར་བསམ༔ དེ་ནས་བཀྲ་ཤིས་བྱ་བ་ལ༔ ཧཱུྃ༔ དབང་གི་ཕྲིན་ལས་བསྒྲུབ་པའི་གཞལ་ཡས་འདིར༔ དུས་གསུམ་རྒྱལ་བའི་ཕྲིན་ལས་དཔལ་འབར་གྱིས༔ ཁམས་གསུམ་སྲིད་གསུམ་མ་ལུས་དབང་སྡུད་ཅིང་༔ བསམ་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ རྒྱས་པ་ལ༔ ཧཱུྃ༔ རྒྱས་པའི་ཕྲིན་ལས་བསྒྲུབ་པའི་གཞལ་ཡས་འདིར༔ རིག་འཛིན་བླ་མའི་མཐུ་སྟོབས་དཔལ་འབར་བས༔ ཚེ་བསོད་དཔལ་འབྱོར་མངའ་ཐང་རྒྱས་མཛད་པས༔ འདོད་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ ས་མ་ཡ༔ དེ་ལྟར་བསྲེག་བླུགས་འདི་ལ་བརྩོན་པའི་ཚེ༔ བསྲེག་རྫས་བདེ་སྟོང་བདུད་རྩིའི་ངོ་བོ་རུ༔ དམིགས་ནས་གཏེར་བདག་རྒྱལ་པོ་འཁོར་བཅས་ཀྱི༔ ཞལ་དུ་བསྟབས་ཏེ་བདེ་སྟོང་ཟག་མེད་ཀྱིས༔ རོ་མྱོང་འཁོར་འདས་དབང་སྡུད་མཐུ་ཐོབ་ཅིང་༔ འོད་ཕུང་དམར་པོ་ལྕགས་ཀྱུ་ཞགས་པའི་དབྱིབས༔ དཔག་མེད་འཕྲོས་པས་གཟུགས་ཅན་གཟུགས་མེད་པའི༔ སྐྱེ་འགྲོ་ཕོ་མོ་ཀུན་གྱི་བློ་ཡིད་འཕྲོག༔ ཤ་རུལ་དག་ལ་སྦྲང་མ་འདུ་བ་བཞིན༔ རང་དབང་མེད་པར་དབང་དུ་བསྡུས་ནས་སུ༔ བྲན་དུ་ཁས་བླངས་དམ་བཅའ་མནའ་བོར་ཏེ༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་དཔལ་ཡོན་གྱི༔ ཆར་ཕབ་གནས་ཡུལ་ཐོ་ཕྱི་ཐམས་ཅད་ཀུན༔ མེར་མེར་ཏིང་ཏིང་གང་བར་ཡང་ཡང་བསྒོམ༔ ཆུ་ཡི་གཟའ་སྐར་གཟུགས་བརྙན་ཐམས་ཅད་ཀུན༔ ཆུ་ཉིད་ལ་ནི་དུ་མ་རོ་གཅིག་བཞིན༔ ཤེས་པས་འཁོར་འདས་ཐམས་ཅད་དབང་སྡུད་འགྱུར༔ དེ་ལྟར་རྒྱུན་དུ་བསྲེག་བླུགས་ལ་བརྩོན་པས༔ འཁོར་འདས་དབང་སྡུད་མངའ་ཐང་རྒྱལ་པོར་མཉམ༔ རྡོ་རྗེ་འཛིན་པའི་སྲོག་གི་ཡང་ཐིག་འདི༔ བཀང་སྲུང་རྡོ་རྗེ་ལེགས་པ་ཉིད་ལ་གཏད༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་བྱེད་པོ་གྱིས༔ དམ་ཉམས་ལག་ཏུ་མ་ཤོར་ཨ་ཐམ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་རིགས་སྲས་མཁྱེན་བརྩེའི་མྱུ་གུས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 09:31, 4 September 2025

Wylie title chos nyid nam mkha'i klong mdzod las: nor bdag a par dkar po'i cha lag me mchod 'dod 'jo'i bum bzang: TTDL-ZABTER-13-PA-043.pdf
Location bdud 'joms gling pa zab gter
Volume 13, Text 43, Pages 157-166 (Folios 1a1 to 5b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las nor bdag a par dkar po'i cha lag med mchod 'dod 'jo'i bum bzang. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 157-166. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: me mchod   Verso: bdud 'joms srung ma a par tsit+ta
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Fire Offerings - sbyin sreg
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Colophon

ཞེས་པ་འདི་ཡང་རིགས་སྲས་མཁྱེན་བརྩེའི་མྱུ་གུས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang rigs sras mkhyen brtse'i myu gus nan du bskul ngor khrag 'thung bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'o/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
དྷྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ནོར་བདག་ཨ་པར་དཀར་པོའི་ཆ་ལག་མེ་མཆོད་འདོད་འཇོའི་བུམ་བཟང་ཞེས་བྱ་བ་བཞུགས་སོ༔


དྷྂ།༔ ན་མོ་གུ་རུ་བཛྲ་པཱ་ཎི་ཡེ༔ (བརྡ་ཡིག་) སྣང་སྲིད་དབང་དུ་སྡུད་པ་ལ༔ དམིགས་པ་དང་ནི་རྫས་འཛོམས་པའི༔ གནད་ཀྱི་བསྲེག་བླུགས་ལ་བརྩོན་བྱ༔ ལོངས་སྤྱོད་མངའ་ཐང་རྒྱས་པའི་ཕྱིར༔ རྫས་དང་དམིགས་པ་བསྲེག་བླུགས་ཀྱི༔ གནད་གསུམ་ལྡན་པ་མཆོག་ཏུ་ཤིས༔ དང་པོ་དམིགས་པའི་རིམ་པ་ལ༔ གཞི་ནི་ལྟ་བའི་གདིང་ལྡན་ཏེ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྟེན་དང་བརྟེན་པའི་རོལ་པ་ཀུན༔ མ་ལུས་བསྡུས་ཏེ་ཡང་ཡང་བསྟིམ༔ དེ་དག་བཅུད་དུ་དྲིལ་བ་ཡི༔ ངོ་བོ་ནོར་བདག་རྒྱལ་པོ་ཉིད༔ བསྐྱེད་དེ་བརྟན་པ་ཐོབ་ནས་སླར༔ ཡ་གི་སྲིད་རྩེ་མན་ཆད་ནས༔ མ་ཀི་དམྱལ་ཁམས་ཡན་ཆད་ཀུན༔ གནོད་སྦྱིན་ནོར་བདག་རྒྱལ་པོ་ཡི༔ ཐུགས་ཀྱི་ཁྱབ་ཅིང་བརྡལ་བྱས་ཏེ༔ ཆོས་ཉིད་ཀློང་དུ་འུབ་ཆུབ་པའི༔ ལྟ་བསྒོམ་ཏིང་འཛིན་གསུམ་གྱི་གནད༔ དབང་སྡུད་མན་ངག་གུ་ཧྱ་རྒྱ༔ རྫས་ནི་འབྲུ་དྲུག་བཀྲ་ཤིས་རྫས༔ དཀར་གསུམ་མངར་གསུམ་འཚོགས་བྱས་ཏེ༔ མཚལ་དང་ལི་ཁྲི་སྐད་སྐག་འབྲི་མོག༔ དམར་པོ་ཚོས་ཀྱི་ཁུ་བ་བཏབ༔ ཨ་བར་སྐྱུར་གསུམ་རྩ་བ་ལྔ༔ དབང་ལག་དང་ནི་ཁུ་བས་བཏབ༔ འབུད་ཤིང་འོམ་བུ་དག་ལ་བྱ༔ དེ་དག་དབང་གི་རྫས་སུ་ལེགས༔ རྒྱས་པར་ཡུང་བ་སེར་པོ་དང་༔ ལྡོང་རོས་གུར་གུམ་ཁུ་བས་བཏབ༔ འབུད་ཤིང་ཤུག་པ་དག་ལ་བྱ༔ མེ་ཐབ་དབང་ལ་ཟླ་གམ་དང་༔ རྒྱས་པར་གྲུ་བཞིའི་ཚུལ་དུ་བརྩིགས༔ ཡང་ན་མེ་འབུད་ཙམ་གྱིས་ཆོག༔ དེ་དག་བཅའ་གཞིའི་རིམ་པའོ༔ དེ་ནས་སྔོན་འགྲོའི་རིམ་པ་ལ༔ དཀར་ཕྱོགས་སྐྱོང་ལ་དཀར་གཏོར་དང་༔ ནག་ཕྱོགས་རིགས་ལ་དམར་གཏོར་དང་༔ བགེགས་ལ་ཤ་ཆང་འབྲས་ཆན་དང་༔ ངར་མི་ཏིང་ལོ་ཞལ་ཟས་དང་༔ ལན་ཆགས་གཏོར་མ་བཏང་བྱས་ཏེ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ བགེགས་བསྐྲད་བྱ་བའི་རིམ་པ་ནི༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ལན་ཆགས་གཏོར་མ་འདི་ལོངས་ལ༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ རྡོ་རྗེ་ཐུན་མཚོན་འཕྲུལ་འཁོར་གྱིས༔ ལུས་ངག་རྡུལ་དུ་བརླག་འགྱུར་གྱི༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ སརྦ་བིགྷྣན་གཙྪ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་སོགས༔ ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ དེ་ནས་སྲུང་གུར་བསྒོམ་པ་ལ༔ ཧཱུྃ༔ རང་ཉིད་ཡེ་ཤེས་ཁྲོ་བོ་ཡི༔ ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་དང་༔ ཐུམ་མཚོན་མེ་རླུང་འཁྲུལ་འཁོར་གྱིས༔ བགེགས་རྣམས་རྒྱ་མཚོའི་ཕ་མཐར་བསྐྲད༔ ཚུར་འདུས་སྲུང་བའི་འཁོར་ལོ་ནི༔ རྡོ་རྗེ་རིན་ཆེན་པདྨ་དང་༔ རྒྱ་གྲམ་འཁོར་ལོ་མེ་རླུང་གི༔ སྲུང་བའི་འཁོར་ལོ་ལྷུན་གྱིས་གྲུབ༔ བཛྲ་རཏྣ་པདྨ་ཀརྨ་རཾ་ཡཾ་ཙཀྲ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དེ་དག་སྔོན་འགྲོའི་བྱ་བའོ༔ དེ་ནས་དངོས་གཞིའི་རིམ་པ་ལ༔ བསྲེག་རྫས་བྱིན་གྱིས་རླབས་པ་ནི༔ མཆོད་རྫས་རྣམས་ཆོས་ཉིད་སྟོང་པ་ཉིད་ཀྱི་དབྱིངས་སུ་ཞིག་སྟེ་འབྱམས་ཀླས་པར་གྱུར༔ ཨོཾ་སཱ་བྷཱ་ཝ་སོགས༔ སྟོང་པའི་དབྱིངས་ནས་བྷྲཱུྃཿལས་རིན་པོ་ཆེ་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཕྱི་འབྱུང་བ་ལྔ་ཡི་དྭངས་བཅུད་ནང་མཆོད་རྫས་བཤམས་པའི་ངོ་བོ་རྣམས་ཚུར་འདུས་འོད་ཕུང་དཀར་དམར་མཐིང་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ཅན་འོད་དུ་ལྟེམས་ཀྱིས་ཞུ་བ་ལས་ངོ་བོ་བདེ་སྟོང་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་བསྲེག་རྫས་སོ་སོའི་རྣམ་པར་འདོད་རྒུ་འཆར་བའི་བདག་ཉིད་ཅན་དུ་གྱུར༔ ན་མོ་རཏྣ་ཏྲ་ཡ་ཡ༔ ཨོཾ་ཡེ་དྷརྨ་སོགས་དང༔ ནམ་མཁའ་མཛོད་སྔགས་ལན་གསུམ་རེ་བརྗོད༔ དེ་ནས་མེ་སྦར་བ་ནི༔ ཧཱུྃ༔ རྒྱལ་ཀུན་གསུང་གསང་འདུས་པའི་དབྱིངས༔ ལྷུན་གྲུབ་བདེ་ཆེན་མེ་ཡི་ལྷ༔ ཡེ་ཤེས་ལྷ་མོ་གོས་དཀར་མོ༔ དམར་ནག་མེ་ཡི་ཕུང་པོ་ཅན༔ བདེ་དྲོད་འབར་བའི་ཆོ་འཕྲུལ་ལས༔ མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤེལ༔ སྤྲུལ་པའི་རོལ་གར་ལྷ་མོ་ནི༔ མེ་ལས་མེ་སྟག་འཕྲོ་བ་བཞིན༔ དབང་པོ་ལྔ་ཡི་སྤྱོད་ཡུལ་དུ༔ འདོད་ཡོན་རྒྱན་གྱི་འཁོར་ལོ་འཕྲུལ༔ ཨོཾ་པདྨ་ཌཱ་ཀི་ནཱི་རཾ་སྥ་ར་ཎ་ཨཱཿདེ་ནས་རྟེན་དང་བརྟེན་པ་བསྐྱེད་པ་ལ༔ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་སྐུ་གསུམ་ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས་ཏེ་མདུན་མཁར་བབས་པ་ལས་རང་གི་ཐུགས་ཀའི་ཧཱུྃ་གཅིག་སྤྲོས་པ་དང་གཉིས་མེད་དུ་གྱུར༔ དེ་ལས་འོད་འཕྲོས་རིན་པོ་ཆེ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་འོད་དང་མེ་དཔུང་འབར་བའི་དབུས་སུ་རིན་པོ་ཆེ་ནོར་བུ་བརྩེགས་པའི་ཁྲི་ཡི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ་ཧཱུྃ་ཡིག་བབས་ཏེ་ཧཱུྃ་ཡོངས་གྱུར་པ་ལས༔ ཨ་པར་ཙིཏྟ་ནོར་བདག་ཆེན་པོ་སོགས་གཞུང་ལྟར་ལ༔ དེ་ལྟར་ནོར་བདག་ཨ་པར་དཀར་པོ་ནོར་ལྷ་ཡོངས་འདུས་ཀྱི་བདག་ཉིད་ཆེན་པོ་རུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཙིཏྟ་ཧཱུྃ་མཐིང་ནག་ཏུ་བསྒོམ༔ དེ་དག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་ནས་གནོད་སྦྱིན་ནོར་གྱི་བདག་པོ་གནོད་སྦྱིན་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་དང་བཅས་པ་ཐམས་ཅད་དང་༔ ནུབ་ཕྱོགས་ཧེ་ཆེན་བརྡལ་བའི་དུར་ཁྲོད་ལ་སོགས་པའི་གནས་ཡུལ་དུར་ཁྲོད་ཀུན་ནས་གནོད་སྦྱིན་ཤན་པ་དམར་པོ་འཁོར་དང་བཅས་པ་ཨ་པར་ཙིཏྟའི་སྐུར་བཞེངས་ཏེ་བསྐྱེད་པའི་ལྷ་ལ་སིབ་སིབ་ཐིམ་པར་བསྒོམ༔ དེ་ནས་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་རྣམས་རྫོགས་པར་བྱས་ནས༔ བྱོན་སྐྱེམས་ཕུལ་བ་ལ༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་བྱོན་ཚུར་བྱོན་ནོར་གྱི་བདག༔ འབར་བ་མེ་ཡི་གདན་ལ་བཞུགས༔ བདུད་རྩི་སྐྱེམས་ཀྱི་མཆོད་པ་འདི༔ བཞེས་ནས་ཁམས་གསུམ་སྲིད་གསུམ་གྱི༔ འདོད་རྒུའི་དཔལ་ཡོན་དབང་དུ་བསྡུས༔ བདག་གི་དབང་དུ་འབྱོར་བར་མཛོད༔ ཨེ་ཧེ་རྨ་རུ་ཙེ་ཙིཏྟ་ཡཀྴ་ཧཱུྃ༔ ཨ་མྲྀ་ཏ་ཁཱ་ཧི༔ ཞེས་ལན་བདུན་གྱིས་མར་ཁུ་ཕུལ༔ དེ་ནས་མཆོད་འབུལ་ལས་གཞུང་ལྟར༔ བསྟོད་པའི་འཇུག་ཏུ་རྫས་རྣམས་ཕུལ་བ་ལ༔ ཧོཿ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་ཨ་པ་ར༔ གནོད་སྦྱིན་ཡོངས་ཀྱི་དེད་དཔོན་མཆོག༔ གནོད་སྦྱིན་སྡེ་ཚོགས་དང་བཅས་པས༔ སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང་༔ འདོད་རྒུའི་དཔལ་གྱི་དངོས་གྲུབ་སྩོལ༔ ཨེ་ཧེ་རྨ་རུ་ཙེ་ཨ་པ་ར་ཙིཏྟ་ཡཀྴ་ཧཱུྃ༔ སརྦ་རཏྣ་བ་སུ་ཨ་ནྲྀ་ཏྲི་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བརྒྱའམ་གང་འཚམས་ཕུལ་ནས༔ ཧོཿ གནོད་སྦྱིན་ནོར་གྱི་བདག་པོ་ཨ་པར་ཙིཏྟ་ཛམ་ལྷ་རིགས་ལྔ་འཁོར་དང་བཅས་པ་ཐམས་ཅད་ཀྱི་བདུད་རྩི་བསྲེག་བླུག་གི་མཆོད་པ་རྒྱ་ཆེན་པོ་འདི་བཞེས་ལ་ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བུ་སློབ་ལྷ་འདྲེ་མི་གསུམ་འགྲོ་བ་ཕོ་མོ་ཟས་ནོར་ལོངས་སྤྱོད་རྟ་ལུག་གནག་ཕྱུགས་སྣ་ཚོགས་པ་ཐམས་ཅད་བདག་གིས་དབང་དུ་བསྡུས་ཏེ་ལོངས་སྤྱོད་དུ་དབང་འབྱོར་བའི་ཕྲིན་ལས་དམ་པར་མཛད་དུ་གསོལ༔ རྒྱས་པ་ལ༔ བདག་ཅག་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་སྙན་གྲགས་འདོད་རྒུའི་དཔལ་ཡོན་ཐམས་ཅད་རབ་ཏུ་འཕེལ་ཞིང་རྒྱས་ཏེ་ནུབ་པ་མེད་པར་བརྟན་ཞིང་གནས་པའི་ཕྲིན་ལས་མཛོད་ཅིག༔ དེ་བཞིན་རང་སྔགས་ཀྱིས་གྲངས་མང་དུ་ཕུལ༔ མཐར་རྣམ་ལྔ་གཟུགས་སྒྲ་སྨན་གཏོར་རཀྟ་དང་བཅས་པ་ཕུལ༔ དེ་རྗེས་གཤེགས་སྐྱེམས་ཕུལ་བ་ལ་གོང་གི་བྱོན་སྐྱེམས་ཀྱི་སྔགས་བརྗོད་ཅིང་ལན་བདུན་གྱིས་མར་ཁུ་ཕུལ་ཏེ་བསྟོད་པ་བྱ༔ དེ་ནས་དངོས་གྲུབ་བླང་བ་ལ༔ ཧོཿ ནོར་བདག་རྒྱལ་པོ་ཨ་པ་ར༔ ཛམ་ལྷ་རིགས་ལྔ་ཡབ་ཡུམ་འཁོར༔ མ་ལུས་བདག་ལ་དགོངས་སུ་གསོལ༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ འདོད་རྒུའི་དཔལ་གྱི་དངོས་གྲུབ་སྩོལ༔ སརྦ་རཏྣ་བ་སུ་སིདྡྷི་ཕ་ལ་ཧོཿ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿ རྒྱལ་བ་ཀུན་འདུས་ངོ་བོ་ཉིད༔ ནོར་གྱི་བདག་པོ་དགོངས་སུ་གསོལ༔ བདག་གི་མ་འབྱོར་མ་རྙེད་ཅིང་༔ སེར་སྣའི་དབང་གྱུར་ཉེས་བྱས་སོགས༔ ཐུགས་དང་འགལ་བ་ཅི་མཆིས་པ༔ བཤགས་སོ་དག་ཅིང་ཚངས་པར་སྩོལ༔ ཅེས་འབྲུ་སྣ་གཏོར་ཞིང་ཡི་གེ་བརྒྱ་པ་བརྗོད༔ དེ་ནས་གཤེགས་གསོལ་བྱ་བ་ལ༔ ཧོཿ ཡེ་ཤེས་དབྱིངས་ལས་དྲངས་པའི་ལྷ༔ རང་བཞིན་གནས་སུ་གཤེགས་སུ་གསོལ༔ རང་བཞིན་གནས་སུ་གཤེགས་ནས་ཀྱང་༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱི༔ འདོད་པའི་དོན་རྣམས་མ་ལུས་པ༔ རྟག་ཏུ་སྤེལ་བའི་བྱེད་པོ་མཛོད༔ བཛྲ་མུཿདམ་ཚིག་པ་ཉིད་རང་ལ་བསྡུས༔ གཏེར་བདག་འཁོར་དང་བཅས་པ་ཡི༔ བསོད་ནམས་ལོངས་སྤྱོད་ཡོན་ཏན་གཏེར༔ མི་ཟད་མཛོད་ཀྱི་འཁོར་ལོ་ཀུན༔ མ་ལུས་བདག་ལ་རྫོགས་པར་བསམ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཅེས་ཁྲོ་བོ་བགེགས་མཐར་བྱེད་ཀྱི་བྱིན་གྱིས་རླབས་ནས་སྦྱིན་སྲེག་ཟ་བའི་བགེགས་རྣམས་གཞོམ་པའི་ནུས་པ་དང་ལྡན་པར་བསམ༔ དེ་ནས་བཀྲ་ཤིས་བྱ་བ་ལ༔ ཧཱུྃ༔ དབང་གི་ཕྲིན་ལས་བསྒྲུབ་པའི་གཞལ་ཡས་འདིར༔ དུས་གསུམ་རྒྱལ་བའི་ཕྲིན་ལས་དཔལ་འབར་གྱིས༔ ཁམས་གསུམ་སྲིད་གསུམ་མ་ལུས་དབང་སྡུད་ཅིང་༔ བསམ་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ རྒྱས་པ་ལ༔ ཧཱུྃ༔ རྒྱས་པའི་ཕྲིན་ལས་བསྒྲུབ་པའི་གཞལ་ཡས་འདིར༔ རིག་འཛིན་བླ་མའི་མཐུ་སྟོབས་དཔལ་འབར་བས༔ ཚེ་བསོད་དཔལ་འབྱོར་མངའ་ཐང་རྒྱས་མཛད་པས༔ འདོད་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ ས་མ་ཡ༔ དེ་ལྟར་བསྲེག་བླུགས་འདི་ལ་བརྩོན་པའི་ཚེ༔ བསྲེག་རྫས་བདེ་སྟོང་བདུད་རྩིའི་ངོ་བོ་རུ༔ དམིགས་ནས་གཏེར་བདག་རྒྱལ་པོ་འཁོར་བཅས་ཀྱི༔ ཞལ་དུ་བསྟབས་ཏེ་བདེ་སྟོང་ཟག་མེད་ཀྱིས༔ རོ་མྱོང་འཁོར་འདས་དབང་སྡུད་མཐུ་ཐོབ་ཅིང་༔ འོད་ཕུང་དམར་པོ་ལྕགས་ཀྱུ་ཞགས་པའི་དབྱིབས༔ དཔག་མེད་འཕྲོས་པས་གཟུགས་ཅན་གཟུགས་མེད་པའི༔ སྐྱེ་འགྲོ་ཕོ་མོ་ཀུན་གྱི་བློ་ཡིད་འཕྲོག༔ ཤ་རུལ་དག་ལ་སྦྲང་མ་འདུ་བ་བཞིན༔ རང་དབང་མེད་པར་དབང་དུ་བསྡུས་ནས་སུ༔ བྲན་དུ་ཁས་བླངས་དམ་བཅའ་མནའ་བོར་ཏེ༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་དཔལ་ཡོན་གྱི༔ ཆར་ཕབ་གནས་ཡུལ་ཐོ་ཕྱི་ཐམས་ཅད་ཀུན༔ མེར་མེར་ཏིང་ཏིང་གང་བར་ཡང་ཡང་བསྒོམ༔ ཆུ་ཡི་གཟའ་སྐར་གཟུགས་བརྙན་ཐམས་ཅད་ཀུན༔ ཆུ་ཉིད་ལ་ནི་དུ་མ་རོ་གཅིག་བཞིན༔ ཤེས་པས་འཁོར་འདས་ཐམས་ཅད་དབང་སྡུད་འགྱུར༔ དེ་ལྟར་རྒྱུན་དུ་བསྲེག་བླུགས་ལ་བརྩོན་པས༔ འཁོར་འདས་དབང་སྡུད་མངའ་ཐང་རྒྱལ་པོར་མཉམ༔ རྡོ་རྗེ་འཛིན་པའི་སྲོག་གི་ཡང་ཐིག་འདི༔ བཀང་སྲུང་རྡོ་རྗེ་ལེགས་པ་ཉིད་ལ་གཏད༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་བྱེད་པོ་གྱིས༔ དམ་ཉམས་ལག་ཏུ་མ་ཤོར་ཨ་ཐམ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་རིགས་སྲས་མཁྱེན་བརྩེའི་མྱུ་གུས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།